མདོ་ལ་རིང་མོའི་སྟོན་ལྗོངས་རབ་ཏུ་མཛེས།

མཐོ་སྒང་གི་སྟོན་མགོར། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་གྱི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་ཁོངས་སུ་རི་རྒྱུད་མུ་རུ་འབྲེལ་ཞིང་སྨུག་སྤྲིན་ལང་ལོང་གཡོ། པར་ལེན་མཁན་གྱིས་ཀྲོང་ངེར་འགྱིངས་པའི་གངས་རི་དང་ལང་ལོང་སྤྲིན་གྱི་རྒྱ་མཚོ་པར་དུ་བླངས་ལ། དེ་ནི་རྨི་ལམ་གྱི་ཞིང་ངམ་ལྷ་ཡུལ་ཁམས་དང་གཉིས་སུ་མེད། རྒྱང་རིང་ནས་བལྟས་ན་རི་ཚོགས་གྱ་གྱུར་འབྲེལ་ཞིང་སྨུག་སྤྲིན་དལ་གྱིས་རྒྱུ་བ་མཐོང་ལ། རི་བོའི་གསེང་གི་ཆུ་མོ་ནི་སུམ་རྩེན་ཡུལ་གྱི་ལྷ་མཚོ་དང་འདྲ་བར། ཞོད་འཇགས་ཀྱི་མཚོ་ངོས་སུ་རི་བོའི་ཚོགས་ཀྱི་ལྡོག་གཟུགས་ཤར་ཡོད་པ་དང་། ཡུལ་སྐོར་པ་རྣམས་སུམ་རྩེན་ས་ལ་འཕོས་འདྲའི་མཛེས་ལྗོངས་ལ་རོལ་བཞིན་འདུག མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདོ་ལ་རྫོང་ནི་མདོ་ལ་རིང་མོར་བརྟེན་ནས་མིང་ཐོགས་ལ། བྱང་དུ་གནའ་བོའི་དར་གོས་ཚོང་ལམ་གྱི་བགྲོད་ལམ་གཙོ་བོ་སྟེ་རྨ་ནུབ་ཁྱམས་རིང་དང་འབྲེལ་ཡོད་པས་མཚོ་སྔོན་གྱི“ལྷོ་སྒོ་ཆེན་མོ”ཞེས་པའི་མཚན་སྙན་ཡོད། དེ་ནི་ནགས་ཚལ་དང་རྩྭ་ཐང་། འཁྱགས་ཀླུང་བཅས་གཞི་གཅིག་ཏུ་འབྲེལ་བའི་རང་བྱུང་སྐྱེ་ཁམས་ཡུལ་སྐོར་ཁུལ་ཞིག་ཡིན་ལ། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་ལྟེ་བའི་ཁུལ་ཡང་ཡིན། 

མདོ་ལ་རིང་མོའི་ནུབ་ཁའི་ཉི་མ། 

མདོ་ལ་རིང་མོའི་མཚེའུའི་མཛེས་ལྗོངས། 

མདོ་ལ་རིང་མོའི་རྩྭ་ཐང་གི་མཚེའུ། 

མདོ་ལ་རིང་མོའི་དཀྱིལ་དབུས་ཀྱི་མཛེས་ལྗོངས། 

སྨུག་སྤྲིན་ལང་ལོང་ཁྲོད་ཀྱི་མདོ་ལ་རིང་མོ། 

ཡུལ་སྐོར་པས་མདོ་ལ་རིང་མོ་ནས་དྲན་རྟེན་འདྲ་པར་ལེན་བཞིན་པ།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号