མཚོ་བྱང་ཁུལ་གྱིས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གསར་སྐྲུན་བྱེད་པའི་ཆེད་དོན་ཚོགས་འདུ་ཚོགས་པ། 

ཟླ7པའི་ཚེས6ཉིན། མཚོ་བྱང་ཁུལ་གྱིས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གསར་སྐྲུན་བྱེད་པའི་ཆེད་དོན་ཚོགས་འདུ་ཚོགས་ནས་བྱ་བ་སོ་སོའི་འཕེལ་རིམ་གནས་ཚུལ་ལ་ཉན་པ་དང་འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཚོགས་འདུར་ཞུགས།

ཤ་བོ་སྐྱབས་ཀྱིས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གསར་སྐྲུན་བྱ་རྒྱུ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་དང་ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་སྐྱེ་ཁམས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཡིན་པས་དམངས་འཚོའི་བདེ་སྐྱིད་དང་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ལངས་གནས་སྔར་བས་མཐོ་རུ་བཏང་སྟེ་ཕྱོགས་སོ་སོའི་ཐོན་ཁུངས་སྟོབས་ཤུགས་གཅིག་འདོམས་དང་ཕྱོགས་སོ་སོའི་འགན་འཁྲི་ཏན་ཏིག་ངང་འཁུར་ནས་སྲིད་ཇུས་ཀྱི་བླང་བྱ་སོ་སོ་ཁོང་དུ་ཆུད་པར་བྱས་ཏེ་བརྒྱུད་རིམ་ལྡན་པའི་ངང་ཇུས་འགོད་དང་བྱེད་ཐབས་གསར་གཏོད་བྱས་ནས་ནུས་ཤུགས་ཡོད་རྒུས་གསར་སྐྲུན་གྱི་ལས་འགན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་དཔེ་ཚད་འཛུགས་རྒྱུའི་བརྩོན་ལེན་བྱེད་དགོས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ལ་བྱ་བའི་གནས་ཚུལ་ཡར་ཞུ་བྱས་ཏེ། ཧུར་ཐག་གིས་དམིགས་བསལ་བདག་གཉེར་དབང་ཆ་བརྩོན་ལེན་བྱས་ཏེ། སྔ་མོ་ནས་སྒོ་ཕྱེ་ནས་མགྲོན་བསུ་བྱེད་དགོས་པར་བསྟན།

ཤ་བོ་སྐྱབས་ཀྱིས་སྲུང་སྐྱོབ་དང་འཕེལ་རྒྱས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་ཨང་དང་པོར་བརྩི་བ་དང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་བྱ་རྒྱུ་དམིགས་ཚད་དུ་བྱས་ཏེ་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་བྱེད་པའི་གོ་སྐབས་དམ་འཛིན་བྱས་ནས་ཞན་ཆ་དང་སྟོང་ཆར་དམ་པོར་དམིགས་པ་དང་འབྲེལ་མཐུད་བྱ་རྒྱུར་ཤུགས་བསྣན་ཏེ་འཆར་འགོད་མ་ལག་དང་སྐྱེ་ཁམས་ཁ་གསབ། གནས་སྤོས་ཡུལ་མི། ཕྱོགས་བསྡུས་ཁྲིམས་བསྟར། ཁྱབ་ཁོངས་དབྱེ་འབྱེད་སོགས་ཀྱི་བྱ་བ་སོ་སོར་སྤྱི་འདོམས་སྐུལ་འདེད་གཏོང་བ།  གོ་སྐབས་དམ་འཛིན་དང་རང་འགུལ་ངང་བྱ་སྤྱོད་སྤེལ་བ་བཅས་བྱས་ནས་མཚོ་སྐོར་བྱང་ངོགས་ཀྱི་མདའ་བཞི་རྫོང་ཁེ་ཐུའུ་བྱེ་བཅོས་དཔེ་སྟོན་ཁུལ་དང་བྱེ་མ་གསེར་ལྡན། རྐང་ཚ་རྫོང་དགོ་དམར་སྲུང་སྐྱོབ་དམིགས་བསལ་ཁུལ། མཚོ་འཁྱིལ་གསེར་ཉ་ཡར་འགྲོ་ལྟ་ཞིབ་ཚད་ལེན་ས་ཚིགས། གཡུ་དཀར་འོམ་ལུང་ཡུལ་ཚོའི་དམངས་སྲོལ་རིག་གནས་འགྲེམས་སྟོན་ཁུལ། ལྷ་ཆབ་མྱོང་རོལ་ལྗོངས་ཁུལ་བཅས་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་ཁུལ6གསར་སྐྲུན་བྱ་རྒྱུར་གཙོ་གནད་ཐོག་དམ་འཛིན་བྱས་ནས་ནགས་ཚལ་དང་རྩྭ་ཐང་བཀོལ་སྤྱོད་འགྲོ་ལུགས་སོགས་ཀྱི་དུས་མགོའི་བྱ་བ་དོན་འཁྱོལ་ཧུར་ཐག་བྱེད་དགོས། མ་དངུལ་གཏོང་བསྡུའི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་ཨར་སྐྲུན་གྱི“དུས་ཚོད་ཡག་ཤོས”དམ་འཛིན་བྱེད་པ། མཚོ་སྐོར་བྱང་ངོགས་ཀྱི་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཞབས་ཞུའི་སྒྲིག་བཀོད་ཆ་ཚང་འབྲེལ་མཐུད་ལག་བསྟར་ཡག་པོ་བྱེད་པ། ཡུལ་སྐོར་སྤྱི་པའི་གསང་སྤྱོད་ཁང་དང་རླངས་འཁོར་འཇོག་ས། སྐྱེ་ཁམས་ལྗོངས་གཟིགས་སྟེགས་བུ་དང་གཞུང་ལམ་སྒྲིག་བཀོད་ཇེ་ལེགས་དང་རིམ་སྤོར་སོགས་ཀྱི་བྱ་བར་དམ་འཛིན་ཏན་ཏིག་བཅས་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྐུལ་དོ་དམ་འགན་འཁྲི་ནན་དུ་བཏང་ནས་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཁྱོན་ཡོངས་ནས་གྲལ་བཤེར་དང་བཅོས་སྒྲིག་བྱས་ཏེ་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་དགོས། ཁོངས་གཏོགས་ཁུལ་གྱི་དོ་དམ་འགན་འཁྲི་དོན་འཁྱོལ་ཡག་པོ་བྱས་ནས་ཡུལ་སྐོར་ལམ་རྒྱུད་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་དང་ཡུལ་སྐོར་ཁྲོམ་རའི་ཚད་ལྡན་བཅོས་སྒྲིག་ཐད་མུ་མཐུད་ཤུགས་སྣོན་པ་དང་། སྐོར་ཞིབ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། ཉེ་འཁོར་མང་ཚོགས་ཀྱིས་རང་འགུལ་ངང་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱ་རྒྱུར་ཁྲིད་སྟོན་བྱེད་པ། དོ་དམ་གྱི་རྨོངས་ཁུལ་དང་ཉམས་ཞན་ལྷུ་ཚིགས་ཟམ་མི་ཆད་པར་མེད་པར་བཟོ་བ། གླེང་ཕྱོགས་ཀྱི་ཆ་འཕྲིན་སྣ་ཚོགས་ལ་ཁ་གཏད་གཅོག་པ་དང་ཐག་གཅོད་ནུས་ལྡན་བྱེད་པའི་གྲ་སྒྲིག་བྱ་བ་སོ་སོ་ཡག་པོ་སྒྲུབ་པ་བཅས་བྱས་ནས་ཡུལ་སྐོར་ཁྲོམ་ར་བཅོས་སྒྲིག་གི་ཕན་འབྲས་སྲ་བརྟན་དུ་གཏོང་དགོས་པ་ནན་གྱིས་བསྟན།

