ཤ་བོ་སྐྱབས་རྐང་ཚ་རྫོང་དང་མདའ་བཞི་རྫོང་དུ་འཚམས་འདྲིར་བསྐྱོད་པ།

ཟླ2པའི་ཚེས14ཉིན་ཏེ། ལུགས་རྙིང་ལོ་སར་གྱི་ཚེས5ཉིན་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་རྐང་ཚ་རྫོང་དང་མདའ་བཞི་རྫོང་དུ་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་སྡེ་སྡོད་ལས་དོན་རུ་ཁག རྫོང་སྤྱི་བདེ་ཅུས་ཀྱི་ལས་རེས་མི་དམངས་ཉེན་རྟོག་པ། ཏང་ཡོན་རྒན་པ། དབང་པོ་སྐྱོན་ཅན་མང་ཚོགས། མི་ཧྲེང་རྒན་རྒོན་བཅས་ལ་འཚམས་འདྲི་བྱེད་པར་བསྐྱོད་ནས་དུས་ཆེན་གྱི་སྨོན་འདུན་དང་འཚམས་འདྲི་ཞུས།

རྐང་ཚའི་དགོན་ཆེན་དུ་ཤ་བོ་སྐྱབས་དང་བླ་སྤྲུལ། མི་རིགས་དོ་དམ་ཨུ་ལྷན་གྱི་ཁོངས་མི། དགོན་སྡོད་ལས་བྱེད་པ་བཅས་དབར་གླེང་མོལ་གཏིང་ཟབ་གནང་ནས་དགེ་འདུན་པ་ཚོའི་སློབ་སྦྱོང་སློབ་གསོ་དང་ཚད་ལྡན་དོ་དམ། རྒྱུན་གཏན་འཚོ་བ་སོགས་ཀྱི་གནས་ཚུལ་ཁྱོན་ཡོངས་ནས་རྒྱུས་ལོན་གནང་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་དགོན་པས་ཆོས་ལུགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ“ཆབ་སྲིད་ཐད་བློས་འཁེལ་ཐུབ་པ་དང་ཆོས་ལུགས་ཐད་ཡོན་ཚད་ཡོད་པ། ཀུན་སྤྱོད་ཐད་ཚང་མས་ཁས་ལེན་པ། འགག་རྩའི་དུས་ནུས་པ་ཐོན་པ”བཅས་ཀྱི་ཚད་གཞི་བཞི་ལ་ནན་མོར་གཞིགས་ནས་སྔ་ཕྱི་བར་གསུམ་དུ་ཏང་ཨུ་དང་སྲིད་གཞུང་ལ་བློ་གཅིག་སེམས་གཅིག བློ་ཁ་གཅིག་མཐུན། བློ་སེམས་གཅིག་མཐུན་བཅས་ཡོང་བར་བྱས་ཏེ་སྤྱི་ཚོགས་ཞི་མཐུན་དང་མི་རིགས་འཆམ་མཐུན། ཆོས་ལུགས་འཚམ་མཐུན་བཅས་ལ་སྐུལ་འདེད་གཏོང་བའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས་པ་སྟེ། གཅིག་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་མི་རིགས་ཆོས་ལུགས་སྲིད་ཇུས། ཁྲིམས་སྲོལ་དགོན་སྡེར་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་དང“ངོས་འཛིན་གཅིག་མཐུན་ལྔ”ཟབ་ཏུ་བཏང་ནས“ལྟ་བ་ལྔ”བརྟན་པོར་བཙུགས་ཏེ་ཆོས་ལུགས་ལས་རིགས་ཀྱི་མི་སྣའི་ཏང་གི་བཀའ་དྲིན་ཚོར་བ། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཆོད་སེམས་ཆེ་རུ་ཏན་ཏིག་བཏང་ནས་རྒྱལ་གཅེས་དང་ཆོས་གཅེས། ཏང་གི་ཁྲིམས་སྲུང་གི་བསམ་བློའི་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས། གཉིས་ནས་ཁྲིམས་དང་སྒྲིག་སྲོལ་ལྟར་མི་རིགས་ཆོས་ལུགས་བྱ་བར་དོ་དམ་བྱེད་པ། དགོན་སྡེའི་དོ་དམ་ལམ་ལུགས་དང་བྱ་ཐབས་སོ་སོ་སྲ་བརྟན་འཐུས་ཚང་དུ་གཏོང་བ། བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་དོ་དམ་གྱི་འབྲེལ་ཡོད་གཏན་འབེབས་ལག་བསྟར་ནན་མོ་བྱེད་པ། ཆོས་ལུགས་