རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོའི་བྱེད་སྒོ་གལ་ཆེན་ཞིག་ཁྲེང་ཏུའུ་ནས་སྤེལ།

ཟླ་བ་བཞི་པའི་ཚེས་སུམ་ཅུ་ཉིན་ཁམས་པའི་བརྙན་འཕྲིན་ཁང་དང་པདྨ་གསེར་བྲིས་གླིང་། ཀྲུང་གོའི་བོད་ཀྱི་ཡིག་གཟུགས་དྲ་བ་བཅས་ཀྱིས་མཉམ་དུ་སྒྲུབ་པའི་པདྨ་གསེར་སྨྱུག་རྟགས་མའི་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་སྐབས་དང་པོའི་གཟེངས་བསྟོད་མཛད་སྒོ་དང་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོའི་བརྗོད་དོན་གཙོ་བོའི་ཐད་གཏོང་བྱེད་སྒོ་ཁྲེང་ཏུའུ་ནས་བདེ་བླག་ངང་སྤེལ་བ་རེད།

བོད་ཀྱི་ཡིག་གཟུགས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས། བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་ལྟ་བུ་ཞིག་ཡིན་ཞིང། དེའི་ནང་དུ་མི་རིགས་རིག་གནས་ཀྱི་ལོ་རྒྱུས་དང་སྲོལ་རྒྱུན། བརྩེ་བ་བཅས་འདུས་ཡོད། ༢༠༠༨ལོ་ནས་བཟུང་། བོད་ཀྱི་ཡིག་གཟུགས་དེ་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་མིང་ཐོ་ཁག་གཉིས་པའི་ནང་བཞག་པ་རེད།

ཐེངས་འདིའི་བྱེད་སྒོའི་ནང་བོད་ལྗོངས་ལྷ་ས་དང་ཆབ་མདོ། ནག་ཆུ། ལྷོ་ཁ། མངའ་རིས་བཅས་དང་། མཚོ་སྔོན་ཞིང་ཆེན་གྱི་མཚོ་ལྷོ་དང་རྨ་ལྷོ། མགོ་ལོག། ཡུལ་ཤུལ། མཚོ་བྱང་། སི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་དང་རྔ་བ། མུ་ལི། ཀན་སུའུ་ཀན་ལྷོ། ཡུན་ནན་བདེ་ཆེན། ཁྲེང་ཏུའུ། ཟི་ལིང་། པེ་ཅིན་སོགས་ནས་འགྲན་ཞུགས་བརྩམས་ཆོས༡༦༧༢འབྱོར་འདུག དཔྱད་འདེམས་རིམ་པ་བཅུ་བརྒྱུད་མཐར་ཁྱད་དུ་འཕགས་པའི་བརྩམས་ཆོས་བརྒྱད་ལ་སོ་སོར་བྱ་དགའ་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་གནང་བ་རེད།

ཁམས་པའི་བརྙན་འཕྲིན་གྱི་འདར་དབྱངས་དང་། བརྙན་སྟེགས། ཤམ་བྷ་ལའི་ཆ་འཕྲིན་མགྲོན་སྣེ་སོགས་ནས་ཐེངས་འདིའི་བྱེད་སྒོའི་ཐད་གཏོང་ལ་གཟིགས་མཁན་མི་གྲངས་འབུམ་བཞི་དང་། གཟེངས་རྟགས་སྣོན་མཁན་མི་གྲངས་ས་ཡ་བཞི་དང་འབུམ་ལས་བརྒལ་བ་རེད།

ཐེངས་འདིའི་བྱེད་སྒོའི་འགྲེམ་སྟོན་ནང་ཚུད་པའི་བརྩམས་ཆོས་བརྒྱ་དང་ལྔ་བཅུ་ཡོད་པ་དེ་སི་ཁྲོན་ཞིང་ཆེན་གྱི་བོད་ཀྱི་སྲོལ་རྒྱུན་ལག་ཤེས་སྒྱུ་རྩལ་ཁྲིད་སྦྱོང་རྟེན་གཞི་ནས་ཟླ་དྲུག་པའི་བར་འགྲེམ་སྟོན་བྱ་རྒྱུ་ཡིན་ལ། བརྩམས་ཆོས་དེ་དག་ཟླ་བ་ལྔ་པའི་ཚེས་གཅིག་ཉིན་ནས་བཟུང་། རིམ་བཞིན་ཁམས་པའི་བརྙན་འཕྲིན་དྲ་བ་དང་། ཤམ་བྷ་ལའི་ཆ་འཕྲིན་མགྲོན་སྣེ་སོགས་ནས་འགྲེམ་སྟོན་བྱ་རྒྱུ་རེད།

ཚོགས་ཞུགས་མི་སྣའི་མཉམ་པར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号