མདོ་ལ་རྫོང་གིས་ནུས་ཤུགས་ཡོད་རྒུས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་པ།

     མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གིས་གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་དར་སྤེལ་གཏོང་བར་དམིགས་ནས། “ཁྲིད་སྟོན་དང་གསོ་སྤེལ། ཉར་འཇོག”བཅས་ཕྱོགས་གསུམ་གྱི་ཐད་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཏེ། ཤེས་ལྡན་མི་སྣ་འཕེལ་རྒྱས་འགྲོ་བའི་བྱ་ཐབས་འཚོལ་ཞིབ་བྱས་ནས། གྲོང་གསེབ་དར་སྤེལ་གཏོང་ཆེད་ཤེས་ལྡན་མི་སྣའི་འདེགས་སྐྱོར་མཁོ་འདོན་བྱས། 


     སྲིད་ཇུས་ལག་བསྟར་བྱས་ནས་ཤེས་ལྡན་མི་སྣ་ཇེ་མང་དུ་བཏང་། གསོན་ཤུགས་ལྡན་པའི་པིན་ཀྲོའུ་ཡི་ཁ་གཏད་རོགས་སྐྱོར་མདོ་ལ་དང་། “ནུབ་རྒྱུད་འོད་སྣང” “ཅིང་ཆིང་ཆེད་མཁས”སོགས་ཀྱི་སྲིད་ཇུས་ལས་སྟེགས་སྤྱད་དེ། ཤེས་ལྡན་པའི་ནུས་པ་དང་ཁ་ཕྱོགས་ཚད་ལྡན་ཅན་དུ་བཏང་།


     ཐབས་མང་མཉམ་སྤྱོད་བྱས་ཏེ་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱས། ཡུལ་ཚོ་དང་གྲོང་རྡལ་གྱི་ཁྱད་ཆོས་ལྡན་པའི“མཁས་པ་བསྡུ་བའི་བཀའ་རྒྱ”ཁྱབ་བསྒྲགས་བྱས་ནས། ལས་ཞུགས་བྱས་མེད་པའི་སློབ་ཆེན་སློབ་མ་དང་། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི། ཕ་ཡུལ་དུ་གསར་གཏོད་ལས་སྐྲུན་བྱེད་པའི་མི་སྣའི་ཁྲོད་ནས་རང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི“ཞིང་ལས་ཆེད་མཁས་པ”སྔོག་འདོན་བྱས།

     ཁོར་ཡུག་ཇེ་ལེགས་སུ་བཏང་སྟེ་འཇོན་མི་གསོ་སྐྱོང་བྱས། རྫོང་རིམ་པའི་མགོ་ཁྲིད་ཀྱིས་ཕུལ་བྱུང་ཤེས་ལྡན་མི་སྣར་འབྲེལ་གཏུག་དང་ཞབས་ཞུ་བྱེད་པ་དང་། ཏང་ཨུས་ཆེད་མཁས་པར་འབྲེལ་གཏུག་དང་དེར་ཞབས་འདེགས་ཞུ་བའི་ལམ་སྲོལ་བཙུགས་ནས། ཤེས་ལྡན་མི་སྣའི་བདེ་སྡོད་འཆར་གཞི་ལག་བསྟར་བྱས་ཏེ། ཤེས་ལྡན་མི་སྣ་འཚར་ལོངས་དང་འཕེལ་རྒྱས་ཡོང་བར་སྔར་ལས་བཟང་བའི་ཁོར་ཡུག་བསྐྲུན། 



གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号