ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག༼ ཁག21པ།༽

ལེའུ་བརྒྱད་པ། སྤྱོད་གཙང་གི་སྒྲིག་ཁྲིམས་དང་འགལ་བའི་བྱ་སྤྱོད་ལ་ཆད་པ་གཅོད་ཕྱོགས་སྐོར།

དོན་ཚན་གོ་བཞི་པ། ཏང་ཡོན་ལས་བྱེད་པས་ངེས་པར་དུ་མི་དམངས་ཀྱིས་སྤྲད་པའི་དབང་ཆ་ཡང་དག་པར་སྤྱོད་པ་དང་། གཞུང་དྲང་སྤྱོད་གཙང་བྱས་ནས། ཁྱད་དབང་གི་བསམ་བློ་དང་ཁྱད་དབང་གི་སྣང་ཚུལ་ལ་ངོ་རྒོལ་དང་། འགན་དབང་གང་བྱུང་དུ་སྤྱོད་པ་དང་སྒེར་གྱི་ཁེ་ཕན་གཉེར་བའི་བྱ་སྤྱོད་མཐའ་དག་ལ་ངོ་རྒོལ་བྱེད་དགོས།

འགན་དབང་ངམ་ཡང་ན་གོ་གནས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་མི་གཞན་ལ་ཁེ་ཕན་སྒྲུབ་རོགས་བྱས་པ་དང་། རང་གི་བཟའ་ཟླ་དང་། བུ་ཕྲུག་དང་དེའི་བཟའ་ཟླ་སོགས་གཉེན་ཉེ་དང་དམིགས་བསལ་གྱི་འབྲེལ་བ་ཡོད་མཁན་གཞན་དག་གིས་ཕ་རོལ་པོའི་ས་ནས་རྒྱུ་དངོས་བླངས་ཚེ། ཉེས་ཚབས་ཅུང་ཆེ་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་རྒྱུ་དང་། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཡང་ན་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

དོན་ཚན་གོ་ལྔ་པ། ཕན་ཚུན་འགན་དབང་སྤྱོད་པའམ་ཡང་ན་གོ་གནས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་ཕ་རོལ་པོ་དང་དེའི་བཟའ་ཟླ་དང་། བུ་ཕྲུག་དང་དེའི་བཟའ་ཟླ་སོགས་གཉེན་ཉེ་དང་། ཉེ་འགྲམ་གྱི་ལས་བྱེད་མི་སྣ་དང་དམིགས་བསལ་གྱི་འབྲེལ་བ་ཡོད་མཁན་གཞན་དག་བཅས་ལ་ཁེ་ཕན་རག་ཐབས་དང་དབང་ཆ་ཉོ་ཚོང་བྱས་རིགས་ལ། ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཅུང་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

དོན་ཚན་གོ་དྲུག་པ། བཟའ་ཟླ་དང་། བུ་ཕྲུག་དང་དེའི་བཟའ་ཟླ་སོགས་གཉེན་ཉེ་དང་། ཉེ་འགྲམ་གྱི་ལས་བྱེད་མི་སྣ་དང་དམིགས་བསལ་གྱི་འབྲེལ་བ་ཡོད་མཁན་གཞན་དག་བཅས་ཀྱིས་ཏང་ཡོན་ལས་བྱེད་པ་རང་ཉིད་ཀྱི་འགན་དབང་ངམ་ཡང་ན་གོ་གནས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་སྒེར་ཕན་བསྒྲུབས་ཚེ། ཉེས་ཚབས་ཅུང་ཆུང་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཅུང་ཆུང་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

ཏང་ཡོན་ལས་བྱེད་པའི་བཟའ་ཟླ་དང་། བུ་ཕྲུག་དང་དེའི་བཟའ་ཟླ་སོགས་གཉེན་ཉེ་དང་དམིགས་བསལ་གྱི་འབྲེལ་བ་ཡོད་མཁན་གཞན་དག་གིས་དངོས་སུ་ལས་དོན་མ་བསྒྲུབས་པར་རྔན་པ་བླངས་པའམ་ཡང་ན་དངོས་སུ་ལས་དོན་བསྒྲུབས་ཀྱང་གོ་གནས་གཅིག་མཚུངས་ཀྱི་ཚད་གཞི་ལས་མངོན་གསལ་བརྒལ་བའི་རྔན་པ་བླངས་པ་དང་། ཏང་ཡོན་ལས་བྱེད་པས་ནོར་འཁྲུལ་ཤོར་བ་ཤེས་བཞིན་དུ་ཡོ་བསྲང་མི་བྱེད་པའི་རིགས་ལ་གོང་འཁོད་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་ཐག་གཅོད་བྱ་རྒྱུ།

