【གསར་བརྗེའི་ཉམས་ཞིབ】མདོ་ལ་རྫོང་གི་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་ཧྲུའུ་ཅི་དང་པོས་ཏང་འཛུགས་སྐྱོང་དམ་འཛིན་གྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ནུས་པ་མཐོར་གཏོང་གི་གསོ་སྦྱོང་འཛིན་གྲྭ་གཉེར་མགོ་ཚུགས་པ།

ཟླ6པའི་ཚེས3ཉིན། མདོ་ལ་རྫོང་གི་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་ཧྲུའུ་ཅི་དང་པོས་ཏང་འཛུགས་སྐྱོང་དམ་འཛིན་གྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ནུས་པ་མཐོར་གཏོང་གི་གསོ་སྦྱོང་འཛིན་གྲྭ་མདོ་ལ་རྫོང་ཨུའི་ཏང་གི་སློབ་གྲྭར་སློབ་མགོ་ཚུགས་ཤིང་། ཡུལ་ཚོ་དང་གྲོང་རྡལ7ནས་ཡོང་བའི་སློབ་མ50གསོ་སྦྱོང་ནང་ཞུགས།

མདོ་ལ་རྫོང་ཨུའི་རྩ་འཛུགས་པུའུ་དང་རྫོང་ཨུའི་ཏང་གི་སློབ་གྲྭས་སྡེ་ཁག་གི་འགན་ནུས་ལེགས་ཆའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སློབ་ཁྲིད་ཀྱི་བཀོད་པ་ཇེ་ལེགས་སུ་གཏོང་བ་དང་སློབ་ཁྲིད་བྱེད་སྟངས་གསར་གཏོད་བྱས་ནས་ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་གཙོ་གནད་ལ་དམ་པོར་དམིགས་ཏེ་དུས་རབས་གསར་པའི་རོང་འབྲོག་ཁུལ་གྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་བྱས་ནས་མཉམ་འབྲེལ་ཐོག་འགན་འཁྲི་སྒྲུབ་ནུས་མཐོ་རུ་གཏོང་བའི་གསོ་སྦྱོང་སྤེལ། སློབ་མ་གདམ་གསེས་ཞིབ་ཚགས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་ཡུལ་ཚོ་དང་གྲོང་རྡལ་ལས་ཁུངས་བྱས་ནས་ལོ55མན་དང་བྱ་བའི་ཐད་བསམ་ཚུལ་ཡོད་པ། གྲུབ་འབྲས་མངོན་གསལ་དོད་པ། 2026ལོའི་རྗེས་གྲབས་འོས་མིའི་སྡེ་བའི་ལས་བྱེད་པ་དང་སྡེ་བར་བཅའ་སྡོད་བྱས་པའི་ལས་བྱེད་པ་གདམ་གསེས་ཞིབ་ཚགས་བྱས་ཤིང་། དེའི་ནང་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི29དང་། ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་སྒྲུབ་རུ་མི11། སྡེ་བའི"ཨུ་ལྷན་གཉིས"ཀྱི་ཁོངས་མི10ཡོད། སློབ་སྦྱོང་གི་ནང་དོན་བརྗོད་དོན་ལ་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང<<ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག>>གི"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་སོགས་ལ་དམིགས་ནས་སློབ་ཁྲིད་ཀྱི་ཆེད་དོན་བཀོད་སྒྲིག་བྱས་ཏེ"བརྗོད་དོན་ཟུར་ཁྲིད+བརྙན་ལམ་སློབ་ཁྲིད"ཀྱི་བྱེད་ཐབས་སྤྱད་དེ་མཐོ་རིམ་འཆད་ཁྲིད་དགེ་རྒན་གདན་དྲངས་ནས་གཅིག་སྡུད་སློབ་ཁྲིད་བྱས་ཤིང་། མགོ་ཁྲིད་ལས་བྱེད་པ་ཁྲིད་སྟེགས་ཐོག་བསྐྱོད་རྒྱུ་ཁྱབ་གདལ་བཏང་སྟེ་གསོ་སྦྱོང་ནང་ཞུགས་པའི་སློབ་མར"གློག་གསོག་སྣུམ་སྣོན"བྱས། གསོ་སྦྱོང་རྣམ་པའི་ཐོག་ནས་དངོས་འཐབ་ལ་མཐོང་ཆེན་བྱས་ཏེ་རྨ་ལྷོ་སོག་རྫོང་གི་ཏང་འཛུགས་སྐྱོང་གིས་སྡེ་བའི་མཉམ་སྡེབ་ཐོན་ལས་སྦྲེལ་ཐག་དང་། རྩེ་ཁོག་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་སོགས་གྲོང་གསེབ་དར་སྤེལ་གྱི་དཔེ་མཚོན་སློབ་ཁྲིད6བཀོད་སྒྲིག་བྱས་པ་དང"ཡུལ་དངོས་སློབ་ཁྲིད+དཔེ་མཚོན་དབྱེ་ཞིབ+ཞིབ་བསྡུར་བརྗེ་རེས"ཀྱི་དངོས་འཐབ་ཅན་གྱི་བྱེད་ཐབས་བརྒྱུད་དེ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་སྡེ་བའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱེད་པ་སོགས་ཀྱི་ཉམས་མྱོང་དང་བྱེད་ཐབས་ཡུལ་དངོས་ནས་ལྟ་སྦྱོང་སློབ་སྦྱོང་བྱས་ཏེ་སློབ་མའི་མཐོང་རྒྱ་དང་ནུས་པ་མཐོ་རུ་གཏོང་བར་རོགས་རམ་བྱས། སློབ་གསོ་དོ་དམ་ནན་མོ་དང་དོན་འཁྱོལ་ནན་ཏན་བྱས་ནས<<ཀྲུང་དབྱང་རྩ་འཛུགས་པུའི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་སློབ་མའི་དོ་དམ་གཏན་འབེབས>> <<མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་སློབ་མའི་དོ་དམ་གཏན་འབེབས>>ཀྱི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ནས་གནས་སྐབས་ཏང་ཀྲི་པུའུ་བཙུགས་ཏེ"གསོ་སྦྱོང་མ་བྱས་གོང་གི་སྒྲིག་ཁྲིམས་དྲན་སྐུལ+ཉིན་མོར་གཅིག་སྡུད་སློབ་སྦྱོང+དགོང་མོར་ཞིབ་བསྡུར་བརྗེ་རེས"བཅས་ཀྱི་རྣམ་པ་སྤྱད་དེ་བརྒྱུད་རིམ་ཧྲིལ་པོར་འཛིན་གྲྭར་ཞུགས་ནས་གསོ་སྦྱོང་བྱས་པ་དང་། བཀག་སྡོམ་རྣམ་པ་དང་དམག་དོན་ཅན་གྱི་དོ་དམ་ལག་བསྟར་བྱས་ཏེ་དཔུང་ཁག་དོ་དམ་ལ་དམ་འཛིན་ནན་མོ་བྱེད་པ་དང་གསོ་སྦྱོང་གི་སྒྲིག་ཁྲིམས་ནན་དུ་བཏང་ནས་གསོ་སྦྱོང་བདེ་འཇགས་དང་ལས་ཕྱོད་ཆེ་བའི་འགན་ལེན་བྱས་ཏེ་སློབ་མས་འཇོན་ཐང་སྦྱོང་ཐུབ་པ་དང་ཉམས་མྱོང་ངོ་མ་ལེན་ཐུབ་པར་བྱས།

ཐེངས་འདིའི་གསོ་སྦྱོང་དུས་ཚོད་བཀོད་སྒྲིག་ཚགས་དམ་པ་དང་སློབ་ཁྲིད་ཀྱི་རྣམ་པ་གསར་རྐྱང་ཡིན་པ། སློབ་ཚན་གྱི་ནང་དོན་ཕུན་སུམ་ཚོགས་པོ་བཅས་ཡོད་པས་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་ཧྲུའུ་ཅི་དང་པོས་རང་འགན་གཙང་སྒྲུབ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་མཐོ་རུ་ཕྱིན་ནས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་བྱས་ཏེ་གཞི་རིམ་ཏང་འཛུགས་སྐྱོང་དང་གྲོང་གསེབ་དར་སྤེལ། སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་བྱ་བའི་རིམ་པ་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号