ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་ཧྲུའུ་ཅིའི་ཆེད་དོན་གྲོས་ཚོགས་འཚོགས་པ།


     ཟླ8པའི་ཚེས22ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་ཧྲུའུ་ཅིའི་ཆེད་དོན་གྲོས་ཚོགས་ཐེངས་བཅུ་གཅིག་པ་འཚོགས་ཏེ། མཚོ་སྔོན་པོ་དང་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་ས་ཚིགས་འཛུགས་སྐྲུན་འཁོར་སྐྱོད་དང་། ཀྲུང་གོའི་རྡུལ་ཕྲན་མཁར་དང“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་འཛུགས་སྐྲུན་ལས་གཞིའི་རེ་ཞུ། ཁུལ་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་བསྡུ་སྒྲིལ། ཁུལ་ཀྲུང་བོད་གསོ་རིག་ཁམས་གསོ་ལྟེ་གནས་གཉེར་སྐྱོང་། མཚོ་བྱང་ཁུལ་མི་དམངས་སྨན་ཁང་གཉིས་པ་རིམ་གསུམ་ཀ་པའི་སྨན་ཁང་དུ་གཏོད་པའི་བྱ་བར་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་ལ་གསན་པ་དང་། ལྷག་པའི་མངོན་གསལ་དོད་པའི་གནད་དོན་ལ་ཞིབ་འཇུག་བྱས་ནས་གོམ་སྟབས་རྗེས་མའི་བྱ་བར་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་ཚོགས་འདུར་ཞུགས། 

     ཤ་བོ་སྐྱབས་ཀྱིས་གཅིག་ནས་རང་འགུལ་ངང་མཚོ་སྐོར་བྱང་ངོགས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཞབས་ཞུའི་སྒྲིག་བཀོད་ཆ་ཚང་གི་སྦྲེལ་མཐུད་ལག་བསྟར་ཡག་པོ་བྱས་ཏེ་ཡུལ་སྐོར་སྤྱི་པའི་གསང་སྤྱོད་དང་སྐྱེ་ཁམས་རླངས་འཁོར་འཇོག་ས། ལྗོངས་གཟིགས་སྟེགས་བུ། གཞུང་ལམ་སྒྲིག་བཀོད་ཇེ་ལེགས་སུ་གཏོང་བ་དང་རིམ་སྤོར་སོགས་ཀྱི་རྗེས་མཐུད་འཆར་འགོད་འཛུགས་སྐྲུན་དང་གཉེར་སྐྱོང་བྱ་བར་དམ་འཛིན་ཡག་པོ་བྱས་ནས། ཚད་གཞི་མཐོན་པོའི་སྒོ་ནས་མཚོ་སྐོར་བྱང་ངོགས་ཀྱི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་ས་ཚིགས6འཛུགས་སྐྲུན་ཡག་པོ་བྱས་ཏེ། གཞུང་ལམ་རྒྱ་སྐྱེད་དུ་གཏོང་བའི་ལས་གཞི་འཛུགས་སྐྲུན་བྱེད་པར་འཆར་འགོད་རེ་ཞུ་བྱེད་པ་དང་། རྡུལ་ཕྲན་མཁར-གསེར་དངུལ་ཐང-སྨོན་ལམ་མཐོན་པོ་རྒྱལ་ཁབ5Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་འཛུགས་སྐྲུན་བྱ་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཤིང་། སེམས་ཉིད་ནགས་ར་དང་མདོ་ལ་ནགས་ར་སོགས་ནགས་ཚལ་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་སྒོས་བེད་སྤྱད་དེ་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་དམིགས་བསལ་གཉེར་སྐྱོང་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས་ཡུལ་སྐོར་ས་ཚིགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ། སྐྱེ་ཁམས་རྒྱུ་ནོར་རྒྱུན་མཐུད་སྐྱེད་སྲིང་དང་སྐྱེ་ཁམས་རིན་ཐང་མཐོ་རུ་བཏང་ནས་སྐྱེ་ཁམས་ཀྱི་ཆས་རྟགས་གཏོད་དགོས། གཉིས་ནས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་སྦྲེལ་མཐུད་བྱ་རྒྱུར་ཤུགས་བསྣན་ཏེ་ཀྲུང་གོའི་རྡུལ་ཕྲན་མཁར་དང“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་འཛུགས་སྐྲུན་ལས་གཞི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། དམག་དཔོན་ཐོག་ཁང་དང་ཐོག་ཁང་སེར་བོ་འཛུགས་སྐྲུན་དང་དེ་བཞིན་སྨོན་ལམ་མཐོན་པོ་མཁའ་དམག་སྲུང་སྐྱོབ་དཔུང་སྡེའི་རྗེས་ཤུལ་གྱི་སྔར་གྱི་རྣམ་པ་སླར་གསོ་བསྐྱར་སྐྲུན་བྱེད་པའི་བྱ་བར་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་པ། ནུབ་མཚོ་གྲོང་རྡལ་གྱི་འཛུགས་སྐྲུན་རྣམ་པ་བཅོས་སྒྲིག་གི་བྱ་བ་ནུས་ཤུགས་ཡོད་རྒུས་ཡག་པོར་སྒྲུབ་དགོས་ལ། 221རྟེན་གཞིའི་གནའ་ཤུལ་གྱི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་གང་མགྱོགས་སྒོས་གྲ་སྒྲིག་ཡག་པོ་བྱས་ཏེ་བཟོ་གྲྭ་ཁུལ18སླར་གསོ་དང་བེད་སྤྱོད་བྱེད་པའི་བྱ་བར་སྐུལ་འདེད་གཏོང་དགོས། གསུམ་ནས་ཁུལ་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་བཀོད་གཏོང་བྱ་རྒྱུར་ཤུགས་སྣོན་པ་དང་། ཁེ་ལས་ཀྱི་གཉེར་སྐྱོང་གནས་ཚུལ་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་ལེགས་སྒྲིག་བྱེད་པ། གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་གཞུང་ཁོངས་ཁེ་ལས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། རྩ་འཛུགས་སྡེ་ཁག་གིས་སྣེ་ཁྲིད་དེ་ཁུལ་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་ཏང་གི་ལས་དོན་ཨུ་ལྷན་བཙུགས་ནས་ལས་ཁུངས་ཀྱི་ལས་བྱེད་པ་ཁུལ་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་སུ་བྱ་བ་སྒྲུབ་པར་བསྐྱོད་རྒྱུར་སྐུལ་ལྕག་གཏོང་བའི་བྱ་ཐབས་མགྱོགས་མྱུར་སྒོས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་ཆེད་བསྐོས་མི་སྣ་མངགས་ནས་ཁུལ་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་འགན་འཁུར་དགོས། བཞི་ནས་ཁུལ་ཀྲུང་བོད་གསོ་རིག་ཁམས་གསོ་ལྟེ་གནས་ཀྱི་སྒྲིག་གཞི་བཀོད་སྒྲིག་དང་གཉེར་སྐྱོང་གཙོ་གཟུགས་སྔར་བས་ཁ་གསལ་བཟོ་བ་དང་། འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱི་བྱ་བའི་སྟོབས་ཤུགས་བསྡུ་སྒྲིལ་བྱེད་པ། ལྟེ་གནས་ཀྱི་གཉེར་སྐྱོང་གཞི་ཁྱོན་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས་ལ། མིག་སྔ་དང་ཕུགས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཁུལ་མི་དམངས་སྨན་ཁང་གཉིས་པའི་སྒྲིག་གཞི་བཅོས་སྒྱུར་གྱི་བྱ་བ་ཡག་པོར་སྒྲུབ་པ་དང《རིམ་གསུམ་སྨན་ཁང་གི་ཞིབ་དཔྱད་ཚད་གཞིའི་ལག་བསྟར་ཞིབ་སྲོལ》གྱི་བླང་བྱ་དང་ཞིབ་བསྡུར་བྱས་ནས་རྨང་གཞིའི་སྒྲིག་བཀོད་དང་ཚན་ཁག་སྒྲིག་འཛུགས། མི་སྣ་བཀོད་སྒྲིག་སོགས་ཐད་གནས་པའི་མི་འདང་ས་དང་སྟོང་ཆ་ཁ་གསབ་བྱས་ཏེ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་སྙན་ཞུ་བརྗེ་རེས་བྱ་རྒྱུར་ཤུགས་བསྣན་ནས2025ལོའི་སྔོན་ལ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱ་རྒྱུའི་འགན་ལེན་བྱེད་དགོས་པ་ནན་གྱིས་བསྟན།