དོན་ཚན་གོ་བདུན་པ། གཞུང་དོན་དྲང་གཞག་སྒྲུབ་པར་གནོད་སྲིད་པའི་ལག་རྟགས་དང་། འབུལ་རྟེན། འཛད་སྤྱོད་བྱང་བུ་(འཛིན་ཤོག་)དང་རིན་ཡོད་དངུལ་འཛིན། རྐང་དབང་། དངུལ་རྩའི་ཐོན་རྫས་གཞན་དག་ལ་སོགས་པའི་རྒྱུ་དངོས་བླངས་ཚེ། ཉེས་ཚབས་ཅུང་ཆུང་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཅུང་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

རྒྱུན་ལྡན་གྱི་འབྲེལ་བ་ལས་མངོན་གསལ་གྱིས་བརྒལ་བའི་རྒྱུ་ནོར་གཞན་དག་བླངས་རིགས་ལ་གོང་འཁོད་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་ཐག་གཅོད་བྱ་རྒྱུ།དོན་ཚན་གོ་བརྒྱད་པ། གཞུང་དོན་སྒྲུབ་མཁན་དང་དེའི་བཟའ་ཟླ་དང་། བུ་ཕྲུག་དང་དེའི་བཟའ་ཟླ་སོགས་གཉེན་ཉེ་དང་། དམིགས་བསལ་གྱི་འབྲེལ་བ་ཡོད་མཁན་གཞན་དག་ལ་རྒྱུན་ལྡན་གྱི་འབྲེལ་བ་ལས་མངོན་གསལ་གྱིས་བརྒལ་བའི་ལག་རྟགས་དང་། འབུལ་རྟེན། འཛད་སྤྱོད་བྱང་བུ་(འཛིན་ཤོག་) དང་རིན་ཡོད་དངུལ་འཛིན། རྐང་དབང་། དངུལ་རྩའི་ཐོན་རྫས་གཞན་དག་ལ་སོགས་པའི་རྒྱུ་དངོས་སྤྲད་ན། ཉེས་ཚབས་ཅུང་ཆེ་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ།སློབ་ཁྲིད་རིན་པ་དང་། ཞིབ་འཇུག་གི་གྲོན་དངུལ། བློ་འདྲིའི་གྲོན་དངུལ་སོགས་ཀྱི་མིང་ཐོག་ནས་རྣམ་པ་བསྒྱུར་ཏེ་ལག་རྟགས་སྤྲད་རིགས་ལ། གོང་འཁོད་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་ཐག་གཅོད་བྱ་རྒྱུ།

དོན་ཚན་གོ་དགུ་པ། དོ་དམ་དང་ཞབས་ཞུ་བྱ་ཡུལ་གྱི་དངུལ་དང་། སྡོད་ཁང་། རླངས་འཁོར་སོགས་གཡར་སྤྱོད་བྱས་ཏེ་གཞུང་དོན་དྲང་གཞག་སྒྲུབ་པར་ཤུགས་རྐྱེན་ཐེབས་སྲིད་པའི་རིགས་ལ། ཉེས་ཚབས་ཅུང་ཆེ་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་རྒྱུ་དང་། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཡང་ན་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།དམངས་ཁྲོད་དུ་བུ་ལོན་གཏོང་ལེན་སོགས་དངུལ་རྩའི་བྱེད་སྒོ་བརྒྱུད་ཐོབ་ཆ་འབོར་ཆེན་བླངས་ནས་གཞུང་དོན་དྲང་གཞག་སྒྲུབ་པར་གནོད་སྲིད་པའི་རིགས་ལ། གོང་འཁོད་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་ཐག་གཅོད་བྱ་རྒྱུ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号