ཁུལ་ཡོངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བཀོད་གཏོང་སྐུལ་འདེད་ཚོགས་འདུ་འཚོགས་པ།

ཤ་བོ་སྐྱབས་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་།

ཟླ6པའི་ཚེས14ཉིན། ཁུལ་ཡོངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བཀོད་གཏོང་སྐུལ་འདེད་ཚོགས་འདུ་འཚོགས། ཚོགས་འདུའི་ཐོག་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆ་དང་ཞིང་ཆེན་ཏང་ཨུའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་། ཉམས་མྱོང་དང་བྱེད་སྟངས་བརྗེ་རེས། གནས་པའི་གནད་དོན་བཅས་ལ་དབྱེ་ཞིབ་བྱས་ནས་དུས་རིམ་རྗེས་མའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་དབྱང་ཧའེ་ལུང་ཚོགས་འདུར་ཕེབས།     

ཤ་བོ་སྐྱབས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དམིགས་ཚད་དང་བླང་བྱ་ཁོང་དུ་ཆུད་པ་གནད་ལ་འཁེལ་ཞིང་བསམ་ཕྱོགས་ཁ་གསལ་བ། གཙོ་གནད་མངོན་གསལ་དོད་པ། བྱེད་ཐབས་འཐུས་ཚང་ཡིན་པ་བཅས་བྱས་ཏེ་སྤྱི་ཡོངས་ནས་རྩ་འཛུགས་མགོ་ཁྲིད་ནུས་ལྡན་དང་གོ་རིམ་ལྡན་པ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་ཏན་ཏིག་དང་གཏིང་ཟབ་པ། ཉེན་བརྡའི་སློབ་གསོའི་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།  གསར་བརྗེའི་ཉམས་ཞིབ་ལ་སྔར་ལས་ཕན་འབྲས་ཐོན་པ། དོན་དངོས་དང་ཟུང་འབྲེལ་བྱས་པ་སྔར་ལས་དམ་ཟབ་ཡིན་པ་སོགས་ཀྱི་རྣམ་པ་བཟང་པོ་མངོན་ནས་ཁུལ་ཡོངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་མཐུད་གཏིང་ཟབ་དང་ཏན་ཏིག་སྤེལ་ཡོད་ཟེར།

ཤ་བོ་སྐྱབས་ཀྱི་ནན་གྱིས་བསྟན་དོན། ཧྲུའུ་ཅི་ཁྲིན་ཀང་གིས“གནད་དོན་ལ་བསྟུན་ནས་རྒྱུག་པ་དང་གནད་དོན་ལ་བལྟས་ནས་ཞིབ་འཇུག གནད་དོན་ལ་དམིགས་ནས་བསྒྱུར་བ་བཅས་བྱས་ཏེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཏུ་སྤེལ་རྒྱུར་སྐུལ་འདེད་གཏོང་བའི”བླང་བྱ་ལག་བསྟར་གཏིང་ཟབ་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་དགོས། གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་བཏང་ནས་སྒྲིག་ཁྲིམས་ཏང་གི་སློབ་ཚན་དང་ཉེན་བརྡའི་སློབ་གསོ། རིམ་དབྱེ་གསོ་སྦྱོང་། ལམ་ལུགས་འཛུགས་སྐྲུན། སྒྲིག་ཁྲིམས་ལག་བསྟར་སོགས་ཀྱི་བྱ་བ་སོ་སོ་གཙོ་གནད་དུ་དམ་འཛིན་ལེགས་པོ་བྱས་ཏེ་ཏང་ཡོན་ལས་བྱེད་པར་མུ་མཐུད་དུ་སྒྲིག་ཁྲིམས་སློབ་སྦྱོང་དང་སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་གསལ་བ། སྒྲིག་ཁྲིམས་སྲུང་བ་བཅས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ།    “སྒྲིག་ཁྲིམས་དྲུག”དེ་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་ཤེས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སུ་བསྒྱུར་དགོས། གནད་དོན་ཐག་གཅོད་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་ཁྱབ་པ་དང་། མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་གནད་དོན་དང་ཚུལ་མིན་སྤྱོད་ཚུལ་ཆེད་དམིགས་བཅོས་སྒྲིག་ལ་ཞིབ་བཤེར་དང་བཅོས་སྒྲིག་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། ཟང་ཟིང་བཅོས་སྐྱོང་ལ་དམ་འཛིན་ནན་མོ་དང་མང་ཚོགས་ཉེ་འགྲམ་གྱི་དོན་དངོས་གནད་དོན་གཅིག་སྡུད་ཀྱིས་ཐག་གཅོད་བྱས་ཏེ་མང་ཚོགས་ལ་སྤྱོད་བཟང་སྒྲིག་ཁྲིམས་དམ་འཛིན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ་དེ་ཉེ་འགྲམ་དུ་ཡོད་པ་ཚོར་དུ་འཇུག་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་དང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་བྱ་བའི་བཀོད་སྒྲིག་དོན་འཁྱོལ་བྱས་ནས་རང་ས་ཁུལ་དང་སྡེ་ཁག ལས་ཁུངས་བཅས་ཀྱི་གཙོ་གནད་བྱ་བ་ལེགས་སྒྲུབ་བྱེད་པ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཕྱོགས་གཉིས་དམ་འཛིན་དང་སྐུལ་འདེད་གཉིས་རྒྱུན་འཁྱོངས་བྱས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་མཐའ་མའི་གྲུབ་འབྲས་དེ“ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ་གསུམ”གྱི་བླང་བྱ་དོན་འཁྱོལ་དང“མཚོ་བྱང་ལྔ”འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བའི་ཐོག་མངོན་པར་བྱེད་དགོས། འགན་འཁྲི་ཁྱོན་ཡོངས་ནས་དམ་དུ་བཏང་སྟེ་ཏང་ཨུ(ཏང་ཙུའུ)སོ་སོས་བྱ་བའི་གཅིག་གྱུར་འཆར་འགོད་ལ་ཤུགས་བསྣན་ཏེ་འགན་ཁུར་བ་དང་པོའི་འགན་འཁྲི་དང“ལས་གནས་གཅིག་ལ་འགན་འཁྲི་གཉིས”དོན་འཁྱོལ་ཡག་པོ་བྱ་དགོས། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རིམ་པ་སོ་སོ་དང་མངགས་སྡོད་བྱས་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚན་ཆུང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས། རིམ་པ་སོ་སོའི་ཆེད་དོན་ལས་སྒྲུབ་ཚན་ཆུང་གིས་དུས་རིམ་རང་བཞིན་གྱི་བཀོད་གཏོང་དང་མཛུབ་སྟོན་ཡག་པོ་བྱ་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་དུས་ཐོག་ཏུ་ཁྲིད་སྟོན་བྱས་ཏེ་རྒྱུན་ཆད་མེད་པར་ཏང་གི་སྒྲིག་སྲོལ་དང་ཏང་གི་སྒྲིག་ཁྲིམས་ལ་བརྟེན་ནས་དྲང་ཕྱོགས་སུ་ཡོ་བསྲང་བྱ་དགོས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས“1+10”གཞི་རིམ་ལ་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་མཉམ་འབྲེལ་གནས་དང“4+1+N”འགན་ཁུར་ལས་བགོས་གཞིར་བཟུང་དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱེད་པར་མཐུན་སྦྱོར་སྐུལ་འདེད་གཏོང་དགོས་ཟེར།