བྱེད་སྒོར་དོ་དམ་དང་ཞིབ་མཆན་འགོད་པའི་བྱ་བར་ཤུགས་སྣོན་པ། རྒྱ་ཆེའི་གྲྭ་བཙུན་ལ་བཅའ་ཁྲིམས་ཀྱི་འདུ་ཤེས་དང་སྤྱི་དམངས་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་སློབ་གསོ་གཏོང་བ་བཅས་བྱས་ནས་དགོན་སྡེའི་དོ་དམ་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན་དུ་འགྱུར་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་དགོས། གསུམ་ནས་རོང་འབྲོག་པའི་གསོ་སྦྱོང་འཛིན་གྲྭ་སོགས་ཀྱི་ལས་སྟེགས་ལ་བརྟེན་ནས་དགེ་འདུན་པ་སྒྲིག་འཛུགས་བྱས་ཏེ་བོད་ལུགས་གསོ་རིག་དང་ཐང་ག རྡོ་བརྐོས་སོགས་ཀྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭར་ཞུགས་ནས་དགེ་འདུན་པ་ཁྲིད་སྟོན་གྱིས་གཟུགས་འདས་ཤུལ་བཞག་རིག་གནས་དང་ལག་ཤེས་བཟོ་རྩལ་རྒྱུན་འཛིན་བྱས་ཏེ་དགོན་པས་བོད་སྤོས་དང་བོད་སྨན། དེ་བཞིན་ལག་ཤེས་བཟོ་རྩལ་ཐོན་རྫས་བཅས་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་བཏང་ནས་དགོན་པས་དགོན་སྡེ་སྐྱོང་བའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས་ཟེར

རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དུ་ཤ་བོ་སྐྱབས་ཀྱིས་དཀོན་ལོ་གོང་མ་སྡེ་བའི་སྡེ་སྡོད་ལས་དོན་རུ་ཁག་དང་དབང་བོ་སྐྱོན་ཅན་མང་ཚོགས། གསེར་བཟང་སྡེ་བའི་ཏང་ཡོན་རྒན་པ་བཅས་ལ་འཚམས་འདྲི་ཞུས། སྡེ་སྡོད་ལས་དོན་རུ་མི་དང་གླེང་མོལ་གཏིང་ཟབ་བྱས་ཏེ་སྡེ་བའི་ནང་གི་བྱ་བ་སོ་སོ་སྤེལ་ཚུལ་དང་ལྷག་པའི་གནད་དོན་རྒྱུས་ལོན་བྱས། སྐད་ཆ་དང་ཐོས་ནུས་ཀྱི་དབང་སྐྱོན་མང་ཚོགས་དང“ཡི་གེ་ལམ་གྱི་བརྗེ་རེས”གནང་ནས་ཏང་ཡོན་རྒན་པ་རྟ་རྒྱོ་དང་བྱམས་བརྩེའི་ངང་གླེང་མོལ་བྱས་ཏེ་ཁྱིམ་ཚང་གི་ཡོང་འབབ་དང་བུ་ཕྲུག་གི་སློབ་གསོ། རྒན་རྒོན་ལ་བྱམས་སྐྱོང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཁ་གསབ་ལོངས་སྤྱོད་བྱེད་པ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་བྱས་ཏེ་ནན་གྱིས་བསྟན་དོན། དཀོན་ལོ་གོང་མ་སྡེ་བ་ནི་སྤྱིི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་རྟོག་ཞིབ་གནང་ཡུལ་ཡིན་པས་སྡེ་སྡོད་ལས་དོན་རུ་ཁག་གིས“ཁྲུང་ཁྲུང་སྣེ་ཁྲིད”ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས“དར་རྒྱས་ཆེན་པོ་ལྔར”དམིགས་ནས་བྱ་བ་སོ་སོ་ཏན་ཏིག་སྤེལ་ཏེ་དཀོན་ལོ་གོང་མ་སྡེ་བ་ཁུལ་ཡོངས་ཀྱི་དཔེ་མཚོན་སྡེ་བར་བསྐྲུན་དགོས་ཏེ་གཅིག་ནས་དཀོན་ལོ་གོང་མ་སྡེ་བའི་སྦི་རག་ལས་སྣོན་བཟོ་གྲྭ་བེད་སྤྱོད་ཡག་པོ་བཏང་ནས་ཁྲོམ་རའི་དགོས་མཁོ་རྒྱུས་ལོན་གཏིང་ཟབ་བྱས་ཏེ་