མཚོ་བྱང་ཁུལ་གྱིས་ལྔ་བའི་བ་བཞིའི་ཆུ་ཁོལ་ཁམས་གསོ་གསོལ་ཁྲུས་དུས་ཆེན་གྱི་བྱེད་སྒོ་ཐོག་མ་སྤེལ་པ།

ལོ་ངོ་སྟོང་ཕྲག་རིང་།  ལྔ་བའི་བ་བཞིའི་རིག་གནས་ལ་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཁྲག་རྒྱུན་དང་བསམ་བློའི་སྙིང་བཅུད་འདུས་ཤིང་། མི་རིགས་ཀྱི་སྙིང་སྟོབས་དང་རྒྱལ་གཅེས་ཀྱི་བརྩེ་སེམས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་གཞི་རྟེན་ཞིག་ཏུ་གྱུར་ཡོད།  ལྔ་བའི་བ་བཞིའི་དུས་ཆེན་ལ་བོད་རིགས་སྤུན་ཟླས“སངས་རྒྱས་སྨན་བླའི་དུས་ཆེན”ཞེས་བརྗོད་ལ། ཉིན་དེར་བོད་རིགས་སྤུན་ཟླ་རྣམས་ཆུ་མགོ་སོགས་ཀྱི་ཁར་སོང་ནས་ལུས་པོ་འཁྲུད་པའི་སྲོལ་རྒྱུན་གྱི་གོམས་གཤིས་རྒྱུན་འཛིན་བྱས་ནས་ལོ800ལྷག་ཙམ་སོང་ཡོད།    

ཟླ6པའི་ཚེས20ཉིན་ནས་ཚེས23ཉིན་བར། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བཀོད་སྒྲིག རྫོང་སོ་སོའི་འབྲེལ་ཡོད་སྡེ་ཁག་གི་སྒྲིག་འཛུགས་ཞིབ་ཚགས་བཅས་ཀྱི་འོག་མདའ་བཞི་རྫོང་གི་ནུབ་མཚོའི་ཀླུ་ཡི་ཆུ་ཁོལ་བཀྲ་ཤིས་རྣམ་རྒྱལ། ཤྭ་ལུང་ཆུ་ཁོལ། མདོ་ལ་རྫོང་ཆུ་ཁོལ་སྡེ་བའི་ཅ་པའོ་ཆུ་ཁོལ། རྐང་ཚ་རྫོང་གི་བ་ལུ་མ་ཆུ་ཁོལ་སོགས་སུ་མཚོ་བྱང་ཁུལ་གྱི་ལྔ་བའི་བ་བཞིའི(སངས་རྒྱས་སྨན་བླའི་དུས་ཆེན)ཆུ་ཁོལ་ཁམས་གསོ་གསོལ་ཁྲུས་དུས་ཆེན་གྱི་བྱེད་སྒོ་ཐོག་མ་སྤེལ་ཏེ།  གོམ་གང་མདུན་སྤོས་སྒོས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་། མི་རིགས་སོ་སོའི་རིག་གནས་བརྗེ་རེས་ལ་སྐུལ་འདེད་བཏང་སྟེ་མཚོ་བྱང་ཁུལ་གྱི་མཛེས་སྡུག་ཁྱད་དུ་འཕགས་པའི་རང་བྱུང་མཛེས་ལྗོངས་དང་རྣམ་པ་མི་འདྲ་བའི་མི་ཆོས་མཛེས་ལྗོངས་ཕྱི་ཕྱོགས་སུ་མངོན།   

མཚོ་བྱང་ཁུལ་གྱི་ས་ཁོངས་ནང་ཆུ་ཁོལ་གྱི་ས་འོག་ཚ་ནུས་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། ཆུ་ཁོལ་གྱི་ཆུ་སྤུས་ལེགས་པ་དང་དྲོད་ཚད་མཐོ་བའི་ཁྱད་ཆོས་ལྡན་ལ།  དེའི་ནང་མིའི་ལུས་ཁམས་ལ་ཕན་ཐོགས་པའི་གཏེར་རྒྱུ་དང་ཚད་ཉུང་མ་རྒྱུ་མང་པོ་འདུས་ཡོད་པས།  དེ་ནི་སྨན་བཅོས་འཕྲོད་སྦྱོར་རྣམ་པའི་ཆུ་ཁོལ་ཞིག་ཡིན་ལ། ཆུ་ཁོལ་གྱི་ས་འོག་ཚ་ནུས་ཐོན་ཁུངས་མང་ཆེ་བ་ནགས་ཚལ་རྩྭ་ཐང་དང་གྲོག་རོང་གི་ཆུ་ཕྲན་སོགས་རང་བྱུང་སྐྱེ་ཁམས་ཐོན་ཁུངས་དང་སྤུས་ལེགས་ཀྱི་རང་བྱུང་སྐྱེ་ཁམས། ལོ་རྒྱུས་རིག་གནས་བཅས་དང་གཅིག་ལ་གཅིག་བརྟེན་དུ་གྲུབ་ཡོད། 

ཐེངས་འདིའི་ཁམས་གསོ་གསོལ་ཁྲུས་དུས་ཆེན་གྱི་བྱེད་སྒོ་སྤེལ་བ་དེ་ཆུ་ཁོལ་གསོལ་ཁྲུས་དང་བོད་ལུགས་གསོ་རིག་གི་ཤེས་བྱ་བརྒྱུད་སྒྲོག མི་རིགས་ཀྱི་གླུ་གར་འཁྲབ་སྟོན། བོད་ལུགས་ཁྱད་ལྡན་བཟའ་བཏུང་ཉམས་ལེན་དང་དེ་བཞིན་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམས་སྟོན་སོགས་ཀྱི་རྣམ་པའི་ཐོག་ནས་མང་ཚོགས་དང་ཡུལ་སྐོར་བར་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཤེས་བྱ་ཁྱབ་གདལ་བཏང་སྟེ་མཚོ་བྱང་ཁོ་ནར་ཡོད་པའི་མི་རིགས་ཀྱི་སྣང་བརྙན་དང་དེ་བཞིན་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཁྱད་ཆོས་མངོན་ཡོད་པ་རེད།  དེ་དང་ཆབས་ཅིག་ཙོང་ཆུའི་མགོ་ཁུངས་དང“ནུབ་མཚོའི་ཀླུ་ཡི་ཆུ་ཁོལ་བཀྲ་ཤིས་རྣམ་རྒྱལ”སོགས་ཆས་རྟགས་ཀྱི་ཕན་ནུས་དྲིལ་སྒྲོག་ཁྱབ་གདལ་བཏང་ནས་མཚོ་བྱང་ཁུལ་གྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། “དག་སྣང་མཚོ་བྱང”གི་སྙན་པ་ཆེ་རུ་བཏང་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།  


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号