ཀྲང་ཧྲིང་ཡོན་གྱིས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གསར་སྐྲུན་བྱ་བ་ནི་བརྒྱུད་རིམ་ལྡན་པའི་བཟོ་སྐྲུན་ཞིག་ཡིན་པ་དང་ཕྱོགས་སོ་སོ་དང་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་འབྲེལ་གཏུག་སྦྲེལ་མཐུད་དང་བྱ་བ་གཞོགས་འདེགས་དམ་ཟབ་བྱས་ཏེ་ཚད་གཞི་དང་རེའུ་མིག་ལ་བསྟུན་ནས《རྒྱལ་ཁབ་སྤྱི་གླིང་གཏོད་པའི་ཕྱོགས་སྟོན》དང《མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་ལག་བསྟར་ཇུས་གཞིར》ཁྱོན་ཡོངས་ནས་དམིགས་ཏེ་ལྷག་པའི་གནད་དོན་དུས་ཐོག་ཏུ་མཐུན་སྦྱོར་དང་ཐག་གཅོད་བྱས་ཏེ་གཙོ་གནད་ལས་འགན་སོ་སོ་རིམ་པ་བཞིན་སྐུལ་འདེད་གཏོང་པ།《རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གསར་སྐྲུན་བྱེད་པའི་བྱ་བའི་ཇུས་གཞི》མཛུབ་ཁྲིད་དུ་བྱས་ནས་མཚོ་སྐོར་བྱང་ངོགས་མཐའ་འཁོར་གྱི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་ས་ཚིགས་དྲུག་གི་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་དུས་བཀག་ལྟར་ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོན་པོས་གསར་སྐྲུན་བྱ་བ་ལེགས་སྒྲུབ་བྱ་རྒྱུའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།

ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་སངས་འབུམ། མ་རུའུ་ཞང་། ཁུལ་ཨུའི་གཞུང་ལས་ཁང་དང་ཁུལ་སྲིད་གཞུང་གཞུང་ལས་ཁང་། ཁུལ་རང་བྱུང་ཐོན་ཁུངས་ཅུས། ཁུལ་ནགས་ལས་དང་རྩྭ་ཐང་ཅུས། ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས། ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཁག་དང་། རྐང་ཚ་རྫོང་དང་མདའ་བཞི་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ། ལས་བགོས་འགན་འཁུར་བློ་མཐུན་བཅས་དང་དེ་བཞིན་མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་རྐང་ཚ་ཡན་ལག་ཅུས་དང་མདའ་བཞི་ཡན་ལག་ཅུས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号