ཤ་བོ་སྐྱབས་ཀྱིས་ལུགས་རྙིང་ལོ་སར་གྱི་ཚེས2ཉིན་འཚམས་འདྲིར་སྐྱོད་པ་དང་། བདེ་འཇགས་ཐོན་སྐྱེད་དང་རྩྭ་ཐང་མེ་ཟོན་སོགས་ཀྱི་བྱ་བར་ལྟ་སྐུལ་མཛུབ་ཁྲིད་གནང་པ།

ཟླ2པའི་ཚེས11ཉིན་ཏེ། ལུགས་རྙིང་ལོ་སར་གྱི་ཚེས2ཉིན་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཐང་ཧུའུ་གློག་ཁང་དང་། མདའ་བཞིའི་ཆུ་མཁོ་འདོན་སྤྱི་གཉེར་ཁང་། ནུབ་མཚོ་ཆུ་མཁོ་འདོན་སྤྱི་གཉེར་ཁང་། མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མདོ་ལ་ཚགས་པར་ཁང་། སྨོན་ལམ་མཐོན་པོའི་གསར་བརྗེའི་ཉམས་ཞིབ་རྟེན་གཞི་སོགས་སུ་བསྐྱོད་དེ་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་དང་རྩྭ་ཐང་མེ་ཟོན་སོགས་ཀྱི་བྱ་བར་ལྟ་སྐུལ་མཛུབ་ཁྲིད་གནང་པ་དང་། ལོ་སར་སྐབས་ལས་རེས་ལས་སྲུང་བྱེད་པའི་འཐབ་ཕྱོགས་དང་པོའི་ངལ་རྩོལ་པ་དང་གསར་འགྱུར་ལས་སྒྲུབ་པར་ལོ་སར་གྱི་བཀྲ་ཤིས་བདེ་ལེགས་ཞུས་པར་མ་ཟད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཁོ་ཚོས་ནང་མི་མཉམ་འཛོམས་བྱེད་པའི་སྐབས་སུ་སྔར་བཞིན་ལས་གནས་བརྟན་སྲུང་གིས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆེད་དུ་དཀའ་སྤྱད་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཞུས། ཁུལ་གྱི་མགོ་ཁྲིད་མགོན་པོ་ཚེ་བརྟན་དང་མ་རུའུ་ཞང་གིས་ཕེབས་རོགས་བྱས།

ཐང་ཧུའུ་གློག་ཁང་དུ་ཤ་བོ་སྐྱབས་ཀྱིས་དཔྱིད་གསར་དུས་ཆེན་རིང་ལས་སྣོན་ཐོན་སྐྱེད་བྱེད་པའི་ཁེ་ལས་ཀྱི་ངལ་རྩོལ་པར་འཚམས་འདྲི་གནང་ནས་ཐོན་སྐྱེད་འཁོར་ཁང་དུ་བསྐྱོད་དེ་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་དང་དྲོད་རླངས་འགན་ལེན་སོགས་ཀྱི་བྱ་བར་བརྟག་ཞིབ་བྱས་ཤིང་། ས་གནས་སོ་སོར་སླེབས་སྐབས་ཤ་བོ་སྐྱབས་ཀྱིས་དཔྱིད་གསར་དུས་ཆེན་རིང་གི་ཐོན་སྐྱེད་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བར་མ་ཟད་གཙོ་གནད་ཐོག་བདེ་འཇགས་ཐོན་སྐྱེད་བྱ་བ་དོན་འཁྱོལ་བྱས་ཚུལ་སྐོར་གྱི་སྙན་ཞུར་ཉན། ཁོས་དྲོད་རླངས་མཁོ་འདོན་གྱི་ཞབས་ཞུའི་འགན་ལེན་བྱ་བ་ཡག་པོར་སྒྲུབ་པ་དང་། བཀོད་གཏོང་དང་ཚན་རིག་དང་མཐུན་པའི་བཀོད་སྒྲིག་ལ་ཤུགས་སྣོན་པ། སྒྲིག་ཆས་ལ་དུས་ཐོག་ཏུ་ཞིབ་བཤེར་བཟོ་བཅོས་དང་སྲུང་སྐྱོང་བྱེད་པ། མི་མངོན་པའི་རྐྱེན་ངན་སེལ་བ། མཁོ་བསྟུན་འགན་ལེན་བྱ་བ་ཡག་པོར་སྒྲུབ་ནས་དུས་ཆེན་སྐབས་ཀྱི་དྲོད་རླངས་མཁོ་འདོན་མ་ལག་ཕན་འབྲས་ཆེ་ལ་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས་པར་བཤད། ཁོས་ནན་གྱིས་བསྟན་དོན། བདེ་འཇགས་ཐོན་སྐྱེད་ནི་ཁེ་ལས་འཕེལ་རྒྱས་ཀྱི་སྲོག་རྩ་ཡིན་པས་དུས་གང་ཞིག་དང་གོ་རིམ་གང་རུང་ཚང་མར་ལྷོད་གཡེང་གཏོང་མི་རུང་བར་ནན་མོ་དང་ཏན་ཏིག་གི་སྒོ་ནས་བདེ་འཇགས་ཐོན་སྐྱེད་ཀྱི་བྱ་བ་སོ་སོར་དམ་འཛིན་ཡག་པོ་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བ་དེ་བརྟན་པོར་བཙུགས་ནས་བདེ་འཇགས་ཐོན་སྐྱེད་དང་ཁེ་ལས་འཕེལ་རྒྱས་གཉིས་ཀར་ནོར་འཛོལ་མི་ཡོང་བ་བྱེད་དགོས་ཟེར།     

