མཚོ་བྱང་ཁུལ་གྱི་སྐབས་དང་པོའི་སྐྱེ་ཁམས་སྒར་འདེབས་དུས་ཚིགས་ཀྱི་ཚོགས་ཆེན་གྱི་ཆེད་དོན་སྒར་འདེབས་སྒྲིག་ཆས་ཉོ་སྒྲུབ་ཀྱི་གན་རྒྱ་འཇོག་པའི་མཛད་སྒོ་དེ་མཚོ་སྔོན་པོའི་འགྲམ་གྱི་མཐོན་པོ་སྒང་འདབས་རོལ་ནས་སྤེལ།


   ཟླ4བའི་ཚེས28ཉིན། མཚོ་བྱང་ཁུལ་གྱི་སྐབས་དང་པོའི་སྐྱེ་ཁམས་སྒར་འདེབས་དུས་ཚིགས་ཀྱི་ཚོགས་ཆེན་གྱི་ཆེད་དོན་སྒར་འདེབས་སྒྲིག་ཆས་ཉོ་སྒྲུབ་ཀྱི་གན་རྒྱ་འཇོག་པའི་མཛད་སྒོ་དེ་མཛེས་སྡུག་ལྡན་པའི་མཚོ་སྔོན་པོའི་འགྲམ་གྱི་མཐོན་པོ་སྒང་འདབས་རོལ་ནས་སྤེལ། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་དབྱང་ཧའེ་ལུང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་རྒྱལ་བཀྲ་ཤིས། ཁུལ་གྱི་མགོ་ཁྲིད་མགོན་པོ་ཚེ་བརྟན་དང་། ཝང་ཡུང་ཁྲང་། མ་ཁྲེང་ཧྥང་། ལི་ཞང་ཏུང་། ཚའོ་ཅི་ཆང་། ཧ་ཝུན་ཞུག ལུང་ཡུང་ཧྲིང་བཅས་ཚོགས་འདུར་ཞུགས། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་མཱ་རུའུ་ཞང་གིས་གན་རྒྱ་འཇོག་པའི་མཛད་སྒོ་གཙོ་སྐྱོང་གནང་།

   གན་རྒྱ་འཇོག་ཡུལ་དུ་མཉམ་ལས་གྲོས་མཐུན་བཞག་པའི་ཁེ་ལས་སོ་སོའི་དབར་དང་། ཁེ་ལས་སོ་སོ་དང་མཚོ་བྱང་ཁུལ་གྱི་རྫོང་བཞིའི་སྲིད་གཞུང་གིས་སོ་སོར་གན་རྒྱ་བཞག ཐེངས་འདིའི་གན་རྒྱ་བཞག་པའི་ལས་གཞི་ཁྱོན24ཡོད་པ་དང་འདོད་མཐུན་རང་བཞིན་གྱི་གན་རྒྱ་བཞག་པའི་དངུལ་འབོར་སྒོར་དུང་ཕྱུར1.2665ཟིན་ཡོད།

