ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་མཚོ་བྱང་གི་འཇོན་མིའི་ལས་ཤག་ཏུ་བརྟག་ཞིབ་གནང་པ།

ཟླ6པའི་ཚེས13ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཟི་ལིང་གྲོང་ཁྱེར་དུ་ཡོད་པའི་མཚོ་བྱང་གི་འཇོན་མིའི་ལས་ཤག་སྒྱུར་བཀོད་དང་རིམ་སྤོར་བྱ་བར་བརྟག་ཞིབ་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་ཡིས་ཕེབས་རོགས་གནང་།   

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་མཚོ་བྱང་གི་འཇོན་མིའི་ལས་ཤག་གི་བྱ་བ་སོ་སོར་སྐུལ་འདེད་བཏང་ཚུལ་གྱི་སྙན་ཞུར་ཉན་ཞིང་། ཡུལ་དངོས་ནས་ལས་ཤག་ནང་ཁུལ་གྱི་འཆར་འགོད་བཀོད་སྒྲིག་དང་། མཉེན་ཆས་དང་མཁྲེགས་ཆས་ཀྱི་སྒྲིག་སྦྱོར། མེ་ཟོན་བདེ་འཇགས་བགྲོད་ལམ་བཀོད་སྒྲིག་སོགས་ལ་ལྟ་ཞིབ་བྱས་ཏེ་འཇོན་མིའི་ཞག་སྡོད་དང་མི་སྣ་དོ་དམ། གོམ་སྟབས་རྗེས་མའི་བྱ་བའི་འཆར་གཞི་བཅས་ལ་རྒྱུས་ལོན་ཞིབ་ཕྲ་གནང་ནས་བསྟན་དོན། འཇོན་མིར་མཐོང་ཆེན་བྱ་རྒྱུ་ནི་ང་ཚོའི་ཏང་གིས་རྒྱུན་འཁྱོངས་བྱེད་པའི་སྲོལ་རྒྱུན་བཟང་པོ་ཞིག་ཡིན་པ་དང་། མཚོ་བྱང་གི་འཇོན་མིའི་ལས་ཤག་སྐྲུན་པ་ནི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འཇོན་མིར་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས་འབྲེལ་ཡོད་འགན་ཁུར་སྡེ་ཁག་གིས་བསམ་བློའི་ངོས་འཛིན་ཇེ་མཐོར་བཏང་ནས་ཞབས་ཞུའི་འགན་ལེན་བྱ་བ་སོ་སོ་ཏན་ཏིག་སྒོས་བསྒྲུབ་དགོས་ཟེར།    