     ཚོགས་འདུའི་ཐོག་ད་དུང་ཉེ་དུས་ཀྱི་འབྲེལ་ཡོད་བྱ་བར་བཀོད་སྒྲིག་བྱས་ལ། གཅིག་ནས་ཁུལ་སྟོན་གཞུང་ལས་ཁང་གིས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་ཕྱོགས་སྡོམ་ཚོགས་ཆེན་གྱི་གྲ་སྒྲིག་བྱ་བ་སོ་སོ་ཏན་ཏིག་ངང་སྒྲུབ་དགོས་ཤིང་། གཉིས་ནས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གཞུང་ལས་ཁང་གིས་ཁུལ་ཏང་སྲིད་འཐུས་ཚབ་ཚོགས་པ་བོད་ལྗོངས་སུ་རྟོག་ཞིབ་ལ་ཕེབས་པ་དང་ཁ་གཏད་རོགས་སྐྲུན་བྱེད་པའི་ཀྲུང་དབྱང་ཁེ་ལས་ལ་མཇལ་འཕྲད་གནང་བའི་སྙན་ཞུའི་འཆར་ཟིན་འབྲི་རྒྱུར་དམ་འཛིན་བྱེད་དགོས་པའི་བླང་བྱ་བཏོན།   

     ཝང་ཡུང་ཁྲང་དང་། ཨ་ཁྱུང་། ལའེ་མིང་། སི་ཅི་ཧྲིན། ལི་ཞུ་ཀྲེན། ཚོ་ཅི་ཆང་། མ་རུའུ་ཞང་། ཧ་ཝུན་ཞུག ཝུའུ་ཧྲུའུ་རུང་བཅས་དང་དེ་བཞིན་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་།    

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号