མཚོ་བྱང་ཁུལ་གྱི་ཚན་ཁག་ཆེན་མོ་བཞིའི་མགོ་ཁྲིད་ཀྱིས་དགེ་རྒན་དུས་ཆེན་ལ་འཚམས་འདྲི་གནང་པ།


དགེ་རྒན་དུས་ཆེན་ཐེངས39པ་སླེབས་ལ་ཉེ་བའི་སྐབས་འདིར། ཁུལ་གྱི་ཚན་ཁག་ཆེན་མོ་བཞིའི་མགོ་ཁྲིད་རྣམས་རྫོང་སོ་སོ་དང་འབྲེལ་ཡོད་སློབ་གྲྭ་སོ་སོར་བསྐྱོད་ནས་ཕུལ་བྱུང་དགེ་རྒན་དང་། ཁྱིམ་ཚང་དཀའ་ངལ་ཅན་གྱི་དགེ་རྒན་དང་ལས་བཟོ་བར་འཚམས་འདྲི་གནང་པ་དང་། ཁུལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་སྒྲུབ་པ། ལས་འཁྱུར་ངལ་གསོ་བྱས་པའི་དགེ་རྒན་དང་ལས་བཟོ་བ་བཅས་ལ་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་ཞུས་ནས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐུགས་ཁུར་ཟབ་མོ་དང་དྲོ་སྐྱིད་སློབ་གསོའི་འཐབ་ཕྱོགས་དང་པོར་བསྐྱལ།



ཟླ9པའི་ཚེས6ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་རྐང་ཚ་རྫོང་བཅའ་སྡོད་སློབ་ཆུང་དུ་སོང་ནས་སློབ་ཁྲིད་ཁོར་ཡུག་ལ་ལྟ་ཞིབ་དང་། རྫོང་སྲིད་གཞུང་དང་སློབ་གསོ་ཅུས། བཅའ་སྡོད་སློབ་ཆུང་བཅས་ཀྱི་བྱ་བའི་སྙན་ཞུར་ཉན་པར་མ་ཟད། ཕུལ་བྱུང་དགེ་རྒན་གྱི་འཐུས་མི་དང་བྱམས་བརྩེའི་ངང་བཞུགས་མོལ་དང་བརྗེ་རེས་བྱས་ཏེ་ཁོ་ཚོའི་སློབ་ཁྲིད་ཀྱི་མྱོང་ཚོར་དང་མི་སྣ་གསོ་སྐྱོང་གི་གཏམ་རྒྱུད་ལ་ཉན་ཞིང་དུས་ཆེན་གྱི་འཚམས་འདྲི་གནང་། ཤ་བོ་སྐྱབས་ཀྱིས་སློབ་གསོ་ནི་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་ཡིན་པས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་རྒྱུ་ནི་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་རེ་སྒུག་ཆེན་པོ་བྱེད་པའི་བྱ་བ་ཞིག་རེད། རིམ་པ་སོ་སོའི་ཏང་ཨུའི་སྲིད་གཞུང་དང་སློབ་གསོ་སྡེ་ཁག སློབ་གྲྭ་ཆུང་འབྲིང་བཅས་ཀྱིས་མཚོ་བྱང་ཁུལ་གྱི་སློབ་གསོ་བྱ་བའི་ཚོགས་ཆེན་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་པའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་དགོས། བྱ་བའི་ཁྲོད་ཀྱི་ཉམས་མྱོང་བཟང་པོ་དང་བྱེད་སྟངས་བཟང་པོ་གདམ་གསེས་དང་ཕྱོགས་བསྡོམས་གང་ལེགས་བྱས་ཏེ། ཐབས་ལམ་མང་པོར་བརྟེན་ནས་ཕུལ་བྱུང་དགེ་རྒན་དང་སློབ་གསོ་བྱ་བའི་སྔོན་ཐོན་བྱས་རྗེས་དྲིལ་སྒྲོག་བྱས་ཏེ། སྤྱི་ཚོགས་ཡོངས་སུ་སློབ་གསོ་ལ་མཐོང་ཆེན་དང་སློབ་གསོར་རོགས་སྐྱོར། སློབ་གསོ་དར་སྤེལ་བཅས་བྱེད་པའི་རྣམ་པ་བཟང་པོ་བསྐྲུན་དགོས། སློབ་གསོ་སྡེ་ཁག་དང་སློབ་གྲྭ་ཆུང་འབྲིང་སོ་སོས་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་ཨང་དང་པོར་བཞག་ནས་མཁའ་འགྲོ་ཐར་གྱི་སྔོན་ཐོན་བྱས་རྗེས་ཁང་དང་དཀོན་ལོ་གོང་མ་སྡེ་བ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་སོགས་གསར་བརྗེའི་བསམ་བློ་ཆབ་སྲིད་སློབ་གསོའི་ཐོན་ཁུངས་གང་ལེགས་སྤྱད་དེ་སློབ་གྲྭའི་ཕྱི་ནང་གི་བསམ་བློ་ཆབ་སྲིད་སློབ་གསོའི་གཡུལ་ས་དང་ཐོན་ཁུངས་རྒྱ་ཆེར་བཏང་ནས་བསམ་བློ་ཆབ་སྲིད་ཀྱི་སློབ་ཁྲིད་སྔར་ལས་གསོན་ཉམས་དོད་པོར་གཏོང་དགོས་པ་ནན་གྱིས་བསྟན། རྒྱ་ཆེའི་དགེ་རྒན་ཚོས་མ་འོངས་པའི་བྱ་བའི་ཁྲོད་ཐོག་མའི་བསམ་འདུན་མི་བརྗེད་པར་ལས་བཀུར་ལས་བརྩོན་གྱིས“མཁས་བརྒྱའི་གླེང་སྟེགས་བརྩོན་པས་བསྐྱེད།། རྒྱལ་སྟོབས་འཕེལ་བར་ང་ཡིས་འབད།།”ཅེས་པའི་ཕུགས་བསམ་དང་འདུན་པ་བརྟན་པོ་བཙུགས་ཏེ་དཔེ་ཁྲིད་དང་མི་གསོ་སྐྱོང་། ངག་རྒྱུན་དང་དཔེ་སྟོན་བཅས་གཅིག་གྱུར་རྒྱུན་འཁྱོངས་ཀྱིས་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུའི་རེ་བ་ཡོད་ཟེར།



ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་འཇུ་ལག་རྫོང་འཇུ་ལག་གྲོང་རྡལ་མཐོ་རིམ་སློབ་འབྲིང་དུ་འཚམས་འདྲི་བྱེད་སྐབས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་པའི་འཐབ་ཇུས་ཀྱི་གནས་བབ་ཐོག་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ནས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་སློབ་གསོའི་གཏོང་ཆ་རྒྱུན་ཆད་མེད་པར་མང་དུ་གཏོང་པ། སློབ་གསོའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་པ། ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་སུ་ཧུར་ཐག་གཏོང་པ་བཅས་བྱས་ཏེ་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་བ་དང་སྔར་ལས་དྲང་གཞག་ངང་མི་དམངས་མང་ཚོགས་ལ་ཕན་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་ནས་རྒྱ་ཆེའི་སློབ་གསོ་ལས་སྒྲུབ་པར་མི་གསོ་སྐྱོང་གི་ཁོར་ཡུག་སྔར་ལས་ཡག་པོ་ཞིག་བཏོད་དེ་ཕུལ་བྱུང་གི་ཤེས་ལྡན་མི་སྣས་ཕན་ཚུན་འགྲན་པ་དང་། རྒྱ་ཆེའི་དགེ་རྒན་གྱིས་རང་གི་འཇོན་ཐང་འདོན་པ། དགེ་རྒན་བཟང་པོ་རྒྱུན་ཆད་མེད་པར་བྱུང་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། རྒྱ་ཆེའི་སློབ་གསོ་ལས་སྒྲུབ་པས་ཀུན་སྤྱོད་མི་གཞི་སྐྱེད་སྲིང་བྱེད་པའི་ཐོག་མའི་བསམ་འདུན་མི་བརྗེད་པར་ཏང་གི་ཆེད་དུ་མི་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ལས་འགན་ཡིད་ལ་བརྟན་པོར་བཅངས་ནས་རང་འཁྲིའི་ལས་སར་གཞི་ཚུགས་པ་དང་བློ་རྩེ་གཅིག་སྒྲིམ་གྱིས་བརྩོན་ཞིབ་བྱེད་པ། “ཡོད་པ་བཞིའི”དགེ་རྒན་ཡག་པོ་ཞིག་བྱེད་པ་བཅས་བྱས་ཏེ་དེང་རབས་ཅན་གྱི་སློབ་གསོའི་བྱ་གཞག་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་དབུལ་དགོས་པ་ནན་གྱིས་བསྟན།


ཟླ9པའི་ཚེས6ནས་ཚེས9ཉིན་བར་དབྱང་ཧེ་ལུང་དང་རུང་ཧུང་ཀྲི། ཝང་ཡུང་ཁྲང་། ལའེ་མེན། སི་ཅི་ཧྲིན། ཧ་ཝུན་ཞུག་སོགས་མགོ་ཁྲིད་སྔ་རྗེས་སུ་འཇུ་ལག་རྫོང་དང་མདོ་ལ་རྫོང་། མདའ་བཞི་རྫོང་དང་ཁུལ་ཐད་གཏོགས་སློབ་གྲྭར་བསྐྱོད་དེ་འཚམས་འདྲིའི་བྱེད་སྒོ་སྤེལ། ཁུལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོ་ལས་སྒྲུབ་པར་སེམས་ཤུགས་འཕེལ་བ་དང་སྐུལ་ལྕག་ཆེན་པོ་ཐེབས་ནས། མ་འོངས་པའི་བྱ་བའི་ཁྲོད་དུ་ཏང་གཅེས་རྒྱལ་གཅེས་དང་ཀུན་སྤྱོད་མི་གཞི་སྐྱེད་སྲིང་། རང་རློམ་རང་བཀུར་བཅས་ཀྱི་སྤྱོད་ཚུལ་བཟང་པོ་མུ་མཐུད་དར་སྤེལ་དང་། ཕུགས་བསམ་དད་སེམས་བརྟན་པོ་སྲུང་བ་དང་དགེ་རྒན་གྱི་ཀུན་སྤྱོད་སྐྱེད་སྲིང་བྱེད་པའི་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་པ། ཡིད་ལ་བརྟན་པོར་ངེས་པ་དང་ལེགས་སྐྱེས་དབུལ་བ། བློ་རྩེ་གཅིག་སྒྲིམ་ངང་མི་གསོ་སྐྱོང་བཅས་བྱས་ནས་མཚོ་བྱང་གི་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་གསར་པ་ཧུར་ཐག་དབུལ་རྒྱུ་ཡིན་ཞེས་བཤད། 



གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号