ཀྲུང་གོ་གྲོང་གསེབ་དངུལ་རྩའི་མི30ཡི་ཕུགས་བསམ་དད་སེམས་སློབ་གསོའི་གླེང་སྟེགས་བྱེད་སྒོ་སྐབས་ལྔ་པ་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་སྤེལ་བ།

     

     ཟླ8པའི་ཚེས30ཉིན། ཀྲུང་གོའི་གྲོང་གསེབ་དངུལ་རྩའི་མི30ཡི་ཕུགས་བསམ་དད་སེམས་སློབ་གསོའི་གླེང་སྟེགས་བྱེད་སྒོ་སྐབས་ལྔ་པ་དེ་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་སྤེལ། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཀྲུང་གོ་གྲོང་གསེབ་དངུལ་རྩའི་དུས་དེབ་ཁང་གི་ཏང་ཨུའི་ཧྲུའུ་ཅིའམ་ཧྲེ་ཀྲང་ཀྲུའུ་ཅིན་ཡོན་བྱེད་སྒོར་ཕེབས་པ་དང་འབྲེལ་ཤིས་ཚིག་ཕུལ་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཚོགས་འདུར་ཞུགས། མཚོ་སྔོན་ཞིང་ཆེན་ཞིང་སྡེ་ཡིད་རྟོན་མཉམ་ལས་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅིའམ་ལས་འཛིན་པ་ཝང་ཞིན་ཡོན་གྱིས་གཙོ་སྐྱོང་གནང་།

     ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཀྲུང་གོ་གྲོང་གསེབ་དངུལ་རྩའི་དུས་དེབ་ཁང་དང་ཀྲུང་གོ་གྲོང་གསེབ་དངུལ་རྩའི་མི30གླེང་སྟེགས་ཀྱི་མགོ་ཁྲིད་དག་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས། མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དངུལ་རྩའི་སྒྲིག་གཞིའི་དབར་གྱི་མཉམ་ལས་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱས་ནས་དངུལ་རྩས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བསམ་འཆར་དང་། དངུལ་རྩའི་ཞབས་ཞུའི་དམངས་གཙོ། ཁེ་ལས་ཆུང་འབྲིང་གི་བྱེད་ཐབས་བཅུ་གསུམ་སོགས་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་དངུལ་རྩའི་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱས་ཏེ་སྲིད་དོན་དང་དངུལ་རྩ། ཁེ་ལས་བཅས་ཀྱི་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ནས་དཔལ་འབྱོར་དང་དངུལ་རྩའི་མཉམ་འགུལ་བཟང་པོ་འཕེལ་རྒྱས་ཡོང་བར་བྱས་ཡོད། ཞིང་སྡེ་ཚོང་ལས་དངུལ་ཁང་མཚོ་བྱང་ཞབས་ཞུའི་ས་ཚིགས་ཁྱབ་རྒྱ་ཆེ་བ་དང་ལས་བཟོ་བ་མང་བ། གྲོང་གསེབ་ཀྱི་ཀུན་ཕན་དངུལ་རྩའི་ཞབས་ཞུའི་ལེགས་སྐྱེས་འབུལ་ཚད་མཐོ་བ། 2022ལོའི་ལོ་མཇུག་ཏུ་སླེབས་སྐབས་བཅོལ་དངུལ་དང་དངུལ་བུན་གྱི་བསྡུར་ཚད101%ཟིན་པ་དེས་ཁུལ་ཡོངས་ཀྱི་དངུལ་བུན་བསྡོམས་འབོར་གྱི55%བཟུང་པ་དང་བཅོལ་དངུལ་དང་དངུལ་བུན་གྱི་གཞི་ཁྱོན་བརྟན་ཤོས་ཡིན་པ་དེ་མིང་དོན་མཚུངས་པའི་མི་སེར་གྱི“སྒོ་རྩའི”དངུལ་ཁང་ཞིག་རེད། ཉེ་བའི་ལོ་ཤས་རིང་། ཞིང་སྡེ་ཚོང་ལས་དངུལ་ཁང་གིས་རང་འགུལ་ངང་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་མཉམ་འདྲེས་ཐུབ་པར་བྱས་ནས“ཞིང་གསུམ”ལ་ཞབས་འདེགས་ཞུ་བ་དང་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཏེ་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དངུལ་རྩའི་འདེགས་སྐྱོར་ནུས་ལྡན་བྱས་ཡོད། ཐེངས་འདིའི་བྱེད་སྒོ་བརྒྱུད་གྲོང་གསེབ་ཆ་འཕྲིན་ཅན་གྱི་སྒྲིག་གཞི་དང་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཉམ་གནས་མཉམ་དར་གྱི་གཅིག་མཐུན་ཚོགས་པ་གཏོད་རྒྱུར་དམིགས་པ་དང་མཚོ་བྱང་གི་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་དང་གྲོང་གསེབ་དར་སྤེལ། དམངས་འཚོ་འགན་ལེན་སོགས་ཁྱབ་ཁོངས་ཀྱི་མ་འཇོག་དང་མ་དངུལ་མཉམ་འདྲེས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སྲིད་འཛིན་དང་དངུལ་ཁང་མཉམ་ལས་ཀྱི་གསོན་ཉམས་དོད་པའི་མིག་དཔེ་གཏོད་རྒྱུའི་རེ་བ་ཡོད། རྒྱལ་ཡོངས་ཀྱི་ཞིང་ཆེན་སོ་སོའི་ཞིང་སྡེ་ཡིད་རྟོན་ལས་ཁུངས་མཚོ་བྱང་དུ་གསར་བརྗེའི་སློབ་གསོ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། རྒྱལ་སྲུང་སློབ་གསོ་བཅས་དང་ལེན་བྱེད་པར་གདན་འདྲེན་ཟོལ་མེད་ཞུས་པར་བསྟན།