   གན་རྒྱ་འཇོག་པའི་མཛད་སྒོའི་ཐོག མཚོ་སྔོན་མཚོ་བྱང་འགྲིམ་འགྲུལ་ཡུལ་སྐོར་མཉམ་འདྲེས་མ་འཇོག་གསར་སྤེལ་ཚད་ཡོད་ཀུང་སི་དང་འཇུ་ལག་རྫོང་མི་དམངས་སྲིད་གཞུང་། ཧྲང་ཧའེ་ཧུའུ་ཅི་ཨར་སྐྲུན་ཚན་རྩལ་ཚད་ཡོད་ཀུང་སི། མཚོ་སྔོན་ཧྲེང་ཐའེ་ཨར་སྐྲུན་བཟོ་སྐྲུན་ཚད་ཡོད་ཀུང་སི། མདའ་བཞི་རྫོང་མི་དམངས་སྲིད་གཞུང་། བརྙན་ཐུང་རིག་གནས་སྨྱན་སྦྱོར་ཚོགས་པ་ཚད་ཡོད་ཀུང་སི་དང་རྐང་ཚ་རྫོང་མི་དམངས་སྲིད་གཞུང་། ཞིས་ཞིང(ཀོང་ཏུང)རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་མདོ་ལ་རྫོང་མི་དམངས་སྲིད་གཞུང་། མཚོ་བྱང་འགྲིམ་འགྲུལ་ཡུལ་སྐོར་མཉམ་འདྲེས་མ་འཇོག་གསར་སྤེལ་ཚད་ཡོད་ཀུང་སི་དང་། ཀྲེ་ཅང་ཧྲུའེ་མའེ་ཕྱི་རོལ་མཁོ་ཆས་ཚད་ཡོད་ཀུང་སི། ཏ་ཁྲའེ་ཏན་ཧུང་ཧའེ་རིག་གནས་ཡུལ་སྐོར་ཚད་ཡོད་ཀུང་སི། ཀོང་ཏུང་ཝེ་སུའུ་ཝུན་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་སི། ཀྲུང་གོའི་རྡོ་སྣུམ་རང་བྱུང་སོལ་རླངས་མ་རྐང་ཚད་ཡོད་ཀུང་སི་མཚོ་སྔོན་ཕྱིར་ཚོང་མཚོ་བྱང་ཡན་ལག་ཀུང་སི། ཀྲུང་གོ་སྦྲག་སྲིད་གསོག་འཇོག་དངུལ་ཁང་མཚོ་བྱང་ཁུལ་ཡན་ལག་དངུལ་ཁང་། མཚོ་སྔོན་དབྱི་རུའེ་ཀྲུག་ཁོར་ཡུག་སྲུང་སྐྱོབ་ཚན་རྩལ་ཚད་ཡོད་ཀུང་སི། ཧྲང་ཧའེ་ཧའུ་ཅིས་འཛུགས་སྐྲུན་ཚན་རྩལ་ཚད་ཡོད་ཀུང་སི་བཅས་ཀྱིས་གན་རྒྱ་བཞག མཚོ་སྔོན་མཚོ་བྱང་འགྲིམ་འགྲུལ་ཡུལ་སྐོར་མཉམ་འདྲེས་མ་འཇོག་གསར་སྤེལ་ཚད་ཡོད་ཀུང་སི་དང་། བོད་ཁོངས་རིག་གནས་ཡུལ་སྐོར། མཚོ་བྱང་ནོར་རྫི་ཇུས་འགོད་བཟོ་སྐྲུན་ཚད་ཡོད་ཀུང་སི། མཚོ་སྔོན་ཧའོ་ཡུན་ཡུལ་སྐོར་རིག་གནས་གསར་སྤེལ་ཚད་ཡོད་ཀུང་སི་དང་། བརྙན་ཐུང་རིག་གནས་སྨྱན་སྦྱོར་ཚོགས་པ་ཚད་ཡོད་ཀུང་སི། མཚོ་བྱང་རྒྱབ་ཚང་སྒྱུ་རྩལ་རིག་གནས་ཐོན་ལས་ཚད་ཡོད་ཀུང་སི། མཚོ་བྱང་ཁུལ་དབྱངས་ཅན་ལྷ་མོའི་དམངས་ཁྲོད་བཟོ་རྩལ་ཐོན་རྫས་ཚད་ཡོད་ཀུང་སི། ཧྲན་ཏུང་ཅིང་ཀྲུའུ་བར་མཐོངས་བཟོ་སྐྲུན་ཇུས་འགོད་ཚད་ཡོད་ཀུང་སི་བཅས་ཀྱིས་གན་རྒྱ་བཞག ཏ་ཁྲའེ་ཏན་ཧུང་ཧའེ་རིག་གནས་ཡུལ་སྐོར་ཚད་ཡོད་ཀུང་སི་དང་ཀྲེ་ཅང་ཧྲུའེ་མའེ་ཕྱི་རོལ་མཁོ་ཆས་ཚད་ཡོད་ཀུང་སི། མཚོ་སྔོན་མཚོ་བྱང་འགྲིམ་འགྲུལ་ཡུལ་སྐོར་མཉམ་འདྲེས་མ་འཇོག་གསར་སྤེལ་ཚད་ཡོད་ཀུང་སི། ཅང་སུའུ་ཏ་ཧན་འཛུགས་སྐྲུན་དངོས་ལས་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སི། ཀོང་ཏུང་ཝེ་སུའུ་ཝུན་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་སི། ཁྲུང་ཆིང་ཧྲེང་ཏུང་ཡུལ་སྐོར་གྱོན་ཆས་སྒྲིག་སྦྱོར་རྣམ་པའི་འཛུགས་སྐྲུན་ལག་རྩལ་ཚད་ཡོད་ཀུང་སི། མཚོ་སྔོན་མདོ་ལ་ཐོར་མོ་རིག་གནས་ཡུལ་སྐོར་གསར་སྤེལ་ཚད་ཡོད་ཀུང་སི། ཞིས་ཞིང(ཀོང་ཏུང)རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་སི། ཞའོ་ཐུང་རིག་གནས་སྨྱན་སྦྱོར་ཚོགས་པ་ཚད་ཡོད་ཀུང་སི་བཅས་ཀྱིས་གན་རྒྱ་བཞག