མདའ་བཞིའི་ཆུ་མཁོ་འདོན་སྤྱི་གཉེར་ཁང་དང་ནུབ་མཚོ་ཆུ་མཁོ་འདོན་སྤྱི་གཉེར་ཁང་དུ་ཤ་བོ་སྐྱབས་ཀྱིས་ནུབ་མཚོ་གྲོང་རྡལ་ས་ཁུལ་དང་མཁར་ཟུར་གསུམ་གྲོང་རྡལ་གྱི་ཆུ་མཁོ་འདོན། དྲོད་རླངས་མཁོ་འདོན་སོགས་ཞབས་ཞུའི་འགན་ལེན་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་ནས་དུས་ཆེན་རིང་ལས་གནས་བརྟན་སྲུང་བྱེད་མཁན་གྱི་ལས་བཟོ་བར་བྱམས་བརྩེའི་ངང་འཚམས་འདྲི་གནང་། ཁོང་གིས་ཆུ་གློག་ནི་དམངས་འཚོའི་བདེ་སྐྱིད་ཆེན་པོ་དང་ཁྱིམ་ཚང་ཁྲི་སྟོང་མང་པོའི་འཚོ་བའི་དགོས་མཁོ་དང་འབྲེལ་བ་ཡོད་པས། ཚང་མར་ངེས་པར་དུ་བྱ་བ་སོ་སོ་བཀོད་སྒྲིག་ཡག་པོ་དང་བཀོད་གཏོང་ཡག་པོ། མཐུན་སྦྱོར་ཡག་པོ་བཅས་བྱས་ནས་དུས་ཆེན་རིང་གི་དྲོད་རླངས་མཁོ་འདོན་དང་ཆུ་མཁོ་འདོན་སོགས་ཀྱི་ཞབས་ཞུའི་འགན་ལེན་བྱ་བ་ནུས་ཤུགས་ཡོད་རྒུས་ཡག་པོར་བསྒྲུབ་ནས་རིགས་སོ་སོའི་མང་ཚོགས་ཀྱིས་བདེ་འཇགས་དང་འཆམ་མཐུན། དྲོ་སྐྱིད་ལྡན་པ། སྤྲོ་སྣང་འཕེལ་བ་བཅས་ཀྱི་དཔྱིད་གསར་དུས་ཆེན་ཞིག་རོལ་ཐུབ་པར་བྱེད་དགོས་པའི་མངགས་བཅོལ་གནང་།     

མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་མདོ་ལ་ཚགས་པར་ཁང་དུ་ཡོང་ནས་ཤ་བོ་སྐྱབས་ཀྱིས་མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་འཕྲིན་སྟེགས། མདོ་ལ་རི་བོ་ཚགས་པར་དང་མདོ་ལ་བོད་ཡིག་ཚགས་པར་བཅས་ཀྱི་འཐབ་ཕྱོགས་དང་པོའི་གསར་འགྱུར་ལས་སྒྲུབ་པར་བྱམས་བརྩེའི་ངང་འཚམས་འདྲི་གནང་བར་མ་ཟད།    དུས་ཆེན་རིང་གི་གསར་འགྱུར་སྨྱན་སྦྱོར་གྱི་དྲིལ་སྒྲོག་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་ནས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ཏེ་ཁུལ་ཡོངས་ཀྱི་རྒྱ་ཆེའི་གསར་འགྱུར་ལས་སྒྲུབ་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དཔྱིད་གསར་གྱི་སྨོན་འདུན་ཞུས།  ཁོས་འདས་ཟིན་པའི་ལོ་གཅིག་ནང་། མཚོ་བྱང་གི་རིམ་པ་སོ་སོའི་གསར་འགྱུར་སྨྱན་སྦྱོར་གྱིས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། ལྷག་པར་དུ“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། རིག་གནས་ཡུལ་སྐོར་སོགས་ལ་དམིགས་ནས་སྨོན་ལམ་མཐོན་པོ་དང་གངས་དཀར་རི་བོ། གངས་ལུང་། དགོན་ལུང་། ཤྭ་ལུང་སོགས་ལྗོངས་ཁུལ་ལ་དམིགས་ནས་མཐོ་ཚད་དང་ཤུགས་ཚད། དྲོད་ཚད་བརྒྱུད་སྤྲོད་བཅས་ཀྱི་གནས་ཚུལ་སྤེལ་གཏོང་བྱས་ཏེ་མཚོ་བྱང་གི་སྐད་སྒྲ་སྙན་མོ་བརྒྱུད་སྒྲོག་དང་མཚོ་བྱང་གི་གཏམ་རྒྱུད་ཡག་པོར་བཤད་ནས་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་ཅིང་།  ལོ་གསར་པའི་ནང་རྒྱ་ཆེའི་གསར་འགྱུར་ལས་སྒྲུབ་པ་ཚོས་མཚོ་བྱང་འཕེལ་རྒྱས་ཀྱི་ལག་ལེན་གསར་པ་ཟིན་ཐོ་འགོད་མཁན་དང་སྐུལ་འདེད་གཏོང་མཁན་ཡག་པོ་བྱས་ནས་བརྒྱུད་སྤེལ་རྣམ་པ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་རྒྱ་ཆེར་བཏང་སྟེ་བརྩམས་ཆོས་དང་པར་མིག་ལ་བརྟེན་ནས་གསོན་ཉམས་དོད་པའི་སྒོ་ནས་མཚོ་བྱང་གི་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་འཕེལ་རྒྱས་དང་། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་སོགས་གཏོད་པའི་གཏམ་རྒྱུད་ཡག་པོར་བཤད་པ་དང་བརྩེ་སེམས་ཟབ་མོས་མཚོ་བྱང་གི་འཕེལ་རྒྱས་དང་མང་ཚོགས་ཀྱི་བསམ་འདུན་མཚོན་པའི་ཕུལ་བྱུང་བརྩམས་ཆོས་ཁག་ཅིག་བཏོད་དེ་མཚོ་བྱང་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་ཆེད་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཟེར།

འཚམས་འདྲི་བྱེད་རིང་། ཤ་བོ་སྐྱབས་ཀྱིས“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”ཀྱི་བྱེད་ཐབས་ཐོག་ནས་སྨོན་ལམ་མཐོན་པོའི་གསར་བརྗེའི་ཉམས་ཞིབ་རྟེན་གཞིར་ཕེབས་ཏེ་རྩྭ་ཐང་གི་མེ་ཟོན་བྱ་བར་ལྟ་སྐུལ་ཞིབ་བཤེར་བྱས། ཁོས་ནན་གྱིས་བསྟན་དོན། ལུགས་རྙིང་གི་དཔྱིད་གསར་དུས་ཆེན་དང་བོད་ལོའི་ལོ་སར་རོལ་བའི་སྐབས་ནི་ཤོག་སྦག་བཀད་པ་དང་ཤོག་བུ་སྦར་ནས་མཆོད་འབུལ་བྱེད་པའི་མཐོ་རླབས་ཀྱི་དུས་ཤིག་ཡིན་ལ་རྩྭ་ཐང་གི་མེ་ཟོན་གྱི་འགག་རྩའི་དུས་ཤིག་ཀྱང་ཡིན་པས། འབྲེལ་ཡོད་སྡེ་ཁག་སོ་སོས་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་གྱི་བསམ་པ་ཆེན་པོ་བཅངས་ནས་རྩྭ་ཐང་གི་མེ་ཟོན་དོ་དམ་ཚོད་འཛིན་གྱི་བྱ་ཐབས་སོ་སོ་དོན་འཁྱོལ་ནན་མོ་བྱས་ཏེ་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མེ་སྐྱོན་མི་འབྱུང་བའི་མཐའ་ཚད་མཐའ་གཅིག་ཏུ་བསྲུང་སྟེ་རིགས་སོ་སོའི་མང་ཚོགས་ཀྱིས་དཔྱིད་གསར་དུས་ཆེན་སྐྱིད་པོ་ཞིག་རོལ་ཐུབ་པའི་འགན་ལེན་བྱེད་དགོས་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号