མཚོ་བྱང་ཁུལ་དུ་རྒྱལ་ཁབ་ཀྱི4Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་གཅིག་དང་རྒྱལ་ཁབ་ཀྱི3Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་གསུམ་མང་དུ་ཕྱིན་ཡོད

ཉེ་ཆར།  མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས《ཡུལ་སྐོར་ལྗོངས་ཁུལ38རྒྱལ་ཁབ་ཀྱིAརིམ་པའི་ཡུལ་སྐོར་ལྗོངས་ཁུལ་དུ་གཏན་འཁེལ་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས》(མཚོ་སྔོན་རིག་གནས་ཡུལ་སྐོར་ཐིན་གྱིས་སྤེལ“2023”ཨང177)བཏང་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཀྱི་ཚད་གཞིའི《ཡུལ་སྐོར་ལྗོངས་ཁུལ་གྱི་སྤུས་ཚད་རིམ་དབྱེ་དང་དཔྱད་བསྡུར་གཏན་འབེབས》དང《ཡུལ་སྐོར་ལྗོངས་ཁུལ་གྱི་སྤུས་ཚད་རིམ་པའི་དོ་དམ་བྱ་ཐབས》གཞིར་བཟུང་། འབྲེལ་ཡོད་གྲོང་ཁྱེར་དང་ཁུལ་གྱི་རིག་གནས་དང་ཡུལ་སྐོར་སྲིད་འཛིན་སྡེ་ཁག་གིས་འོས་སྦྱོར་བྱས་པ་བརྒྱུད། མཚོ་བྱང་ཁུལ་མདའ་བཞི་རྫོང་གི་མདའ་བཞི་དམངས་སྲོལ་སྡེ་བའི་ལྗོངས་ཁུལ་ནི་རྒྱལ་ཁབ་ཀྱིAAAAརིམ་པའི་ཡུལ་སྐོར་ལྗོངས་ཁུལ་དུ་གཏན་འཁེལ་བྱས་པ་དང་། འཇུ་ལག་བྱ་རྒོད་རི་ལྗོངས་ཁུལ་དང་མདའ་བཞི་རྫོང་བོན་གྱའི་ཕྱུགས་ར་ལྗོངས་ཁུལ། མདོ་ལ་རྫོང་ཆིས་ཧྭ་མཛེས་ལྡན་མཁར་དམར་གནའ་མཁར་མལ་ཚིགས་ལྗོངས་ཁུལ་བཅས་ནི་རྒྱལ་ཁབ་ཀྱིAAAརིམ་པའི་ཡུལ་སྐོར་ལྗོངས་ཁུལ་དུ་བདམས་ཐོན་བྱུང་།


图片

图片

图片


01   མདའ་བཞི་རྫོང་མདའ་བཞི་དམངས་སྲོལ་སྡེ་བ་ལྗོངས་ཁུལ།


图片

02འཇུ་ལག་བྱ་རྒོད་རི་ལྗོངས་ཁུལ།


03 མདའ་བཞི་རྫོང་བོན་གྱ་ཕྱུགས་ར་ལྗོངས་ཁུལ། 



04མདོ་ལ་རྫོང་ཆིས་ཧྭ་མཛེས་ལྡན་མཁར་དམར་གནའ་མཁར་མལ་ཚིགས་ལྗོངས་ཁུལ།



གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号