ཤ་བོ་སྐྱབས་ཀྱིས་རྐང་ཚ་རྫོང་དུ་བརྟག་ཞིབ་གནང་སྐབས་གྲོང་གསེབ་དར་སྤེལ་ལ་གསོན་ཤུགས་བསྩལ་ནས་ཁྱད་ལྡན་ཐོན་ལས་སྟོབས་ཆེར་གཏོང་དགོས་པ་ནན་གྱིས་བསྟན།


ཟླ9པའི་ཚེས6ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་རྐང་ཚ་རྫོང་དུ་བསྐྱོད་དེ་གྲོང་གསེབ་དར་སྤེལ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སོགས་ཀྱི་བྱ་བར་བརྟག་ཞིབ་གནང་། 



“1+10”བརྟག་ཞིབ་རིམ་བྱུང་གི་གཞི་རིམ་ལ་ཞབས་འདེགས་ཞུ་བའི་སྦྲེལ་གནས་ཡུལ་ཚོ་དང་གྲོང་རྡལ་དེ་འོམ་ཆུ་གྲོང་རྡལ་དུ་ཤ་བོ་སྐྱབས་ཀྱིས་ཡུལ་དངོས་ནས་བརྟག་ཞིབ་བཀོད་སྒྲིག་བྱས་པའི་བྱ་བ་སོ་སོར་སྐུལ་འདེད་དོན་འཁྱོལ་བྱས་ཚུལ་ལ་ལྟ་ཞིབ་བྱས་ཤིང་། གཙོ་གནད་ལ་དམིགས་པ་དང་དམིགས་ཚད་ལ་དམ་པོར་དམིགས་ཏེ་གནད་སྨིན་ཤུགས་འདོན་བྱས་ནས་བྱ་བའི་ལས་འགན་སོ་སོ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་སྟེ། གཅིག་ནས་བྱ་ཐབས་སྣ་ཚོགས་མཉམ་སྤྱོད་དང་གནད་སྨིན་ཇུས་འདོན་བྱས་ནས་རོང་འབྲོག་མང་ཚོགས་དང་དབུལ་ཐར་མང་ཚོགས་ཀྱི་ཡོང་སྒོ་རྒྱུན་མཐུད་ངང་ཇེ་མང་དུ་འགྲོ་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ་དང་། དབུལ་ཐར་ཁྱིམ་ཚང་དང་ལྟ་ཞིབ་ཚད་ལེན་ཁྱིམ་ཚང་སོགས་ཚོགས་སྤྱིའི་ཡོང་འབབ་དམིགས་ཚད་དང་བྱ་ཐབས་གནད་སྨིན་ངང་གཏན་འཁེལ་བྱེད་པ། སྔོན་དུ་ནོར་ལུག་བཤས་གཏོང་དང་སྟོན་བསྡུའི་བྱ་བའི་ཇུས་འགོད་སོགས་བཏོན་ནས་ཡོང་སྒོ་ཇེ་མང་དུ་གཏོང་པའི་བྱ་ཐབས་སོ་སོ་རྒྱུན་མཐུད་ངང་དོན་འཁྱོལ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས། གཉིས་ནས་ས་བབ་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་མཐའ་འཁོར་མང་ཚོགས་ལག་ཤེས་བཟོ་རྩལ་དང་གཟུགས་འདས་ཤུལ་བཞག་རིག་གནས་ཐོན་རྫས་རྒྱུན་འཛིན་སོགས་ལས་རིགས་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་ཁྲིད་བྱེད་པ་དང་། སྡེ་བ་རིམ་པའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་པ། དབུལ་སྐྱོར་འཁོར་ཁང་གི་ནུས་པ་འདོན་སྤེལ་བྱས་ནས་ལས་ཞུགས་ལས་གནས་རྒྱུན་མཐུད་ངང་མང་དུ་གཏོང་པ། ལས་གཏོད་ལ་བརྟེན་ནས་ལས་ཞུགས་ལ་སྣེ་ཁྲིད་དང་ལས་ཞུགས་ལ་བརྟེན་ནས་ཡོང་སྒོ་ཇེ་མང་དུ་གཏོང་རྒྱུར་སྣེ་ཁྲིད་བཅས་བྱེད་དགོས། གསུམ་ནས་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་བསྣོན་པ་དང་། རྒྱུན་གཏན་གྱི་དོ་དམ་དང་དཔྱད་བསྡུར་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་པ། འབྲེལ་ཡོད་བྱ་དགའ་དང་ཆད་གཅོད་ཕྱིར་འཐེན་ལམ་སྲོལ་བཟོ་བ་བཅས་བྱས་ནས་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་བྱ་བའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྔར་བས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན།



