ཨ་ཁྱུང་གིས་མདའ་བཞི་རྫོང་གི་དྭངས་གཙང་དྲོད་རླངས་མཁོ་འདོན་རྣམ་གྲངས་ཀྱི་དཔྱད་སྒྲུབ་བགྲོ་གླེང་ཚོགས་འདུ་གཙོ་སྐྱོང་གནང་བ།

   2023ལོའི་ཟླ10པའི་ཚེས16ཉིན། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་ནུབ་མཚོ་གྲོང་རྡལ་དུ་མདའ་བཞི་རྫོང་གི་དྭངས་གཙང་དྲོད་རླངས་མཁོ་འདོན་རྣམ་གྲངས་ཀྱི་དཔྱད་སྒྲུབ་བགྲོ་གླེང་ཚོགས་འདུ་གཙོ་སྐྱོང་གནང་། ཁུལ་འཕེལ་སྒྱུར་དང་བཟོ་ལས་དང་ཆ་འཕྲིན་སྡེ་ཚན་དང་། མདའ་བཞི་རྫོང་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན། མཚོ་བྱང་གློག་འདོན་སྤྱི་གཉེར། ཞིང་ཆེན་མ་འཇོག་ཚོགས་པ་དང་ཁོངས་གཏོགས་སྤྱི་གཉེར་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས།


ཚོགས་འདུའི་ཐོག མདའ་བཞི་རྫོང་གི་དྭངས་གཙང་དྲོད་རླངས་མཁོ་འདོན་རྣམ་གྲངས་ཀྱི་བྱ་བའི་གནས་ཚུལ་ཐད་ཀྱི་བརྡ་ཁྱབ་བཏང་ཞིང་། རྣམ་གྲངས་འཛུགས་སྐྲུན་གྱི་ནང་དོན་དང་། མ་འཇོག་གྲངས་འབོར། ས་ཆ་སྤྱོད་པའི་འགན་ལེན། གློག་དྲ་སྦྲེལ་མཐུད། ནུས་རྒྱུ་གྲོན་ཆུང་ཞིབ་བཤེར་སོགས་ཀྱི་སྙན་ཞུ་གཙོ་གནད་དུ་བཟུང་སྟེ་ཉན། ད་ལྟའི་དུས་མཚམས་སུ་ཐག་གཅོད་བྱེད་དགོས་པའི་གནད་དོན་དང་གོམ་སྟབས་རྗེས་མའི་ལས་ཀའི་ཁ་ཕྱོགས་ལ་གྲོས་བསྡུར་ཞིབ་འཇུག་བྱས་པ་མ་ཟད། རྣམ་གྲངས་འཆར་འགོད་དང་བརྩོན་ལེན། འཛུགས་སྐྲུན་བཅས་དང་ཐང་མཚོའི་མེ་ཤུགས་གློག་འདོན་འཕྲུལ་ཚན་བསྐྱར་སྐྲུན་རྒྱས་སྐྲུན་གྱི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་ཀྱང་བྱས། ཚོགས་འདུའི་རིང་། ཚོགས་ཞུགས་མི་སྣས་ཡུལ་དངོས་ནས་རྣམ་གྲངས་ཀྱི་ས་ཆའི་གནས་ཡུལ་དང་ཁྱབ་ཁོངས། ས་ཆ་བཟུང་བའི་གནས་ཚུལ་སོགས་ལ་ཞིབ་བཤེར་བྱས།