ཁུལ་ཨུའི་རྒྱུན་ཨུའམ་སྒྲིག་ཨུའི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རིན་ལའེ་མིན་གྱིས་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་དང་ཞིང་ཆེན་ཡོངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་བྱ་བའི་བཀོད་གཏོང་སྐུལ་འདེད་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའི་པུའུ་ཀྲང་སི་ཅི་ཧྲིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། རྫོང་བཞིའི་རྫོང་ཨུ་དང་། ཁུལ་སྤྱི་བདེ་ཅུས་ཏང་ཨུ། འཇུ་ལག་རྫོང་གྲེ་མ་ཡུལ་ཚོ་ཏང་ཨུ། མདོ་ལ་རྫོང་སྒྲིག་ཁྲིམས་ལྟ་ཞིབ་ཨུ་ལྷན་གྱི་མངགས་སྡོད་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚན་ཆུང་དང་པོ། རྐང་ཚ་རྫོང་གཡུ་དཀར་འོམ་ལུང་ཡུལ་ཚོ་གཉའ་གོང་མ་སྡེ་བའི་ཏང་ཀྲི་པུའུ།  མདའ་བཞི་རྫོང་མཁར་ཟུར་གསུམ་གྲོང་རྡལ་མཁར་ཟུར་གསུམ་སྡེ་ཁུལ་ཏང་ཀྲི་པུའི་འགན་ཁུར་བློ་མཐུན་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ།     

ཚོགས་འདུ་བརྙན་ལམ་རྣམ་པའི་ཐོག་ནས་འཚོགས་ཤིང་། ཁུལ་ཏང་འཛུགས་སྐྱོང་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་སོ་སོ་དང་།   ཁུལ་རིམ་པའི་མགོ་ཁྲིད་ལས་བྱེད་པ་སོ་སོ།  ཁུལ་ཨུའི་སྡེ་ཁག་སོ་སོ། ཁུལ་ཐད་གཏོགས་སྡེ་ཁག་སོ་སོ། མང་ཚོགས་ཚོགས་པ་སོ་སོའི་འགན་ཁུར་བློ་མཐུན་གཙོ་བོ་དང་མངགས་སྡོད་བྱས་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚན་ཆུང་གི་ཚན་གཙོ། ཁུལ་ཨུའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་བྱ་བའི་ཆེད་དོན་ལས་སྒྲུབ་ཚན་ཆུང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཁུལ་གྱི་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་པ་དང་། རྫོང་སོ་སོར་ཡན་ལག་ཚོགས་ར་བཙུགས་ཡོད།    

དབང་ཆེན་དོན་འགྲུབ་ཀྱིས་བསྒྱུར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号