མཚོ་བྱང་ཁུལ་གྱི་ས་ཆ་གཅིག་བདམས་ཐོན་བྱུང་འདུག

ཟླ6པའི་ཚེས3ཉིན། རྒྱལ་ཡོངས་ཀྱི་སྒེར་འཁོར་དང་ཡུལ་སྐོར་རླངས་འཁོར་ཁག་བཞི་པའི5Cདང4Cརིམ་པའི་སྒར་ས་ཁག་བཞི་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་མཚོ་སྔོན་ཞིང་ཆེན་གྱི་སྒར་ས་གཉིས་བདམས་ཐོན་བྱུང་། ཐེངས་འདིའི་རྒྱལ་ཡོངས་ཀྱི་སྒེར་འཁོར་དང་ཡུལ་སྐོར་རླངས་འཁོར4Cརིམ་པའི་སྒར་ས་ཁག་བཞི་པའི་མིང་ཐོའི་ནང་ཚུད་པ་ནི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཚ་འདམ་ཆེ་བ་འོད་བརྙན་གྲོང་གི་སྒེར་འཁོར་ཡུལ་སྐོར་སྒར་ས་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨ་རིག་ཚོ་བའི་འབྲོག་པའི་རིག་གནས་འཚོ་བའི་ཉམས་ལེན་རྟེན་གཞི་གཉིས་རེད།

རྒྱལ་ནང་གི་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱ་ཡུལ་གྱི་མིང་ཐོ་དང་སྒེར་འཁོར་ཡུལ་སྐོར་བྱེད་པའི་ལམ་ཐིག་འོས་སྦྱོར་མིང་ཐོའི་ནང་མཚོ་སྔོན་ནི་ཡུལ་སྐོར་བས་རང་འགུལ་ངང་ཡུལ་སྐོར་བྱ་ཡུལ་གྱི་གྲས་ཤིག་ཡིན་པ་རེད། ཉེ་བའི་ལོ་ཤས་རིང་། རང་ཞིང་གིས་ཡུལ་སྐོར་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཡུལ་སྐོར་སྐྱེལ་འདྲེན་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་ཤུགས་བསྣན་ཏེ་ལྗོངས་ཁུལ་མཛེས་སྡུག་དང་ཁྱད་ཆོས་མངོན་གསལ་དོད་པ། ཉམས་ལེན་རང་བཞིན་ཆེ་བ། སྣེ་ཁྲིད་རང་བཞིན་ལྡན་པ། བར་ཐག་འོས་འཚམ་བཅས་ཀྱི་སྐྱེ་ཁམས་ཡུལ་སྐོར་མཛེས་ལྗོངས་ལམ་བུ་གཅིག་རྗེས་གཉིས་མཐུད་ངང་བསྐྲུན་ཏེ། མགྱོགས་མྱུར་ངང་ཐོན་ནས་དལ་མོའི་ངང་ཡུལ་སྐོར་བྱེད་པའི་འགྲིམ་འགྲུལ་དྲ་བའི་འཁོར་རྒྱུག་སྔར་བས་ཤར་གཏོང་དང་ཕན་འབྲས་ཆེ་རུ་ཕྱིན་ཡོད།

རང་དབང་ཚད་མཐོ་བ་དང་རང་གཤིས་ཅན་ལྡན་པའི་ཡུལ་སྐོར་བྱེད་སྟངས་ཤིག་ཡིན་པའི་ངོས་ནས་ཡུལ་སྐོར་བས་དགའ་བསུ་བྱེད་བཞིན་ཡོད། ནུབ་རྒྱུད་ས་ཁུལ་གྱི་མཛེས་སྡུག་ལྡན་པའི་རང་བྱུང་ཡུལ་ལྗོངས་དང་དམིགས་བསལ་ཡུལ་སྲོལ་གོམས་གཤིས་ཀྱིས་ཕྱུག་པའི་ཐག་རིང་སྒེར་འཁོར་ཡུལ་སྐོར་བྱེད་མཁན80%ཡི་ཡིད་དབང་བཀུག་ཡོད། ཀན་སུའུ་མཚོ་སྔོན་སྐོར་ལམ་ཆེན་པོའི་མངའ་ཁོངས་སུ་སྐད་གྲགས་ཆེ་བའི་སྒེར་འཁོར་ཡུལ་སྐོར་ལམ་ཐིག་གི་མིང་ཐོའི་ནང་ཡང་ཚུད་ཡོད།

ཡུལ་སྐོར་བའི་ཡུལ་སྐོར་ཉམས་ལེན་ཕུན་སུམ་ཚོགས་པོ་ཡོང་ཆེད། མཚོ་སྔོན་གྱི་ས་གནས་སོ་སོའི་རིག་གནས་ཡུལ་སྐོར་སྡེ་ཚན་དང་ཡུལ་སྐོར་ཁེ་ལས་ཀྱིས་མཚོ་ནུབ་ཀྱི་སྐོར་ལམ་ཆེན་པོ་དང་མཚོ་སྔོན་པོའི་སྐོར་ལམ། རྨ་ཆུའི་ཁྱམས་རིང་སྐོར་ལམ་སོགས་སྐྱེ་ཁམས་ཡུལ་སྐོར་ལམ་ཐིག་རབ་དང་རིམ་པ་གཙོ་གནད་དུ་བཏོན་ཡོད་པ་དེའི་ནང་ལྗོངས་འཁོར་དང་ཁང་འཁོར་སོགས་ཉམས་ལེན་སྣ་ཚོགས་ཚུད་ཡོད། ཡུལ་སྐོར་ལམ་ཐིག་གིས་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་རི་ཆུ་དང་ནགས་ཚལ། རྩྭ་ཐང་། བརླན་ས། བྱེ་ཐང་སོགས་སྐྱེ་ཁམས་མཛེས་ལྗོངས་མངོན་པ་དང་མཚོ་སྔོན་གྱི་སྐྱེ་ཁམས་མཛེས་ལྗོངས་དང་འབྲེལ་ཡོད། རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བའི་སྒེར་འཁོར་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་དང་རྒྱུན་ཆད་མེད་པར་རིམ་སྤོར་སྒེར་འཁོར་ཡུལ་སྐོར་ལམ་ཐིག་ལ་ཞིང་ཆེན་ཕྱི་ནང་གི་སྒེར་འཁོར་ཡུལ་སྐོར་ཚོགས་པས་དགའ་བསུ་ཆེན་པོ་ཐོབ་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号