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ནན་གྱིས་བསྟན་དོན། ཁུལ་ཐད་གཏོགས་ལས་ཁུངས་ལས་དོན་དོ་དམ་ཅུས་དང་ཁུལ་ཨུའི་ལས་བྱེད་རྒན་པ་ཅུས་ཀྱིས་འགན་འཁྲི་འཁུར་ནས་ལས་འགན་དམ་དུ་བཟུང་སྟེ་མཚོ་བྱང་གི་འཇོན་མིའི་ལས་ཤག་གི་རྒྱུན་གཏན་དོ་དམ་དང་ཞབས་ཞུ། འགན་ལེན་སོགས་ཀྱི་བྱ་བ་ནུས་ཤུགས་ཡོད་རྒུས་ཡག་པོར་བསྒྲུབ་དགོས་ཏེ། གཅིག་ནས་གྲོན་ཆུང་སྤྱོད་གོ་ཆོད་པའི་རྩ་དོན་གཞིར་བཟུང་འོས་སྐུལ་འོས་དཔོད་ཀྱི་གོ་རིམ་ནན་མོ་དང་ཨར་ལས་བདེ་འཇགས། བཟོ་སྐྲུན་སྤུས་ཚད་བཅས་ཀྱི་སྔོན་འགྲོའི་ཆ་རྐྱེན་འོག་རླངས་འཁོར་འཇོག་ས་དང་ཕྱོགས་སྟོན་བྱང་བུ་སོགས་རྨང་གཞིའི་འགན་སྲུང་སྒྲིག་ཆས་དོན་འཁྱོལ་བྱས་ཏེ་ལས་ཤག་ནང་ཁུལ་གྱི་སྒྱུར་བཀོད་དང་སྤུས་ཚད་མཐོ་རུ་གཏོང་བ་སོགས་ཀྱི་བྱ་བ་གང་མགྱོགས་སྒོས་ལེགས་སྒྲུབ་བྱས་ནས་ནུས་ཤུགས་ཡོད་རྒུས་སྐྱིད་སྣང་དོད་པའི་གནས་སྡོད་ཁོར་ཡུག་ཅིག་བསྐྲུན་དགོས། གཉིས་ནས་དོ་དམ་ཞིབ་ཚགས་རྒྱུན་འཁྱོངས་བྱས་ཏེ་ལས་ཤག་དོ་དམ་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ། དགོས་མཁོ་ལྟར་བདེ་སྲུང་དང་གཙང་སྦྲ་སོགས་ལས་གནས་ཀྱི་ལས་བྱེད་མི་སྣ་ལས་བསྡུ་བྱས་ཏེ་འཇོན་མིའི་ལས་ཤག་གི་ཞབས་ཞུའི་ཆུ་ཚད་དང་བེད་སྤྱོད་ལས་ཕྱོད་མཐོ་རུ་ཏན་ཏིག་བཏང་ནས་ཧྲན་ཏུང་གི་མཚོ་སྐྱོར་ལས་བྱེད་འཇོན་མིར་ཟི་ལིང་དུ་ངལ་གསོ་སྐྱིད་པོ་ཡོང་བའི་ཁོར་ཡུག་ཅིག་བསྐྲུན་དགོས། ལས་ཤག་བོགས་མར་གཏོང་བའི་ཚོང་དུད་ལ་གཅིག་གྱུར་ཚད་ལྡན་གྱི་དོ་དམ་བྱས་ཏེ་དུས་བཀག་ལྟར་བཟའ་བཅའི་བདེ་འཇགས་དང་མེ་ཟོན་མཁོ་བསྟུན་སོགས་ཀྱི་ཞིབ་བཤེར་བྱས་ནས་བདེ་འཇགས་དོན་རྐྱེན་མི་འབྱུང་བའི་འགན་ལེན་བྱ་དགོས། གསུམ་ནས་འབྲེལ་གཏུག་མཐུན་སྦྱོར་གྱི“ལྟེ་བ”ཡག་པོ་བྱས་ནས་ཆེད་མཁས་པ་དང་འཇོན་མི་དུས་ཐུང་ནང་ཞག་སྡོད་དང་། མཚོ་བྱང་གི་ལས་བྱེད་པ་ཟི་ལིང་དུ་བསྐྱོད་དེ་གཞུང་དོན་བྱེད་སྒོ་སྤེལ་བར་འབྲེལ་གཏུག་མཐུན་སྦྱོར་བྱེད་པ་སོགས་འགན་ལེན་བྱ་བ་ཡག་པོར་བསྒྲུབ་སྟེ་ཁུལ་ཡུལ་སྐོར་ལས་དོན་ཁང་གིས་འཇོན་མིའི་ལས་ཤག་ཏུ་རིག་གནས་ཡུལ་སྐོར་དྲིལ་སྒྲོག་འོས་སྦྱོར་བྱེད་པ་སོགས་ཀྱི་ལས་འགན་ལེགས་པོ་སྒྲུབ་རོགས་བྱ་དགོས་ཟེར།            

ཁུལ་ཨུའི་ལས་བྱེད་རྒན་པ་ཅུས་དང་ཁུལ་ཐད་གཏོགས་ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱི་འགན་འཁུར་བློ་མཐུན་གྱིས་ཕེབས་རོགས་བྱས།    

དབང་ཆེན་དོན་འགྲུབ་ཀྱིས་བསྒྱུར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号