དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བའི་མཚོ་བྱང་གི་ལེའུ་རྩོམ་པར་མདའ་བཞིའི་ལག་ལེན་ལ་གོམ་སྟབས་གསར་བ་སྤོ་དགོས།

——ཁུལ་ཨུའི་རྒྱུན་ཨུའམ་མདའ་བཞི་རྫོང་ཨུའི་ཧྲུའུ་ཅི་སངས་འབུམ་དང་ཉེ་བར་བཅར་བ།

“བློ་མཐུན་ཤ་བོ་སྐྱབས་ཀྱིས་ཁུལ་ཨུའི་ཚང་འཛོམས་ཨུ་ལྷན་གྱི་ཚབ་ཞུས་ནས་གནང་བའི་བྱ་བའི་སྙན་ཞུའི་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལངས་ཕྱོགས་དང་ལྟ་བ། བྱ་ཐབས་བཅས་ཡོངས་སུ་ཁྱབ་ཡོད་ཅིང‘ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ’བཅས་ཀྱི་གཏན་ཚིགས་དང་དོན་སྙིང་ཟབ་མོ་རྒྱས་བཤད་གནད་ལ་འཁེལ་བ་བྱས་ཡོད། ཆབ་སྲིད་ཚུགས་གནས་ཀྱི་མཐོ་ཚད་ལྡན་པ་དང་འཆར་འགོད་ཐད་ཀྱི་ཟབ་ཚད་ཡོད་པ། ཁྱབ་ཚད་ཐད་རྒྱ་ཆེ་བ། ལག་ལེན་ཐད་ནུས་ཤུགས་ལྡན་པ་དང་། འབད་འབུངས་ཡར་བརྩོན་གྱི་བསམ་པའི་སྟོབས་ཤུགས་ཀྱིས་ཕྱུག་ཅིང་། ཆེས་སྟོབས་ལྡན་གྱི་ཆབ་སྲིད་རང་བཞིན་དང་བསམ་བློ་རང་བཞིན། དམིགས་ཡུལ་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ལྡན་པས་ང་ཚོས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་མཚོ་བྱང་གི་ལེའུ་གཏོད་རྒྱུར་བརྩི་བྱ་འདོན་སྤྲོད་བྱས་ཡོད”ཅེས་པའི་སྐད་ཆ་འདི་ཟླ1པོའི་ཚེས17ཉིན་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི(རྒྱ་སྐྱེད)ཚོགས་འདུ་སྐབས་ཁུལ་ཨུའི་རྒྱུན་ཨུའམ་མདའ་བཞི་རྫོང་ཨུའི་ཧྲུའུ་ཅི་སངས་འབུམ་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད།


སངས་འབུམ་གྱིས་བཤད་རྒྱུར། མདའ་བཞི་ནི་ཁུལ་སྲིད་གཞུང་གི་གནས་ཡུལ་ཡིན་པའི་ངོས་ནས། “མཚོ་བྱང་ལྔའི”འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་མཚོ་བྱང་གི་ལག་ལེན་དངོས་ཀྱི་ཐོག་རིན་བྲལ་གྱི་སྙིང་སྟོབས་རྒྱུ་ནོར་དང་གཟི་བརྗིད་ལྡན་པའི་འགན་འཁྲི་ཕྲག་ཏུ་འཁུར་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་བཀོད་སྒྲིག་དོན་འཁྱོལ་བྱེད་དགོས། མདའ་བཞིས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་མཚོ་བྱང་གི་ལེའུ་རྩོམ་པའི་ཁྲོད་ཀྱི་ལས་འགན་དང་ངེས་གནས་ལ་དམ་པོར་དམིགས་ཏེ། ཁུལ་ཨུས་བཏོན་པའི་བརྗོད་གཞི་གསར་པ་དང་ཞིབ་འཇུག་བྱ་གཞི་གསར་པར་དཔེ་བསྡུར་ཚད་འཛིན་གྱིས“མཚོ་བྱང་ལྔའི”འཛུགས་སྐྲུན་གྱི་འགག་རྩའི་རང་བཞིན་དང་འཐབ་ཇུས་རང་བཞིན། སྣེ་ཁྲིད་རང་བཞིན་བཅས་ཀྱི་གནད་དོན་གལ་ཆེན་ཐད་མདའ་བཞིའི་ལག་ལེན་དངོས་བྱེད་དགོས་ཟེར།