ཁྱབ་གདལ་དང་དྲིལ་སྒྲོག་གི་བྱ་བ་ཡག་པོ་བསྒྲུབས་ནས་ད་ལོའི་ཟླ་བཞི་པར་ལས་མགོ་འཛུགས་རྒྱུ་འགན་ལེན་བྱེད་དགོས། གཉིས་ནས་སྡེ་བ་རིམ་པའི་མགྲོན་ཁང་དང་བོད་ཟས་ཁང་སོགས་བེད་མེད་ཐོན་ཁུངས་གང་འགབ་ཅི་སྤྱོད་ཡག་པོ་བྱས་ནས་ཕྱིར་སྡེ་བར་ལོག་པའི་སློབ་ཆེན་སློབ་མ་ལས་གནས་སྟེང་ལས་ཞུགས་བྱེད་པར་ཡིད་དབང་བཀུག་ནས་གྲོང་གསེབ་ཡུལ་སྐོར་དང་དྲ་ཐོག་ཚོང་དོན་ཟོག་འགྲེམས་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་སྡེ་བ་མཉམ་སྡེབ་ཀྱི་ཡོང་འབབ་རྒྱུན་མཐུད་འཕར་རྒྱུར་སྐུལ་འདེད་གཏོང་དགོས། གསུམ་ནས་ཏང་ཡོན་རྒན་པ་དང་དབང་བོ་སྐྱོན་ཅན་མང་ཚོགས་ཀྱིས་ལོངས་སུ་སྤྱོད་པའི་སྲིད་ཇུས་དང་ཐོབ་ཐང་དོན་འཁྱོལ་ཡག་པོ་བྱས་ནས་ཏང་ཡོན་རྒན་པ་ལས་འཁྱུར་ངལ་གསོ་བྱས་རྗེས་ཀྱི་སློབ་སྦྱོང་དང་འཚོ་བར་སེམས་ཁུར་གཅེས་སྐྱོང་བྱེད་དགོས་པ་དང་ཏང་ཡོན་རྒན་པས་དངོས་གཉེར་གྱི་ཐབས་ཇུས་མང་ཙམ་འདོན་པ་དང་རྩ་ཆེའི་ཉམས་མྱོང་མང་ཙམ་གཏོང་རྒྱུར་སྐུལ་ལྕག་བྱེད་དགོས། རྫོང་སོ་སོས་དབང་བོ་སྐྱོན་ཅན་གྱི་ཁེ་ལས་བཙུགས་ནས་དབང་བོ་སྐྱོན་ཅན་ལས་ཞུགས་དཀའ་བའི་གནད་དོན་ཐག་གཅོད་བྱས་ཏེ་དབང་བོ་སྐྱོན་ཅན་གྱི་ཡོང་འབབ་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས་ཟེར།

རྐང་ཚ་རྫོང་སྤྱི་བདེ་ཅུས་སུ་ཤ་བོ་སྐྱབས་ཀྱིས་དམངས་རོགས་ཉེན་རྟོག་པ་དང་བྱམས་བརྩེའི་ངང་གླེང་མོལ་བྱས་ནས་དུས་ཆེན་རིང་གི་ཞག་སྡོད་དང་བཟའ་བཅའ། ལས་རེས་བཅས་ཀྱི་བྱ་བའི་གནས་ཚུལ་ཐུགས་ཁུར་བཀའ་འདྲི་གནང་པ་དང་། ཚང་མའི་བྱ་བའི་སྤྲོ་སེམས་ཆེན་པོ་དང་དངོས་གཉེར་གྱི་བྱ་བའི་སྤྱོད་ཚུལ་ལ་ཁས་ལེན་གང་ལེགས་གནང་བར་མ་ཟད་རྐང་ཚ་རྫོང་སྤྱི་བདེ་ཅུས་ཀྱི་བཀོད་འདོམས་ལྟེ་གནས་ལ་དངོས་སུ་གཟིགས་ཞིབ་གནང་ནས་ཆ་འཕྲིན་ཅན་གྱི་ཡུལ་དངོས་ཀྱི་བཀོད་གཏོང་འགྲེམས་སྟོན་ལ་གཟིགས་པ་དང་ལས་གནས་སོ་སོའི་ཉེན་རྟོག་པའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་སར་རིང་གི་བདེ་སྲུང་བྱ་བའི་སྐོར་གྱི་སྙན་ཞུ་གསན་ལ་ཁོ་ཚོས་དུས་ཡུན་རིང་པོའི་ནང་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་ཆེད་འབད་བརྩོན་དང་ལེགས་སྐྱེས་ཕུལ་བར་བཀའ་དྲིན་ཞུས་ཤིང་སྤྱི་བདེའི་དམངས་རོགས་ཉེན་རྟོག་པར་ལྷག་བསམ་རྣམ་དག་ངང་རང་འགན་གཙང་སྒྲུབ་དང་རང་འགུལ་ངང་བྱས་རྗེས་འཇོག་པ། ཉེན་ཁ་འགོག་པ་དང་བདེ་འཇགས་འགན་ལེན་བྱེད་པ། བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱ་བ་སོ་སོ་ཏན་ཏིག་ངང་སྒྲུབ་པ། བཀོད་འདོམས་ལྟེ་གནས་དང་ལས་རིགས་སྡེ་ཁག་གཞན་དག་གི་བཀོད་གཏོང་སྦྲེལ་མཐུད་དང་ཆ་འཕྲིན་མཉམ་སྤྱོད་སོགས་ཀྱི་བྱ་བར་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་བྱ་བའི་མཉམ་ཤུགས་ཟམ་མི་ཆད་པར་ཆགས་པར་བྱས་ནས་ཁུལ་ཡོངས་ཀྱི་མི་དམངས་སྤྲོ་སྣང་དང་འཆམ་མཐུན་གྱི་དཔྱིད་གསར་དུས་ཆེན་ཞིག་གཏོང་ཐུབ་པའི་འགན་ལེན་བྱེད་པར་སྐུལ་ལྕག་གནང་།

མདའ་བཞི་རྫོང་རྒན་གསོ་ཁང་དུ་ཤ་བོ་སྐྱབས་ཀྱིས་རྒན་རྒོན་ཚོའི་གཟུགས་པོའི་གནས་ཚུལ་དང་བཟའ་བཏུང་ཆ་རྐྱེན། འཚོ་བའི་འགྲོ་ལུགས། དེ་བཞིན་རོལ་རྩེད་བྱེད་སྒོ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་བྱས་ནས་ལས་དོན་མི་སྣས་རྒན་གསོ་ཁང་གི་གཞི་རྩའི་གནས་ཚུལ་ངོ་སྤྲོད་བྱས་པར་གསན་ཏེ་ནན་གྱིས་བསྟན་དོན། རྒན་བཀུར་དང་རྒན་གསོ། རྒན་གཅེས། རྒན་སྐྱོང་བཅས་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་ཞིག་ཡིན་པས་རྫོང་སོ་སོ་དང་དམངས་སྲིད་སྡེ་ཁག་གིས“རྒན་རྒོན་དང་བྱིས་པའི”བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ནས་རྒན་རྒོན་རྣམས་རྒན་གསོ་ཁང་དུ་རྒས་དུས་འཚོ་རྟེན་ཡོད་པ་དང་སྤྲོ་སྣང་ཡོད་པ། འཚོ་བར་སེམས་ཁྲལ་མེད་པ། ཚེ་མཇུག་སྐྱིད་པོ་སྐྱེལ་ཐུབ་པར་བཅས་བྱེད་དགོས་ཏེ་གཅིག་ནས་ཁུལ་ཡོངས་ཀྱི་སྡེ་བ་རིམ་པའི་ཇ་ཁང་འཛུགས་སྐྱོང་གི་བྱ་བ་ཡག་པོ་བསྒྲུབས་ནས་རྒན་རྒོན་གྱི་དགོས་མཁོར་གཞིགས་ཏེ་བདེ་འཇགས་དང་སྟབས་བདེ། དངོས་ཕན་བཅས་ཀྱི་ཇ་ཁང་གི་ཞབས་ཞུ་མཁོ་འདོན་བྱས་ནས་ས་ཁོངས་རང་བཞིན་གྱི་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱེད་དགོས། གཉིས་ནས་རྒན་རྒོན་དང་འཚམ་པའི་རིག་གནས་རོལ་རྩེད་བྱེད་སྒོ་སྤེལ་ནས་ཉི་འོད་ཁང་པ་སོགས་ཀྱི་བྱེད་སྒོ་སྤེལ་ཡུལ་བེད་སྤྱོད་ཡག་པོ་བྱས་ཏེ་རྒན་རྒོན་གྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། གསུམ་ནས་དུས་ཆེན་རིང་གི་བདེ་འཇགས་ཐོན་སྐྱེད་བྱ་བར་དམ་འཛིན་ཡག་པོ་བྱས་ཏེ་ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་སེམས་ཁམས་ཁྱད་བསད་མཐའ་གཅིག་ཏུ་བྱས་ནས་མེ་སྐྱོན་དང་བཟའ་བཅའི་བདེ་འཇགས་སོགས་མངོན་མེད་རྐྱེན་ངན་ཐོན་རྒྱུ་ནན་འགོག་བྱས་ཏེ་རྒན་རྒོན་ཚོས་བདེ་འཇགས་དང་ཞི་མཐུན་གྱི་དཔྱིད་གསར་དུས་ཆེན་ཞིག་གཏོང་ཐུབ་པར་འགན་ལེན་བྱེད་དགོས་ཟེར།

ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ། གཞུང་ལས་ཁང་བཅས་ཀྱི་ཀྲུའུ་རིན་ཝང་ཡུང་ཁྲང་། རྐང་ཚ་རྫོང་དང་མདའ་བཞི་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་ལས་བགོས་འགན་འཁུར་བློ་མཐུན་གྱིས་ཕེབས་རོགས་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号