མཚོ་སྔོན་པོའི་ཁྱད་ལྡན་ཚོང་ཟོག་ཉམས་ལེན་ལྟེ་གནས་དང་། རླུང་རྟ་མཐོ་སྒང་འོ་མའི་ཁྱད་ལྡན་ལས་སྣོན་ཚད་ཡོད་སྤྱི་གཉེར་ཁང་། རྐང་ཚ་རྫོང་རོང་འབྲོག་པའི་རྩལ་ནུས་གསོ་སྦྱོང་ལྟེ་གནས་བཅས་སུ་ཤ་བོ་སྐྱབས་ཀྱིས་འགྲེམས་ཁང་འཛུགས་སྐྲུན་གྱི་བཀོད་པ་དང་། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ། གསོ་སྦྱོང་ལྟེ་གནས་ཀྱི་གཉེར་སྐྱོང་གནས་ཚུལ་བཅས་ལ་རྒྱུས་ལོན་ཞིབ་ཕྲ་གནང་། ཐོན་ཁུངས་ལེགས་ཆ་དང་བསྡུར་ཚད་ཀྱི་ལེགས་ཆར་གཞི་ཚུགས་ཏེ་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་ཞིང་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་དགོས་པ་སྟེ། གཅིག་ནས་མཚོ་སྔོན་པོའི་ཁྱད་ལྡན་ཚོང་ཟོག་ཉམས་ལེན་ལྟེ་གནས་ཀྱི་བཀོད་པ་ཇེ་ལེགས་སུ་གཏོང་བ་དང་ཚན་རིག་དང་མཐུན་པའི་ངང་བྱེད་ནུས་ཁྱབ་ཁོངས་དབྱེ་བ། དྲིལ་སྒྲོག་མཚོན་རྟགས་ལུགས་མཐུན་ངང་བཟོ་བ། དྲ་ཐོག་ཕྱིར་འཚོང་འཕྲིན་སྟེགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བཅས་བྱས་ནས་རྐང་ཚའི་ཁྱད་ལྡན་ཐོན་རྫས་དང་གཟུགས་འདས་ཤུལ་བཞག་རིག་གནས་ཐོན་རྫས་དང་རིག་གནས་གསར་གཏོད་ཐོན་རྫས་བཅས་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱེད་དགོས་ལ་བྲིན་ཚོང་ཐབས་ལམ་རྒྱ་ཆེར་བཏང་ནས་ཉམས་ལེན་ལྟེ་གནས་འདི་ཉིད་མ་འོངས་པར་རྐང་ཚའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་འགྲེམས་སྟོན་སྐར་ཁུངས་དང་ཚོང་གཉེར་སྟེགས་བུ་གལ་ཆེན་ཞིག་ཏུ་སྒྱུར་བསྐྲུན་བྱེད་དགོས། གཉིས་ནས་ཁྲོམ་རའི་དགོས་མཁོ་ཕྱོགས་སྟོན་དུ་བཟུང་སྟེ་རླུང་རྟ་ཞིང་ཕྱུགས་ཐོན་རྫས་གཉེར་སྐྱོང་ལས་སྣོན་ཁེ་ལས་ཀྱི་གསར་གཏོད་གསོན་ཤུགས་འཕེལ་བར་བྱེད་པ་དང་ཁེ་ལས་ཀྱིས་གཞི་ཁྱོན་ཆེན་པོས་ཆས་རྟགས་གཏོད་རྒྱུར་རྒྱབ་སྐྱོར་བྱེད་པ། ཆང་གི་ཐོན་རྫས་རིགས་རྒྱུན་ཆད་མེད་པར་སྣ་མང་དུ་གཏོང་པ། ཐོན་རྫས་ཀྱི་མཚན་སྙན་མཐོ་རུ་གཏོང་པ། ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་པ་བཅས་བྱེད་དགོས། གསུམ་ནས་རོང་འབྲོག་མང་ཚོགས་ཀྱི་རྩལ་ནུས་སྦྱོང་བརྡར་ལྟེ་གནས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་སྔོན་ཐོན་ས་ཁུལ་དང་སློབ་སྦྱོང་བརྗེ་རེས་བྱེད་རྒྱུར་ཤུགས་བསྣོན་པ་དང་། སྔོན་ཐོན་གྱི་སློབ་གཉེར་བྱེད་སྟངས་དཔྱད་གཞིར་འཛིན་པ། སྔོན་ཐོན་གྱི་ལག་རྩལ་དང་སྒྲིག་ཆས་ནང་འདྲེན་བྱེད་པ། ནོར་ལུག་གི་རུས་པ་དང་རྭ་ཅོ། ཀོ་པགས་དང་བལ་རྩིད་ལས་སྣོན་ཞིབ་ཚགས་བྱེད་པ་སོགས་ཐད་ཀྱི་རྩལ་ནུས་སྦྱོང་བརྡར་བྱེད་དགོས། དེ་དང་ཆབས་ཅིག་རྐང་ཚ་རྫོང་གིས་སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་གཟུགས་འདས་ཤུལ་བཞག་རིག་གནས་ཐོན་ལས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་པ། གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པའི་གསོལ་ཐང་མཐོ་རུ་གཏོང་པ། རྡོ་བརྐོས་དང་འཚེམ་དྲུབ། ཐང་ག བོད་ལྭ་བཟོ་བ་སོགས་ཀྱི་ཐོན་ལས་རྒྱུན་ཆད་མེད་པར་སྟོབས་ཆེར་བཏང་ནས་ཐོན་ལས་འཕེལ་རྒྱས་དང་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།



ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཝང་ཡུང་ཁྲང་དང་། རྐང་ཚ་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་བརྟག་ཞིབ་ལ་ཕེབས་རོགས་བྱས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号