   ཐེངས་འདིའི་ལས་གཞི་གཅིག་སྡུད་ཐོག་གན་རྒྱ་བཞག་པ་དེས་མཚོ་བྱང་གི་ཕུན་སུམ་ཚོགས་པའི་སྐྱེ་ཁམས་དང་རིག་གནས། ཡུལ་སྐོར་བཅས་ཀྱི་ཐོན་ཁུངས་སྔོག་འདོན་དང་གཞན་སྒྱུར། བེད་སྤྱོད་བཅས་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་ཐེབས་རྒྱུ་དང་། རང་རྒྱལ་གྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གཏོད་རྒྱུ་ཡིན་པ་དང་། དཔལ་འབྱོར་འཕར་གཞི་གསར་བ་སྐྱེད་སྲིང་དང་སྟོབས་ཆེར་ཧུར་ཐག་བཏང་ནས་སྒར་འདེབས་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཚོང་གཉེར་ཁོར་ཡུག་ལེགས་པ་དང་འཕེལ་རྒྱས་ཀྱི་མདུན་ལམ་རིང་བ། མཛེས་ལྗོངས་ཀྱིས་ཕྱུག་པ་བཅས་ཀྱི་མཚོ་བྱང་གིས་སྔར་བས་སྒོ་དབྱེའི་བློ་རྒྱ་དང་། དངོས་སྒྲུབ་ཀྱི་སྤྱོད་ཚུལ། སྤུས་ལེགས་ཀྱི་ཞབས་ཞུའི་ཐོག་ནས་ཞིང་ཆེན་ཕྱི་ནང་གི་ཚོང་བར་འཇོན་ཐང་ངོམ་པའི་གར་སྟེགས་བསྐྲུན་པ་དང་གྲུབ་འབྲས་བྱ་གཞག་གི་ས་གཤིས་གཤིན་པོ་གསོ་སྐྱོང་བྱས་ཏེ། ཕྱོགས་བཞིའི་སྐུ་མགྲོན་མཚོ་བྱང་དུ་ཡུལ་སྐོར་ལྟ་སྐོར་དང་། རྟོག་ཞིབ་མཛུབ་ཁྲིད། མ་འཇོག་ལས་གཏོད་བྱས་ཏེ་འབྱོར་ཕྱུག་དཔལ་ཡོན་ཞི་མཐུན་མཛེས་སྡུག་བདེ་སྐྱིད་ལྡན་པའི་མཚོ་བྱང་སྐྲུན་ཆེད་སྟོབས་ཤུགས་གསར་བ་ལེགས་སྐྱེས་སུ་ཕུལ་ཡོད།

   ཁུལ་ཐད་གཏོགས་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོ། རྫོང་བཞིའི་སྲིད་གཞུང་གི་འགན་འཁུར་བློ་མཐུན་དང་འགྲེམས་ཞུགས་ཁེ་ལས་ཀྱི་འཐུས་མི་ཆེད་དོན་གན་རྒྱ་འཇོག་པའི་མཛད་སྒོར་ཞུགས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号