ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གཉིས་མཚོ་བྱང་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་ལྟེ་གནས་དང221རྟེན་གཞིའི་གནའ་ཤུལ་གྱི་ཡན་ལག་བཟོ་གྲྭ་གསུམ་པར་བསྐྱོད་དེ་བརྟག་ཞིབ་དང་མཛུབ་ཁྲིད་བྱ་བ་སྤེལ།

     ཟླ8པའི་ཚེས22ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གཉིས་སྔ་རྗེས་སུ་མཚོ་བྱང་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་ལྟེ་གནས་དང221རྟེན་གཞིའི་གནའ་ཤུལ་གྱི་ཡན་ལག་བཟོ་གྲྭ་གསུམ་པར་བསྐྱོད་དེ་མཚོ་བྱང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་གཅིག་སྡུད་བྲིན་ཚོང་སྟེགས་བུ་འཛུགས་སྐྲུན་དང་ཁུལ་ཨུའི་ཏང་གི་སློབ་གྲྭའི་སློབ་ཁུལ་གསར་པ། རྒྱལ་སྲུང་སློབ་གསོའི་རྟེན་གཞི་འདེམས་པའི་འཆར་འགོད་བྱ་བར་བརྟག་ཞིབ་དང་མཛུབ་ཁྲིད་བྱས།

     ཤ་བོ་སྐྱབས་ཀྱིས་འགྲེམས་ཚོང་ལྟེ་གནས་སུ་ཁུལ་ཡོངས་ཀྱི་ལྗང་མདོག་ཞིང་ཕྱུགས་ཐོན་རྫས་འགྲེམས་སྟོན་ལ་ལྟ་སྐོར་བྱས་ནས་ཐོན་རྫས་ཉོ་སྒྲུབ་དང་བྲིན་ཚོང་བྱེད་སྟངས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་ཏེ་ཁུལ་ཡོངས་ཀྱི་ཞིང་ཕྱུགས་ཐོན་རྫས་གཅིག་སྡུད་བྲིན་ཚོང་སྟེགས་བུའི་དུས་མགོའི་གྲབས་འཛུགས་གྲ་སྒྲིག་བྱ་བར་ཁས་ལེན་གནང་ཞིང་། ཁུལ་ཡོངས་ཀྱི་མཁོ་འཚོང་ཁོངས་གཏོགས་ཀྱིས་འཁོར་རྒྱུག་གི་གཙོ་འགན་འཁུར་ཡུལ་ལ་དམིགས་པ་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་སྔོན་ལ་ལག་བསྟར་བྱེད་པའི་བྱ་བའི་དམིགས་ཚད་ལ་དམ་པོར་དམིགས་ནས་མཚོ་བྱང་གི་ཞིང་ཕྱུགས་ཐོན་རྫས་བྲིན་ཚོང་ཐབས་ལམ་རྒྱ་ཆེར་གཏོང་རྒྱུར་ཤུགས་བསྣན་ཏེ་མཚོ་བྱང་གི་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་ལྟེ་གནས་འཛུགས་སྐྲུན་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་དགོས་པ་ནན་གྱིས་བསྟན་པ་དང་། འགྲེམས་ཚོང་ལྟེ་གནས་སྐར་ཁུང་དུ་བྱས་ཏེ་དྲ་ཐོག་དང་དྲ་ཕྱིའི་བྲིན་ཚོང་སྟེགས་བུ་བསྐྲུན་པ་བརྒྱུད་ཁུལ་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་གཅིག་སྡུད་ཐོག་བྲིན་ཚོང་བྱས་ནས་མཚོ་བྱང་གི་ལྗང་མདོག་ཞིང་ཕྱུགས་ཐོན་རྫས་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་བྲིན་ཚོང་བྱེད་དགོས། ཁྲོམ་རའི་དགོས་མཁོ་སྟོན་ཕྱོགས་སུ་བྱས་ཏེ་ཐོན་རྫས་ཀྱི་རིགས་སྔར་བས་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་ཤིང་། རིན་གོང་གི་ལེགས་ཆ་མངོན་པར་བྱེད་དགོས་ལ་སྤུས་ཚད་འགན་ལེན་བྱས་ནས་འཛད་སྤྱོད་པའི་ཉོ་སྒྲུབ་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་དགོས། “ཞིང་གསུམ”ཞབས་ཞུ་དེ་མཁོ་ཚོང་ཁང་གི་ལས་སྒོའི་གཡུལ་ས་གཙོ་བོར་བརྩིས་ནས་ཞབས་ཞུའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་ཞབས་ཞུ་བྱེད་སྟངས་ཇེ་ལེགས་སུ་བཏང་སྟེ་རོང་འབྲོག་པར་ཡོང་སྒོ་འཕར་བ་དང་གྲོང་གསེབ་དར་སྤེལ་ཡོང་རྒྱུར་སྐུལ་འདེད་གཏོང་རོགས་བྱེད་དགོས། ཆས་རྟགས་གཏོད་རྒྱུ་དང་ཁྱབ་གདལ་གཏོང་རྒྱུར་ཤུགས་བསྣན་ནས“མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོ”དང“རླབས་ཕྲེང་དགུང་དུ་འཕྱུར་བའི་མཚོ་སྔོན་པོའི”ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་བཏོད་དེ་ཆས་རྟགས་ལ་བརྟེན་ནས་ཁུལ་ཡོངས་ཀྱི་ལྗང་མདོག་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བསྐྲུན་རྒྱུར་ཁྲིད་སྟོན་བྱེད་དགོས་པའི་བླང་བྱ་བཏོན།

     ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གཉིས་ཀྱིས221རྟེན་གཞིའི་གནའ་ཤུལ་གྱི་ཡན་ལག་བཟོ་གྲྭ་གསུམ་པར་ཁུལ་ཨུའི་ཏང་གི་སློབ་གྲྭའི་སློབ་ཁུལ་གསར་པ་འདེམས་པའི་བསམ་འཆར་ལ་ཉན་པ་དང་ཡན་ལག་བཟོ་གྲྭ་གསུམ་དང་དེ་བཞིན་དེའི་ཉེ་འཁོར་གྱི་རིག་དངོས་སྲུང་སྐྱོབ་བྱས་ཚུལ་ལ་ལྟ་ཞིབ་བྱས་ཤིང་། ཁུལ་ཨུའི་ཏང་གི་སློབ་གྲྭའི་སློབ་ཁུལ་གསར་པ་ཡག་པོ་བསྐྲུན་རྒྱུ་ནི་སྐབས་འདིའི་ཏང་ཨུ་དང་སྲིད་གཞུང་གི་ཐབས་ཇུས་གལ་ཆེན་དང་གཙོ་གནད་བཟོ་སྐྲུན་ཞིག་ཡིན་པས་འབྲེལ་ཡོད་སྡེ་ཁག་གིས་བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོར་གཏོང་བྱས་ཏེ་མཐུན་སྦྱོར་གཞོགས་འདེགས་ཀྱི་བྱ་བ་ཡག་པོར་སྒྲུབ་དགོས། ཏང་གི་སློབ་གྲྭའི་གནས་ཡུལ་འདེམས་པའི་འཆར་འགོད་དེ“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་རིག་དངོས་སྲུང་སྐྱོབ་སླར་གསོ་བེད་སྤྱོད་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ལས་གཞིའི་ས་ཆ་འདེམས་པ་དང་འཆར་འགོད་བྱེད་པ། ཡིག་ཐོག་སྙན་ཞུ་འབུལ་བ་སོགས་ཀྱི་བྱ་བ་གང་མགྱོགས་ལེགས་སྒྲུབ་བྱེད་པ་དང་གསར་བརྗེའི་ཐོན་ཁུངས་ལ་བརྟེན་ནས་ཁུལ་ཨུའི་ཏང་གི་སློབ་གྲྭ་དེ་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་གསར་བརྗེའི་སློབ་གསོའི་རྟེན་གཞིར་བཏོད་དེ་མཚོ་བྱང་གི་གསར་བརྗེའི་རིག་གནས་ཀྱི་སྙན་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། བེད་སྤྱོད་དང་སྲུང་སྐྱོབ་ཟུང་འབྲེལ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་ཀྱིས་ཡན་ལག་བཟོ་གྲྭའི་རིག་དངོས་དང་དངོས་མིན་རིག་དངོས་ལུགས་མཐུན་སྲུང་སྐྱོབ་བེད་སྤྱོད་བྱ་བར་སྤྱི་འདོམས་སྐུལ་འདེད་བཏང་སྟེ་རིག་དངོས་ལ་གསོན་ཤུགས་རྒྱས་པར་བྱེད་དགོས་པར་བསྟན། དེའི་རིང་ཟུར་གསུམ་གླིང་གི་དམིགས་བསལ་སྦྱོང་བརྡར་སྒར་སའི་སྦྱོང་བརྡར་རྟེན་གཞི་རུ་སློབ་གྲྭ་ཆུང་འབྲིང་གི་སློབ་མས་སྦྱོང་བརྡར་བྱས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་།

     ཝང་ཡུང་ཁྲང་དང་ཨ་ཁྱུང་། ཚོ་ཅི་ཆང་། མ་རུའུ་ཞང་བཅས་དང་དེ་བཞིན་ཁུལ་སྲིད་གཞུང་གཞུང་ལས་ཁང་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བས་མཉམ་དུ་བརྟག་ཞིབ་ཕེབས་རོགས་གནང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号