     ཀྲུའུ་ཅིན་ཡོན་གྱིས་བསྟན་དོན། ཞིང་སྡེ་ཡིད་རྟོན་དངུལ་ཁང་གིས1923ལོའི་ཧོ་པེའི་ཤང་ཧོ་ཡོན་ནས་བཟུང་ལོ་ངོ100ཡི་ལོ་རྒྱུས་བརྒྱུད་ཡོད། ལོ་ངོ་བརྒྱ་ཡི་རིང་། ཞིང་སྡེ་ཡིད་རྟོན་ཁྲི་སྟོང་མང་པོས་གཞན་གྱི་སྔོན་ལ་བསྐྱོད་ཕོད་པའི་དད་སེམས་རྒྱུན་འཁྱོངས་བྱས་ཏེ་སྟོབས་ཤུགས་རྒྱ་སྐྱེད་དང་། ཞུམ་མེད་སྙིང་སྟོབས་ལ་བརྟེན་ནས། བློ་ཁོག་ཆེན་པོས་སྒྱུར་བཅོས་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུ་གསར་པ་བཏོད་པ་དང་། ཞིང་སྐྱོར་གྱི་གཙོ་ཤུགས་དམག་དང་། རྫོང་ཁོངས་ཀྱི་དངུལ་རྩའི་རུ་སྣེ་ཁྲིད་མཁན། གྲོང་གསེབ་དར་སྤེལ་གྱི་གཙོ་གཉེར་དངུལ་ཁང་། ཀུན་ཕན་དངུལ་རྩ་སྣེ་ཁྲིད་མཁན་བཅས་སུ་འཚར་ལོངས་བྱུང་ནས། དབུལ་ཐར་འགག་སྒྲོལ་དང་། གྲོང་གསེབ་དར་སྤེལ། ཐུན་མོང་ཕྱུག་འགྱུར་བཅས་ཀྱི་ཆེད་དུ་ལེགས་སྐྱེས་གལ་ཆེན་ཕུལ་བས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད། ཞིང་སྡེ་ཡིད་རྟོན་མཁན་གྱིས“མེས་རྒྱལ་ལ་དགའ་ཞེན་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ། རང་སྟོབས་རང་སྤེལ། དཀའ་སྤྱད་འབད་བརྩོན། མཉམ་ལས་ཤུགས་ཆེན། ཡང་རྩེར་འཛེགས་ཕོད་པའི”“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དེ་གསོན་ཉམས་དོད་པའི་སྒོ་ནས་ལག་བསྟར་བྱས་པ་ཞིག་ཀྱང་ཡིན་ཟེར།

     ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་ཞུ་ཡུང་ཀུང་། ཁྲང་ལིན། ཁུལ་སྲིད་གཞུང་གཞུང་ལས་ཁང་གི་འགན་འཁུར་བློ་མཐུན་གཙོ་བོ་དང་ཅང་སུའུ་ཞིང་ཆེན་ཞིང་སྡེ་ཡིད་རྟོན་མཉམ་ལས་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི་ཧུའུ་ཅན་པིན་དང་། ཅང་ཞི་ཞིང་ཆེན་ཞིང་སྡེ་མཉམ་ལས་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་ཧྲེང་། ཧེ་ལུང་ཅང་ཞིང་ཆེན་ཞིང་སྡེ་ཡིད་རྟོན་མཉམ་ལས་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅིའམ་ལས་འཛིན་པ་ལིའུ་ཁྲང་ཞུའེ། ཐེན་ཅིན་པེན་ཧེ་ཞིང་སྡེ་ཚོང་ལས་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅིའམ་ལས་འཛིན་པ་ཞ་རེན་ཅང་། ཧྲའན་ཞི་ཞིང་ཆེན་ཆིན་ནུང་ཞིང་སྡེ་ཚོང་ལས་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅིའམ་ལས་འཛིན་པ་ལི་པིན། ནང་སོག་ཞིང་སྡེ་ཡིད་རྟོན་མཉམ་ལས་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རིན་ཀྲང་ཅན་ཁྲེང་། ཧྥུའུ་ཅན་ཞིང་ཆེན་ཞིང་སྡེ་ཡིད་རྟོན་མཉམ་ལས་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རིན་ཀྲང་ཡུང་ལེའང་། ཀོང་ཞི་ཞིང་སྡེ་ཡིད་རྟོན་མཉམ་ལས་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རིན་ཐན་ཡ་ཨོ་དང་མདའ་བཞི་ཞིང་སྡེ་ཚོང་ལས་དངུལ་ཁང་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号