ཚོགས་འདུའི་ཐོག རིམ་པ་ཁག་གིས་མཐུན་སྦྱོར་འབད་འཐབ་དང་ཤུགས་མཉམ་འགག་སྒྲོལ་བྱས་ཏེ། རྒྱུན་རྣམ་ཅན་གྱི་འབྲེལ་མཐུད་ལ་ཤུགས་སྣོན་པ་དང་། དུས་བཀག་གམ་ཡང་ན་དུས་ངེས་མེད་དུ་ཐུག་འཕྲད་ཚོགས་འདུ་འཚོགས་ཏེ། ལས་ཀའི་འཕེལ་རིམ་གནས་ཚུལ་ཕན་ཚུན་ལ་བརྡ་ཁྱབ་བཏང་སྟེ་ལུས་པའི་གནད་དོན་ལ“གཅིག་གཏད་གཅིག”གི་ཞིབ་འཇུག་བརྡར་གཅོད་དང་གནད་སྨིན་ཇུས་བསྟར་བྱེད་པ་དང་། དུས་མགོའི་ལས་དོན་མགྱོགས་སུ་གཏོང་བ། རྣམ་གྲངས་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ནས2024ལོའི་ཟླ་དང་པོའི་ཟླ་མཇུག་གོང་རྣམ་གྲངས་ཀྱི་དུས་མགོའི་ལས་དོན་ལེགས་འགྲུབ་ཐུབ་པ་དང་། ཟླ2པའི་ཟླ་དཀྱིལ་དུ་རྣམ་གྲངས་ལས་མགོ་རྩོམ་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན། ཁུལ་འཕེལ་སྒྱུར་སྡེ་ཚན་གྱིས་སྣེ་ཁྲིད་དེ་སྐུལ་འདེད་གཏོང་དགོས། ཁུལ་བཟོ་ལས་དང་ཆ་འཕྲིན་ཅན་སྡེ་ཚན་གྱིས་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་ཏེ་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་གོ་རིམ་ཁྲོད་ཀྱི་འགན་འཁྲི་འཁུར་རོགས་བྱེད་དགོས་པ་དང་།  རིམ་པ་ཁག་གི་ལས་བགོས་ཁ་གསལ་བཟོས་ཏེ། མདའ་བཞི་རྫོང་སྲིད་གཞུང་དང་། ཁུལ་དང་རྫོང་གི་འབྲེལ་ཡོད་འགན་ནུས་སྡེ་ཚན་ཁག་དང་མཉམ་དུ་གོ་རིམ་ལྡན་པའི་ངང་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། མདའ་བཞི་རྫོང་སྲིད་གཞུང་གིས་ཁོངས་གཏོགས་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ནས་ཁེ་ལས་དང་སྡེ་ཚན་གྱིས་འགན་མི་འཁུར་བའི་གནས་ཚུལ་མི་ཡོང་བ་བྱས་ཏེ། དྭངས་གཙང་དྲོད་རླངས་མཁོ་འདོན་རྣམ་གྲངས་ལ་ཞིབ་འཇུག་དང་དབྱེ་ཞིབ་བྱེད་པའི་ཐད་དུ་བྱེ་བྲག་གི་ལས་ཀའི་བསམ་འཆར་ཁ་གསལ་འདོན་པ་དང་། འབྲེལ་ཡོད་ཁེ་ལས་ཀྱིས་རྣམ་གྲངས་ཇུས་གཞི་སྔར་བས་ལེགས་སུ་གཏོང་བ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་མ་བཏང་སྟེ། རྣམ་གྲངས་ཀྱི་ཚན་རིག་རང་བཞིན་དང་གནད་སྨིན་རང་བཞིན་ཆེ་རུ་ཏན་ཏིག་གཏོང་དགོས། དེ་དང་ཆབས་ཅིག་འཕེལ་སྒྱུར་སྡེ་ཚན་གྱིས་རྣམ་གྲངས་གོང་ཞུ་དང་། ཡིག་ཆ་ཞིབ་བཤེར། ནུས་རྒྱུ་གྲོན་ཆུང་ཞིབ་བཤེར་སོགས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས། རང་བྱུང་ཐོན་ཁུངས་དང་གློག་ཤུགས་སོགས་སྡེ་ཚན་གྱིས་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་དང་གློག་དྲ་སྦྲེལ་མཐུད་སོགས་ཀྱི་དུས་མགོའི་ལས་དོན་ལ་སྐུལ་འདེད་བྱེད་པའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་དགོས་ཞེས་བསྟན།


ཚོགས་འདུའི་ཐོག་མདའ་བཞི་རྫོང་སྲིད་གཞུང་དང་། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་འབྲེལ་ཡོད་ཚན་པས་བརྗོད་དོན་སློབ་གསོ་སྤེལ་བའི་གོ་སྐབས་ལ་བརྟེན་ནས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་སྔར་བས་གཅིག་གྱུར་གྱིས་ལག་ལེན་དུ་བསྟར་དགོས་པ་དང་། འབྲེལ་ཡོད་ཁེ་ལས་དང་མཉམ་ལས་སྦྲེལ་མཐུད་ལ་ཤུགས་བསྣན་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་དྭངས་གཙང་དྲོད་རླངས་མཁོ་འདོན་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་དངོས་འདོན་པ་དང་། ཕན་ཐོགས་ཡོད་པ་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་རྣམ་གྲངས་ཐོ་འགོད་སྙན་སེང་ཞུ་བ་དང་། ཇུས་གཞི་ལེགས་བཅོས། གནད་ཆེའི་རྒྱུ་རྐྱེན་འགན་ལེན་སོགས་ཀྱི་ལས་དོན་བསྒྲུབ་སྟེ། རྣམ་གྲངས་མགྱོགས་མྱུར་གྱིས་དོན་འཁྱོལ་ཐུབ་པ་དང་། ཕན་ནུས་ཐོབ་པར་འབད་པ་བྱས་ཏེ། བརྗོད་དོན་སློབ་གསོའི་འབྲས་བུ་འཛུགས་སྐྲུན་འཕེལ་རྒྱུས་ཀྱི་གྲུབ་འབྲས་ཐོག་མངོན་ཐུབ་པ་བྱེད་དགོས་པ་ནན་གྱིས་བསྟན།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号