བོད་ལྗོངས་ཀྱི་ཕུག་ལམ་རིང་ཤོས་དེ་ཤར་གཏོང་ཐུབ་པ།

ཟླ6པའི་ཚེས30ཉིན། རྒྱལ་ལམ318ཀྱི་སྨར་ཁམས་རྫོང་རོང་མེ་གྲོང་རྡལ་ནས་མཆོད་རྟེན་ཞང་གི་འདན་པ་གྲོང་ཚོའི་བར་གྱི་ཕུག་ལམ་རིང་ཤོས་ཇོ་པ་ལའི་ཕུག་ལམ་དངོས་སུ་ཤར་གཏོང་བྱས།  ཕུག་ལམ་དེར་བྲག་ཕུག་གི་གཅིག་ནང་ཕྱོགས་གཉིས་ཀར་སྐྱོད་ཆོག་པས། སྨར་ཁམས་རྫོང་ནས་མཛོ་སྒང་རྫོང་བར་རླངས་འཁོར་ལ་སྡོད་པའི་དུས་ཚོད་དེ་ཆུ་ཚོད་གཅིག་གིས་མགྱོགས་སུ་ཕྱིན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་ཀྱི་ལས་གྲྭ་གཙོ་བོའི་གྲས་སུ་སྨི6995ཟིན་པའི་ཕུག་ལམ་དང་། སྨི2567ཟིན་པའི་ལམ་གཞིའི་ལས་གྲྭ། སྨི381ཟིན་པའི་ཟམ་པ་སོགས་ཚུད་ཡོད་ཅིང་། དེ་རིམ་པ་གསུམ་པའི་གཞུང་ལམ་གྱི་ཚད་གཞི་ལྟར་བསྐྲུན་པ་དང་། སྤྱིར་ན་ལམ་གཞིའི་ཞེང་ཚད་ལ་སྨི7.5དང་ལམ་ངོས་ཀྱི་ཞེང་ཚད་ལ་སྨི6.5ཡོད་པ་རེད།

ཇོ་པ་ལའི་ལམ་དུམ་ནི་རྒྱལ་ལམ318ལམ་ཐིག་གི་བགྲོད་བསྐྱོད་དཀའ་ཤོས་ཀྱི་ལམ་དུམ་ཞིག་ཡིན་ཞིང་། སྤྱི་ལེ29ཡི་རི་ལམ་དུ་གཡང་གཟར་ཞིང་གུག་ཆ་མང་པོ་ཡོད་པའི་ཁར་ལམ་རྡིབ་པ་དང་། རི་ཉིལ་བ། འདམ་རྡོའི་ཆུ་རུད་ཐོན་པ། གངས་གསོག་ཐེབས་པ། འཁྱགས་པ་ཐེབས་པ་སོགས་ཀྱི་གནོད་འཚེ་ཡང་སེ་ཐོན་གྱི་ཡོད། ཇོ་པ་ལའི་ཕུག་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་ལས། རླངས་འཁོར་གྱི་ལམ་ཐག་སྤྱི་ལེ19ཐུང་དུ་ཕྱིན་པ་དང་།  འགྲོ་སྐྱོད་ཀྱི་དུས་ཚོད་ཆུ་ཚོད1ལྷག་ཙམ་ཐུང་དུ་ཕྱིན་པས། རྒྱལ་ལམ318ཀྱི་ཇོ་པ་ལའི་ལམ་དུམ་གྱི་ཤར་གཏོང་ཐུབ་ཚད་མཐོ་རུ་གཏོང་བ་དང་། ས་གནས་དེ་གའི་གྲོང་མིའི་འཚོ་བའི་ཆུ་ཚད་ལེགས་སུ་གཏོང་བ། ས་ཁོངས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་སོགས་མཐུན་རྐྱེན་མང་པོ་བསྐྲུན་ཡོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号