ཤ་བོ་སྐྱབས་ཀྱིས་མདའ་བཞི་རྫོང་མ་ཕྱག་དགོན་དུ་བརྟག་ཞིབ་གནང་པ།


ཟླ9པའི་ཚེས7ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་མདའ་བཞི་རྫོང་མ་ཕྱག་དགོན་དུ་བརྟག་ཞིབ་གནང་ཞིང་ཆོས་ལུགས་ལས་རིགས་ཀྱི་འཐུས་མིར་འཚམས་འདྲི་གནང་།




བརྟག་ཞིབ་གནང་སྐབས། ཤ་བོ་སྐྱབས་ཀྱིས་ཆོས་ལུགས་ལས་རིགས་ཀྱི་མི་སྣར་བྱམས་བརྩེའི་ངང་འཚམས་འདྲི་གནང་པ་དང་དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་རྒྱུན་གཏན་གྱི་དོ་དམ་སོགས་ཐད་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས། དགོན་པས་མི་རིགས་མཐུན་སྒྲིལ་འཆམ་མཐུན་ཡོང་བར་སྐུལ་འདེད་དང་། ཆོས་ལུགས་འཆམ་མཐུན་ཡོང་བར་འགན་ལེན་ཏན་ཏིག་བྱེད་པའི་ཐད་ལ་འབད་བརྩོན་བྱས་པ་དང་བྱས་རྗེས་བཞག་པར་ཁས་ལེན་གང་ལེགས་གནང་། ཆོས་ལུགས་ལས་རིགས་ཀྱི་མི་སྣས་སྣེ་ཁྲིད་དེ་རྒྱལ་གཅེས་ཆོས་གཅེས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པ་དང་དུས་རབས་གསར་པའི་ཏང་གི་ཆོས་ལུགས་བྱ་བའི་རིགས་པའི་གཞུང་ལུགས་དང་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་ཧུར་ཐག་བྱས་ཏེ་ཆོས་ལུགས་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་སྔར་ལས་ལྷག་པའི་པའི་སྒོ་ནས་འཚམ་མཐུན་ཡོང་བར་བྱེད་པའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུའི་རེ་བ་ཡོད་པར་བསྟན།



ཤ་བོ་སྐྱབས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པར་བརྟན་དུ་གཏོང་པ་དང་། ཁྲིམས་དང་སྒྲིག་སྲོལ་ལྟར་དགོན་སྡེ་དང་གྲྭ་བཙུན་ལ་དོ་དམ་བྱེད་པ། ཆོས་ལུགས་བྱེད་སྒོ་སྤེལ་བ། ཏང་གི་རིགས་པའི་གཞུང་ལུགས་དང་བཅའ་ཁྲིམས་ཁྲིམས་སྲོལ། ཆོས་ལུགས་ཤེས་བྱ་བཅས་སློབ་སྦྱོང་བྱ་རྒྱུར་ཤུགས་སྣོན་པ། དགོན་སྡེའི་དཔེ་མཛོད་ཁང་འཛུགས་སྐྲུན་དང་དོ་དམ། བེད་སྤྱོད་ཡག་པོ་བཅས་བྱེད་པ། རང་ངོས་ཀྱི་རིག་གནས་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་པ། ཏང་དང་རྒྱལ་ཁབ་ལ་དགའ་ཞེན་དང་། སྤྱི་ཚོགས་རིང་ལུགས་ལ་དགའ་བ་བཅས་ཀྱི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་གཏོང་དགོས་ལ། རྒྱལ་གཅེས་རིང་ལུགས་དང་ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོ་ཏན་ཏིག་ངང་སྤེལ་ནས་དགོན་སྡེ་ཚན་རིག་ཅན་དང་ཚད་ལྡན་ཅན། ཁྲིམས་སྐྱོང་ཅན་བཅས་ཀྱི་དོ་དམ་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་དགོན་སྡེའི་རང་ངོས་དོ་དམ་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་པ་དང་། ལྗང་མདོག་དགོན་སྡེ་དང་བདེ་འཇགས་འཆམ་མཐུན་གྱི་དགོན་སྡེ་ཧུར་ཐག་གཏོད་དགོས། དེ་སྔའི་ཁུལ་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རིན་གཞོན་པའམ་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ནོར་བ་བློ་བཟང་བཀྲ་ཤིས་རྒྱ་མཚོས་ལས་འཁྱུར་ངལ་གསོ་བྱས་རྗེས་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་ཚོའི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ནས་མཚོ་བྱང་གི་བྱ་གཞག་སོ་སོའི་འཕེལ་རྒྱས་ལ་སྔར་རྒྱུན་བཞིན་ཐུགས་ཁུར་དང་རྒྱབ་སྐྱོར་གནང་དགོས་པ་ནན་གྱིས་བསྟན།


ཁུལ་གྱི་མགོ་ཁྲིད་མགོན་པོ་ཚེ་བརྟན་དང་ཝང་ཡུང་ཁྲང་། སངས་འབུམ་བཅས་ཀྱིས་བརྟག་ཞིབ་ལ་ཕེབས་རོགས་གནང་།



གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号