རྗེས་ཕྱོགས་ཀྱི་བྱ་བའི་སྐོར་གླེང་སྐབས། སངས་འབུམ་གྱིས་ང་ཚོས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་དགོས། མཚོ་སྔོན་པོའི་འབབ་རྒྱུད་ཀྱི་མདའ་བཞིའི་ཡུག་ཁུལ་དང་རྒྱལ་ལམ315ཡི་རྒྱུད་ཀྱི་ཆུའི་ཁོར་ཡུག རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་བྱེད་ཤུགས་བཅས་མུ་མཐུད་ཆེ་རུ་གཏོང་རྒྱུ་དང་། ཙོང་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སླར་གསོ་དང་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞིའི་ལག་བསྟར་བྱེད་ཚད་ཇེ་མགྱོགས་སུ་གཏོང་རྒྱུ་ཡིན་ལ། རྩྭ་ཐང་ཕྱོགས་བསྡུས་བཅོས་སྐྱོང་གི་འགུལ་སྐྱོད་རྒྱུན་མཐུད་ངང་སྤེལ་བ་བཅས་བྱས་ནས་གསེར་མཚེའུ་དང་དངུལ་མཚེའུ་ཡི་འདམ་རའི་སྤྱི་གླིང་གི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ་ཡིན། རང་བྱུང་ཐོན་ཁུངས་ཀྱི་སྐྱེ་ཁམས་མ་ལག་གི་གདོད་མའི་རང་བཞིན་དང་ཆ་ཚང་རང་བཞིན། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་བཅས་ལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་སྲིད། ང་ཚོས་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན།  ནོར་སྟོང་ལུག་ཁྲིའི་གསོ་ཚགས་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་བསྣན་ནས་སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཅན་དགུ”ཡི་ཆ་ཚང་བཟོ་སྐྲུན་ཀྱི་ཚད་གཞི་མཐོ་རུ་གཏོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ“མདའ་བཞིའི་ནོར་གནག”དང“མདའ་བཞིའི་བལ་ལུག”གི་ས་ཁོངས་ཀྱི་སྤྱི་པའི་ཆས་རྟགས་དྲིལ་བསྒྲགས་འོས་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་དཔེ་མཚོན་རྣམ་པ་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་ཡིན། བྱེ་མ་གསེར་ལྡན་དང་ཁེ་ཐུའུ་བྱེ་བཅོས་དམིགས་བསལ་ཆོག་མཆན་སྤྲད་པའི་གཉེར་སྐྱོང་ས་ཚིགས2ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བར་སྐུལ་འདེད་མགྱོགས་པོར་གཏོང་བ་དང་། སྨོན་ལམ་མཐོན་པོ་དང་ལན་ཧྭ་མཆེའུ། ནུབ་མཚོ་ཅུན་གནས་རྙིང་སྤྱི་གླིང་སོགས་ཡུལ་སྐོར་བྱེད་གནས་མང་དུ་བཏང་བ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་དཔེ་སྟོན་རྟེན་གཞི་གཏོད་རྒྱུ་ཡིན། ཀྲུང་གོ་རྡུལ་ཕྲན་མཁར་གྱི་གཞོན་ནུ་ལོ་ཆུང་གི་གསར་བརྗེའི་ཉམས་ཞིབ་སྒར་ས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཇེ་མགྱོགས་སུ་བཏང་སྟེ། ཀྲུང་གོ་རྡུལ་ཕྲན་མཁར་གྱི་གསར་བརྗེའི་ཉམས་ཞིབ་སྟོབས་ཤུགས་ཞིང་ཆེན་ཕྱི་ནང་དུ་ཁྱབ་འགྱེད་དང་རྒྱལ་ཡོངས་སུ་སྐྱོད་དུ་འཇུག་རྒྱུ་ཡིན། ང་ཚོས་བློ་བརྟན་འགྱུར་མེད་ངང་ལས་གཞི་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་སྲིད། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་གསོ་སྐྱོང་དང་སྲོལ་རྒྱུན་གྱི་ཐོན་ལས་བསྒྱུར་བཀོད། ནུས་རྒྱུའི་ཐོན་ལས་རིམ་སྤོར། ཞིང་ལས་ཀྱི་ཁྱད་འཕགས་འཕེལ་རྒྱས་སོགས་ཀྱི་ཐད་སྒོར་དུང་ཕྱུར་ལས་བརྒལ་བའི་ལས་གཞི11ཇུས་འགོད་ལག་བསྟར་བྱེད་པ་དང་། སྒོར་ཁྲི་སྟོང་གི་ལས་གཞི50ལག་བསྟར་བྱས་ཏེ་རྫོང་ཡོངས་སུ་གྲོང་ཁྱེར་འཛུགས་སྐྲུན་དང་ནུས་རྒྱུ་མཁོ་འདོན། ཐོན་ལས་འཕེལ་རྒྱས། མང་ཚོགས་ཀྱི་འཚོ་བ་སོགས་ཁྱབ་ཁོངས་ཁག་ཏུ་རྣམ་པ་གསར་པ་མངོན་པ་དང་སྒུལ་ནུས་གསར་པ་འཕེལ་བར་སྐུལ་འདེད་གཏོང་སྲིད།  ང་ཚོས་བློ་བརྟན་འགྱུར་མེད་ངང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན། ཚད་གཞི་མཐོན་པོའི་སྒོ་ནས་སྡེ་བའི་མཉམ་སྡེབ་དཔལ་འབྱོར་གྱི“སྡེ་བ་སྟོབས་ལྡན”བཟོ་སྐྲུན་ལག་བསྟར་བྱས་ཏེ། ཆུ་ཚད་མཐོན་པོའི་སྒོ་ནས་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཙོང་ཆུའི་འདམ་རའི་སྤྱི་གླིང་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། ནུབ་མཚོ་གྲོང་རྡལ་དང་མཁར་ཟུར་གསུམ་གྲོང་རྡལ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ལས་ཞུགས་ཀྱི་ཤོང་ཚད་ཆེ་རུ་གཏོང་རྒྱུར་དོ་སྣང་ཆེན་པོ་བྱས་ཏེ་སྤྱི་ཚོགས་ཀྱི་གྲུབ་ཆ་གཞི་རྩའི་ཆ་ནས་མགྱོགས་མྱུར་ངང་གཅིག་བསྡུས་བྱེད་སྲིད། ང་ཚོས་བློ་བརྟན་འགྱུར་མེད་ངང་བསམ་པའི་དཔལ་ཡོན་གྱི་བཙན་ས་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། སྨོན་ལམ་མཐོན་པོ་མཁའ་དམག་སྲུང་སྐྱོང་དཔུང་སྡེའི་རྗེས་ཤུལ་གྱི་གདོད་མའི་རྣམ་པ་སླར་གསོ་བསྐྱར་སྐྲུན་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས་རྒྱལ་ཡོངས་ཀྱི་གསར་བརྗེའི་རྩྭ་ཐང་སྲུང་སྐྱོབ་བྱ་བའི་ཚོགས་འདུ་འཚོག་རྒྱུའི་སྙན་ཞུའི་བྱ་བ་འབད་བརྩོན་བྱ་རྒྱུ་ཡིན། ལ་མོ་སྒར་ཐོག་ཀུན་ཏུ་བདེ་བའི་གླིང་གི་མཚོ་མཆོད་དང་རྒྱབ་ཚང་ཀོ་བཟོའི་སྒྱུ་རྩལ་སོགས་གཟུགས་འདས་ཤུལ་བཞག13གྱི་ཁྲིད་སྦྱོང་ཁང་ཚད་ལྡན་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། རྟེན་འབྲེལ་ཞུ་བའི་རིག་གནས་བྱེད་སྒོར་ཇུས་འགོད་བྱེད་པ། “མདའ་བཞིའི་མི་སྣ་གྲགས་ཅན”གྱི་ཕན་ནུས་འདོན་སྤེལ་བྱས་ཏེ། རིག་གནས་དང་ལུས་རྩལ་གྱི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་སྲིད། ང་ཚོས་བློ་བརྟན་འགྱུར་མེད་ངང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ་ཡིན། མཚོ་བྱང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“བྱེད་ཐབས་བཅོ་བརྒྱད”མུ་མཐུད་དོན་འཁྱོལ་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཉམས་ལེན་ཁང་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ཁ་ཕྱོགས་ཀྱི་འགྲེམ་ཁང་གི་དྲིལ་སྒྲོག་སློབ་གསོའི“གྲངས་གཞིའི་རིག་ནུས་བྱེད་ཐབས”འཚོལ་ཞིབ་དང་སྐུལ་འདེད་གཏོང་སྲིད།  ང་ཚོས་བློ་བརྟན་འགྱུར་མེད་ངང་དུས་བདེའི་མདའ་བཞིའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ཡིན། དུས་རབས་གསར་པའི“ཧྥིན་ཆའི་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། “འདུམ་གཅོད་བྱེད་ཐབས་ཆུང་གྲས་དྲུག”གི་ཚབ་མཚོན་བྱེད་ཐབས་ཕྱོགས་ཡོངས་ནས་ཁྱབ་སྤེལ་དང་བེད་སྤྱོད་གཏོང་རྒྱུ་ཡིན་ལ། དུས་བདེའི་མཚོ་སྔོན་གྱི“གཅིག་ཅན་བཅུ”ཡི་འཛུགས་སྐྲུན་དོན་འཁྱོལ་གཏིང་ཟབ་བྱས་ནས་ནག་སེལ་ངན་འཇོམས་རྒྱུན་རྣམ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་། མཁོ་བསྟུན་ཐག་གཅོད་ཀྱི་འགན་སྲུང་ནུས་པ་འཐུས་ཚང་དུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་སྔར་བས་འཐུས་ཚང་དང་སྔར་བས་རྒྱུན་མཐུད། སྔར་བས་འགན་ལེན་བཅས་ཡོང་བ་བྱ་སྲིད། ང་ཚོས་བློ་བརྟན་འགྱུར་མེད་ངང་ཏང་ལེགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན།  གཞི་རིམ་ཏང་འཛུགས་སྐྱོང་གི“གཅིག་ཅན་དྲུག”གི་བླང་བྱ་དོན་འཁྱོལ་ཡོང་བར་སྐུལ་འདེད་དང“གཞི་རིམ་ཏང་འཛུགས་སྐྱོང་གི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བའི་ལོ”ཞེས་པའི་བྱེད་སྒོའི་ཕན་འབྲས་གཏིང་ཟབ་ཏུ་སྤེལ་བ་དང་། གཞི་རིམ་ཏང་རྩ་འཛུགས་ཆབ་སྲིད་ཀྱི་་བྱེད་ནུས་དང་རྩ་འཛུགས་ཀྱི་བྱེད་ནུས་ཆེ་རུ་ཏན་ཏིག་གཏོང་རྒྱུ་ཡིན་ལ། ཧྲུའུ་ཅི་ཁྲིན་ཀང་གིས“དྲི་བ་དྲུག”དང་ཞིབ་བསྡུར་ནན་ཏན་བྱས་ཏེ་ནང་དོན་ནན་མོ་དང་བྱ་ཐབས་ནན་མོ། རྣམ་པ་ནན་མོ་བཅས་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་ཕན་འབྲས་གསར་པར་བརྟེན་ནས་མི་དམངས་མང་ཚོགས་ཀྱི་རྒྱབ་སྐྱོར་དང་ཡིད་ཆེས་རྒྱུན་ཆད་མེད་པར་བརྩོན་ལེན་བྱས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་མཚོ་བྱང་གི་ལེའུ་རྩོམ་པར་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་ཤིག་གཅིག་ཏུ་བསྡུ་སྲིད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号