དགུ་པའི་ཚེས་དགུའི་དུས་ཆེན་ལ་རྒན་པར་གུས་བཀུར་གཅེས་སྐྱོང་བྱེད།——མཚོ་བྱང་ཁུལ་གྱིས“རྒན་པར་གུས་བཀུར་དང་བརྩེ་སེམས་ཟབ་མོས་གཅེས་སྐྱོང་བྱེད་པའི”འཚམས་འདྲིའི་བྱེད་སྒོ་སྤེལ་བ།


   ཀྲུང་ཧྭ་མི་རིགས་ཀྱི་རྒན་བཀུར་རྒན་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། ཏང་དང་སྲིད་གཞུང་གིས་རྒན་པར་ཐུགས་ཁུར་ཟབ་མོ་གནང་བ་མཚོན་པར་བྱ་ཆེད། ཟླ10པའི་ཚེས20ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཁུལ་གྱི་ཚན་ཁག་ཆེན་མོ་བཞིའི་མགོ་ཁྲིད་ཀྱི་སྣེ་ཁྲིད་དེ་སྤྱི་ཚོགས་ཕན་བདེ་ཁང་དུ་བསྐྱོད་ནས“རྒན་པར་གུས་བཀུར་དང་བརྩེ་སེམས་ཟབ་མོས་གཅེས་སྐྱོང་བྱེད་པའི”འཚམས་འདྲིའི་བྱེད་སྒོ་སྤེལ་བ་དང་། ནུབ་མཚོ་གྲོང་རྡལ་གྱི་ཏང་ཡོན་རྒན་པ་ཁག་གཅིག་དང་ལོ་ན་མཐོ་བའི་རྒན་པ་ཁག་གཅིག དཀའ་ངལ་ཡོད་པའི་རྒན་པ་ཁག་གཅིག་བཅས་ལ་གཟིགས་ཞིབ་གནང་སྟེ་ཁོ་ཚོར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་གནང་ནས་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་ཞུས།

   

   ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཁུལ་གྱི་ཚན་ཁག་ཆེན་མོ་བཞི་ཡི་ཚབ་བྱས་ནས་དགུ་པའི་ཚེས་དགུའི་དུས་ཆེན་དང་རྒན་པའི་དུས་ཆེན་ལ་ཤིས་ཚིག་ཕུལ།  རྒན་པར་བརྩི་བཀུར་བྱེད་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་ཞིག་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒན་པའི་བྱ་བ་དང་རྒན་གསོའི་ཞབས་ཞུའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་སོ་སོ་སྔར་བས་དོན་འཁྱོལ་བྱས་ནས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་རྒན་པ་ཚོའི་ཆེས་སེམས་ཁུར་བྱེད་ས་དང་ཆེས་ཐད་ཀར། ཆེས་དོན་དངོས་ཡིན་པ་བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཡག་པོ་བྱས་ནས་རྒན་པར་བདེ་སྐྱིད་སྟོན་གྲངས་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། རྒྱ་ཆེའི་རྒན་པ་རྣམས་ལ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་གྲུབ་འབྲས་གསར་པ་སྔར་ལས་ལེགས་པར་ལོངས་སྤྱོད་བྱེད་དུ་འཇུག་དགོས་ཤིང་། རྒྱ་ཆེའི་རྒན་པ་ཚོས་རྒན་པའི་ལྟ་བ་ཡག་པོ་ལྡན་པར་བྱས་ནས་བསམ་ཤེས་ཀྱི་ལེགས་ཆ་འདོན་སྤེལ་བཏང་སྟེ“མཚོ་བྱང་ལྔ”མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་གསར་པ་དབུལ་རྒྱུའི་རེ་བ་ཡོད་པར་བསྟན།



བྱེད་སྒོའི་ཡུལ་དངོས་སུ། མགོ་ཁྲིད་ཚོས་རྒན་པ་རྣམས་དང་བྱམས་བརྩེའི་ངང་གླེང་མོལ་བྱས་ཤིང་། རྒན་པ་དག་ལ་མེ་ཏོག་དང་འཚམས་འདྲིའི་ལེགས་སྐྱེས་ཕུལ་བར་མ་ཟད། རྒན་པའི་དུས་ཆེན་གྱི་སྤྲི་གོར་སྤྲད། དེ་དང་ཆབས་ཅིག རྒན་པ་ཚོས་ཏང་ཨུ་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་བའི་བརྩེ་སེམས་དང་དུས་ནམ་ཡང་ཏང་གི་རྗེས་སུ་འབྲངས་ནས་མུ་མཐུད་ཡིད་ཆེས་དང་ཆོད་སེམས་མཚོན་པར་བྱས། ལྷག་པར་དུ་ཏང་ལོ50ལྷག་ཙམ་ལ་ལོན་པ་དང་སྡེ་བའི་ལས་བྱེད་ལོ40ལྷག་ཙམ་བརྒྱུད་མྱོང་བའི་མདའ་བཞི་རྫོང་ཝ་མགྱོགས་ཡུལ་ཚོ་མཚོ་ཆུང་སྡེ་བའི་ལོ87ལ་སླེབས་པའི་རྒན་པོ་འཇམ་དཔལ་གྱི་སེམས་འགུལ་ཆེན་པོས“དུས་ཆེན་གྱི་སྨོན་འདུན་འབྱོར་བས་སེམས་ལ་དྲོ་སྐྱིད་སྦྱིན། ཏང་ཡོན་རྒན་པ་ཤིག་གི་ངོས་ནས་ཏང་དང་སྲིད་གཞུང་གིས་ང་ཚོ་རྒན་པ་ཚོར་བཅངས་པའི་བརྩེ་བ་ཟབ་མོ་དངོས་སུ་ཚོར་བྱུང་། མཚོ་བྱང་གི་འཕེལ་རྒྱས་ལ་ང་ཚོས་སྔར་རྒྱུན་བཞིན་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་ཕ་ཡུལ་འཛུགས་སྐྲུན་ལ་ཐབས་འདོན་ཇུས་འབུལ་བྱེད་རྒྱུ་ཡིན”ཞེས་བཤད།



ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་དབྱང་ཧའེ་ལུང་དང་། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཝང་ཡུང་ཁྲང་།    ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲང་ལིན་བཅས་བྱེད་སྒོར་ཞུགས།



གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号