དབྱར་གཞུང་གི་དུས་ཚིགས་འདིར། 

མདོ་ལ་རིང་མོའི་ལྷོ་ངོས་ནས་བྱུང་བའི་སྟོང་སོ་ཆུང་བའི་ཆུ་སྔོ་ལྟེམ་མེར་གནས།

དུས་རབས20པའི་ལོ་རབས70པ་ནས་གཏེར་ཁ་སྔོག་འདོན་བྱེད་མགོ་བརྩམས་པའི་སྟོང་སོ་ཆུང་བའི་བེད་མེད་རྡོ་བལ་གཏེར་ཁ་ནི་བདག་པོ་མེད་པའི་གཏེར་རི་ཞིག་ཡིན་ཞིང་། རྒྱུན་སྲོལ་ལྟར་རང་བྱུང་ཐོན་ཁུངས་སྡེ་ཁག་གིས་བཅོས་སྐྱོང་བྱེད་དགོས་ལ། གཏེར་སྙིགས་སྤུངས་པའི་སྟོང་སོ་ཆུང་བའི་ཆུ་ཡི་སྐྱེ་ཁམས་བཅོས་སྐྱོང་དེ་ཆུ་བེད་སྡེ་ཁག་གི་ཁོངས་སུ་བསྒྲིལ་ཞིང་། ཉེ་འཁོར་གྱི་རྩྭ་ས་སླར་གསོ་དེ་ནགས་ཚལ་རྩྭ་ཐང་སྡེ་ཁག་ལ་གཏོགས་པར་བྱས།

2017ལོར། མདོ་ལ་རིང་མོའི་མཚོ་སྔོན་ས་ཁུལ་དེ་རྒྱལ་ཁབ་ཀྱི་སྐོར་ཐེངས་དང་པོའི་རི་ཆུ་ནགས་ཞིང་མཚེའུ་ཡི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་ཚོད་ལྟ་ཁུལ་གྱི་ཁྲོད་དུ་བཞག སྔོན་ཆད་སོ་སོར་སྡེ་ཁག་མི་འདྲ་བ་ལ་གཏོགས་པའི་སྐྱེ་ཁམས་སླར་གསོའི་ལས་གཞི་དེ། ལས་རིགས་ཚད་གཞི་དང་སྡེ་ཁག་མཉམ་སྒྲུབ་བྱས་པ་བརྒྱུད། སྟོང་སོ་ཆུང་བའི་གཏེར་སྙིགས་རྡོ་བལ་གཏེར་ཁའི་ལས་གཞིའི་ཐད་གཅིག་གྱུར་འཆར་འགོད་དང་། ཨར་ལས། རྩིས་ལེན་བཅས་བྱས་ཏེ། ཕུང་གཅིག་ཅན་གྱི་སླར་གསོ་མངོན་འགྱུར་བྱུང་།

དེང་སྐབས། སྟོང་སོ་ཆུང་བའི་གཏེར་སྙིགས་རྡོ་བལ་གཏེར་ཁ་འཐུས་ཚབ་ཡིན་པའི་མདོ་ལ་རིང་མོའི་ས་ཁུལ་དུ་བེད་མེད་དུ་བསྐྱུར་བའི་གཏེར་རི་མང་པོ་ཞིག་སྔ་མོ་ནས་ལྗང་མདོག་ཏུ་བསྒྱུར་ཟིན་ལ། ཆུ་བོ་སྔོ་ལྟེམ་ལྟེམ་གྱིས་ས་དེའི་སྐྱེ་ཁམས་ཁོར་ཡུག་ལ་ལེགས་བཅོས་ཆེན་པོ་བྱུང་ཡོད། །


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号