ཤ་བོ་སྐྱབས་མཚོ་བྱང་ཁུལ་དེང་རབས་མཐོ་སྒང་སྐྱེ་ཁམས་ཚན་རྩལ་གླིང་དང་མཚོ་བྱང་མགྲོན་ཁང་དུ་བསྐྱོད་དེ་ཡུལ་དངོས་ནས་གཞུང་དོན་སྤེལ།  


ཟླ3པའི་ཚེས7ཉིན་གྱི་དགོང་མོར།  ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་མཚོ་བྱང་གིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་པའི་གཙོ་གནད་ལས་འགན་དང་རང་སྐྱོང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་དུས་མགོའི་གྲ་སྒྲིག་བྱ་བར་དམིགས་ནས། མཚོ་བྱང་ཁུལ་དེང་རབས་མཐོ་སྒང་སྐྱེ་ཁམས་ཚན་རྩལ་གླིང་དང་མཚོ་བྱང་མགྲོན་ཁང་དུ་ཡུལ་དངོས་ནས་གཞུང་དོན་སྤེལ།  



མཚོ་བྱང་ཁུལ་དེང་རབས་མཐོ་སྒང་སྐྱེ་ཁམས་ཚན་རྩལ་གླིང་དུ་ཤ་བོ་སྐྱབས་ཀྱིས་དེང་རབས་མཐོ་སྒང་སྐྱེ་ཁམས་ཚན་རྩལ་གླིང་སྒྱུར་བཀོད་ལས་གཞིའི་ཇུས་འགོད་ཇུས་གཞིར་ནན་ཏན་ངང་ཉན་པ་དང་འབྲེལ་ཁས་ལེན་གང་ལེགས་གནང་ལ། འབྲེལ་ཡོད་སྡེ་ཁག་གིས་རང་སྐྱོང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་དགོས་གཏུགས་ཀྱི་བསམ་པ་དང་འགན་འཁྲིའི་བསམ་པ་སྔར་ལས་ཆེ་རུ་གཏོང་བ་དང་། “བབ་ཆགས་ཀྱི་འཚོ་བ་སྐྱེལ་བའི”བླང་བྱ་ལག་བསྟར་ནན་ཏན་བྱེད་པ། སྤུས་ལེགས་ནུས་ཆེའི་སྒོ་ནས་དེང་རབས་མཐོ་སྒང་སྐྱེ་ཁམས་ཚན་རྩལ་གླིང་གི་ཟ་ཁང་སྒྱུར་བཀོད་ལས་གཞིར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཟླ5བའི་ཟླ་མགོར་སྤྱོད་ཐུབ་པ་དང་ཕྱོགས་བསྡུས་ཕན་ནུས་སྔ་མོ་ནས་ཐོན་ཐུབ་པའི་འགན་ལེན་བྱེད་དགོས། འཛུགས་སྐྲུན་གྱི་གོ་རིམ་ལག་བསྟར་ནན་མོ་བྱེད་དགོས། འབྲེལ་ཡོད་སྡེ་ཁག་གིས་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབ་ནས། ཚན་རིག་དང་མཐུན་པའི་སྒོ་ནས་ཕྱི་རོལ་ལྗང་མདོག་ཁུལ་དང་རླངས་འཁོར་འཇོག་ས། ཁང་བའི་ནང་གི་ལས་བཟོ་བའི་ཟ་ཁང་། ཟ་མའི་ཚོམས་ཆེན། ངལ་གསོ་ལྟ་ཀློག ལྗང་སྒྱུར་མེ་ཏོག་འདེབས་པ་སོགས་བྱེད་ནུས་སྒྲིག་ཆས་བཀོད་སྒྲིག་ལུགས་མཐུན་བྱེད་པ་དང་། འབྲེལ་ཡོད་ལས་གཞི་འཛུགས་སྐྲུན་གྱི་ཚད་གཞི་ལག་བསྟར་ནན་མོ་བྱེད་པ། བརྒྱུད་རིམ་ཧྲིལ་བོའི་སྤུས་ཚད་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཚད་གཞི་དང་རེའུ་མིག་ལྟར་བཟོ་སྐྲུན་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་སྤུས་ལེགས་བཟོ་སྐྲུན་དང་སྤྱོད་གཙང་བཟོ་སྐྲུན་ཧུར་ཐག་སྒོས་སྐྲུན་ཏེ་བྱ་བ་བཟང་པོ་དངོས་གནས་ཡག་པོར་བསྒྲུབ་དགོས། སྤུས་ཚད་བདེ་འཇགས་དོ་དམ་ཚོད་འཛིན་ནན་མོ་བྱེད་དགོས། སྤུས་ཚད་བདེ་འཇགས་ཀྱི་དོ་དམ་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་ཨར་སྐྲུན་ལས་ཡུལ་དུ“གཟའ་འཁོར་རེར་བཀོད་གཏོང་བྱེད་པ”དང་། ཨར་ལས་དང་ལྟ་སྐུལ་དོ་དམ་དབར་འབྲེལ་གཏུག་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་པ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་ལ་ཤུགས་སྣོན་པ། བདེ་འཇགས་ཐོན་སྐྱེད་ཀྱི་བྱ་ཐབས་སོ་སོ་དོན་འཁྱོལ་ཡག་པོ་བྱེད་པ། དོན་རྐྱེན་གྱི་མངོན་མེད་རྐྱེན་ངན་སེལ་བ། བདེ་འཇགས་དོན་རྐྱེན་འབྱུང་རྒྱུར་དོགས་ཟོན་བཅས་བྱེད་དགོས་པར་བསྟན།   



མཚོ་བྱང་མགྲོན་ཁང་དུ་ཤ་བོ་སྐྱབས་ཀྱིས་མགྲོན་ཁང་གི་ཞིག་གསོ་སྒྱུར་བཀོད་ལས་གཞིའི་འཕེལ་རིམ་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་དང་འབྲེལ་མཚོ་བྱང་མགྲོན་ཁང་གི་ཞིག་གསོ་སྒྱུར་བཀོད་བྱ་བའི་ཐད་ཞིབ་ཕྲའི་བླང་བྱ་བཏོན། འཕེལ་རིམ་ལ་དམ་འཛིན་ནན་མོ་བྱས་ཏེ་ཞིག་གསོ་དང་སྒྱུར་བཀོད་བྱ་བའི་སྤུས་ཚད་དང་བདེ་འཇགས། འཕེལ་རིམ་བཅས་ལ་རྒྱུན་གཏན་གྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ལས་འགན་ཁག་བགོས་སྔར་ལས་ཞིབ་ཚགས་སུ་གཏོང་བ་དང་། དུས་ཚོད་དང་རེའུ་མིག་ཁ་གསལ་བཟོས་ཏེ་ཐོན་ཁུངས་དང་སྟོབས་ཤུགས་གཅིག་སྡུད་ཀྱིས་མགྲོན་ཁང་ཞིག་གསོ་དང་སྒྱུར་བཀོད་ཀྱི་ལས་འགན་སོ་སོར་སྐུལ་འདེད་གཏོང་དགོས། བཟའ་བཏུང་པུའུ་ཡིས་ཟླ3པའི་ཟླ་མཇུག་ཏུ་ཚོད་ལྟའི་ལས་གཉེར་ཐུབ་པ་དང་ཐོག་བརྩེགས2པ་དང3པ་ཟླ4བའི་ཟླ་མགོར་ལས་མཇུག་སྒྲིལ་ནས་ཟླ5བའི་ཟླ་སྟོད་དུ་ལས་གཉེར་ཐུབ་རྒྱུའི་འགན་ལེན་བྱེད་དགོས། ལེགས་ཆ་འདོན་སྤེལ་བྱས་ཏེ་མཚོ་བྱང་མགྲོན་ཁང་གིས་སྲིད་གཞུང་གི་ལས་ཁུངས་སོ་སོའི་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་གྱི་འགན་ནུས་དང་དེ་བཞིན“མཚོ་བྱང་མགྲོན་ཁང”གི་ཆས་རྟགས་མིང་ཅན་གྱི་ལེགས་ཆ་དམ་འཛིན་བྱས་ཏེ། ཞབས་ཞུ་དང་བཟའ་བཏུང་སོགས་ཀྱི་ཐད་ནས་གསར་གཏོད་དང་ཁྱད་ཆོས་ལྡན་པ་བྱེད་དགོས། དེ་དང་ཆབས་ཅིག་མི་རིགས་མཐུན་སྒྲིལ་གླིང་གི་ས་ཁམས་ལེགས་ཆ་གང་ལེགས་སྤྱད་དེ་ཁྱད་ཆོས་མངོན་གསལ་དོད་པ་བྱེད་དགོས། དོ་དམ་ཇེ་ལེགས་སུ་གཏོང་བ་དང་དོ་དམ་བྱེད་སྟངས་སྔར་ལས་ཇེ་ལེགས་སུ་བཏང་ནས་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། མགྲོན་ཁང་དོ་དམ་གྱི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་ཐབས་ལམ་རྒྱ་ཆེར་ཧུར་ཐག་བཏང་ནས། “མངགས་ཐོའི་རྣམ་པ”དང“ཁ་ཕྱོགས་གཏན་འཁེལ་གྱི་རྣམ་པ”བཅས་དང་། དེ་བཞིན་དགེ་ཕྲུག་ལམ་ལུགས་གསར་བའི་གསོ་སྦྱོང་ལ་སྐུལ་འདེད་གཏོང་བ་དང་སྟབས་བསྟུན་ལས་ཞུགས་མི་སྣ་འགན་བཅོལ་ནང་ཞུགས་རྒྱུར་སྐུལ་འདེད་བཏང་སྟེ་མི་ཚང་མས་ནུས་ཤུགས་བཏོན་ཏེ་སྔོན་ཐོན་བརྩོན་ལེན་བྱེད་པའི་རྣམ་པ་བཟང་བོ་སྐྲུན་ཏེ། བྱ་བའི་སྒུལ་ཤུགས་གཅིག་སྒྲིལ་དང་བྱ་བའི་རྣམ་པ་གསར་གཏོད་བྱས་ནས་རང་སྐྱོང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་གལ་ཆེན་གྱི་ཞབས་ཞུ་འགན་ལེན་བྱ་བ་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་ཡོང་བར་འགན་ལེན་བྱེད་དགོས་པ་ནན་གྱིས་བསྟན།


ཝང་ཡུང་ཁྲང་དང་། ཚོ་ཅི་ཆང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ་ཞུགས།    


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号