ཤ་བོ་སྐྱབས་ཀྱིས"བདུན་གཅིག"བཅར་འདྲི་དང་འཚམས་འདྲིའི་བྱེད་སྒོ་སྤེལ།

ཟླ7པའི་ཚེས1ཉིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ103འཁོར་བ་དང"བདུན་གཅིག"ཏང་འཛུགས་དུས་ཆེན་གྱི་སྐབས་སུ་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཏང་ཡོན་རྒན་གྲས་དང་ཕུལ་བྱུང་ཏང་ཡོན། མཚོ་སྐྱོར་ཏང་ཡོན་ལས་བྱེད་པ་བཅས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་བྱས་ཤིང་།འཚམས་འདྲི་བྱེད་སྒོ་སྤེལ་ནས་ཏང་གི་ཐུགས་ཁུར་དང་དྲོ་སྐྱིད་ཕུལ་ཏེ་ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལ་དུས་ཆེན་གྱི་སྨོན་འདུན་དང་ལྷག་བསམ་ཟོལ་མེད་ངང་འཚམས་འདྲི་ཞུས།

ཤ་བོ་སྐྱབས་ཀྱིས་མཚོ་བྱང་སློབ་འབྲིང་དང་པོའི་མཚོ་སྐྱོར་དགེ་རྒན་ཝང་ཧྲུའུ་ཧའེ་ཡི་ཁྱིམ་དུ་མཚོ་སྐྱོར་ཕུལ་བྱུང་ཏང་ཡོན་དང་ཁ་བརྡ་གང་མང་བྱས་ནས་ཁོས་བྱ་བ་དང་འཚོ་བའི་གནས་ཚུལ་རྒྱུས་ལོན་བྱས་ཤིང་ཁོས་ཕ་ཡུལ་དང་བྲལ་ནས་དཀའ་ངལ་ཁྱད་བསད་ཀྱིས་མཚོ་བྱང་ལ་ལེགས་སྐྱེས་ཕུལ་བའི་སྙིང་སྟོབས་ལ་ཁས་ལེན་བྱས། ཉེ་བའི་ལོ་ཤས་རིང་། མཚོ་བྱང་སློབ་གསོའི་བྱ་བའི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་ས་ཆ་གཞན་དུ་འཛིན་གྲྭ་གཉེར་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དེ་ཧྲན་ཏུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་མཚོ་སྐྱོར་ལས་བྱེད་པས་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བར་ཁ་འབྲལ་ཐབས་མེད་ཅེས་བསྟན། ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཁག་སོ་སོས་མཚོ་སྐྱོར་ལས་བྱེད་པའི་བྱ་བ་དང་འཚོ་བར་ཐུགས་ཁུར་གཅེས་སྐྱོང་བྱས་ཏེ་མཚོ་བྱང་གི་ཤེས་ལྡན་མི་སྣའི་སྡོད་ཁང་ཡག་པོ་སྤྱད་དེ་ཟི་ལིང་དུ་ཁོ་ཚོར་དྲོ་སྐྱིད་དང་སྐྱིད་སྣང་དོད་པའི་ལུས་གསོའི་ཁོར་ཡུག་ཅིག་མཁོ་འདོན་བྱེད་དགོས་པའི་བཀའ་མངགས་གནང་། མཚོ་སྐྱོར་དགེ་རྒན་ཚོས་ཆེད་ལས་ཀྱི་ཁྱད་ཆོས་མུ་མཐུད་འདོན་སྤེལ་བྱས་ཏེ་མཚོ་བྱང་གི་སློབ་གསོར་རྩ་ཆེའི་ཉམས་མྱོང་བརྒྱུད་ཁྲིད་བྱས་ནས་མཚོ་བྱང་གི་སློབ་གསོའི་བྱ་གཞག་སྐས་རིམ་དེ་བས་མཐོ་བ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད།

ཤ་བོ་སྐྱབས་ཀྱིས་མདའ་བཞི་རྫོང་གསེར་ཐང་ཡུལ་ཚོ་གསེར་ཐང་སྡེ་བའི་དེ་སྔའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚའེ་ཏེ་ཡི་ཁྱིམ་དུ་ཐོན་སྐྱེད་དང་འཚོ་བ། བུ་ཕྲུག་གི་སློབ་གསོ་ལས་ཞུགས་སོགས་ཀྱི་གཞི་རྩའི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་གནང་བ་དང་ཁོས་མཚོ་བྱང་གི་སྒྱུར་བཅོས་འཕེལ་རྒྱས་ཐད་བཏོན་པའི་བསམ་འཆར་དང་གྲོས་འགོ་གསན་ཞིང་། ཁོ་རང་ལས་འཁྱུར་ངལ་གསོ་བྱས་ཀྱང་དུས་དང་རྣམ་པ་ཀུན་ཏུ་ཁུལ་དང་རྫོང་གི་དཔལ་འབྱོར། སྤྱི་ཚོགས་འཕེལ་རྒྱས་བཅས་ལ་དོ་ཁུར་བྱེད་པ་དང་སྡེ་བ་རིམ་པའི་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྙིང་སྟོབས་ལ་ཁས་ལེན་གནང་། ཁོ་ལ་ཏང་ཡོན་གྱི་རང་གཤིས་མི་བརྗེད་པ་དང་བྱེད་ནུས་མུ་མཐུད་འདོན་སྤེལ་བྱས་ཏེ་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་དྲིལ་སྒྲོག་ཡག་པོ་བྱས་ནས་འགལ་བ་དང་རྩོད་གཞི་སེལ་བ། ཁྱད་ལྡན་ཐོན་ལས་གོང་འཕེལ། ཐུན་མོང་དཔལ་འབྱོར་སྟོབས་ཆེར་གཏོང་བ་སོགས་ཀྱི་ཐད་ཐབས་འདོན་ཇུས་འབུལ་རྒྱུན་མཐུད་བྱས་ཏེ་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་དགོས་པའི་ལྕག་སྐུལ་གནང་། ཁུལ་དང་རྫོང་གི་རྩ་འཛུགས་སྡེ་ཁག་གིས་སྔར་རྒྱུན་བཞིན་ཏང་ཡོན་རྒན་གྲས་ཀྱི་ཐོན་སྐྱེད་འཚོ་བ་དང་བསམ་འཆར་རེ་ཞུར་སེམས་ཁུར་བྱས་ཏེ་འགན་ལེན་སྲིད་ཇུས་སོ་སོ་དོན་འཁྱོལ་ཡག་པོ་བྱེད་པ་དང་དཀའ་ངལ་ཡོད་པའི་གནད་དོན་ཐག་གཅོད་འོས་འཚམ་བྱས་ནས་ཁོ་ཚོར་དུས་དང་རྣམ་པ་ཀུན་ཏུ་ཏང་རྩ་འཛུགས་ཀྱི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་ཐུབ་པར་བྱེད་དགོས་པའི་བླང་བྱ་བཏོན།

ཤ་བོ་སྐྱབས་ཀྱིས་མདའ་བཞི་རྫོང་མཁར་ཟུར་གསུམ་གྲོང་རྡལ་ཧོང་ཚ་གྲོང་སྡེ་བའི་བཅའ་སྡོད་ཧྲུའུ་ཅི་དང་པོ་པའོ་ཆིན་ལ་འཚམས་འདྲི་གནང་བ་དང་། སྡེ་བའི"ཨུ་ལྷན་གཉིས"ཀྱི་ཁོངས་མི་དང་བཞུགས་མོལ་ཁ་བརྡ་གནང་ནས་སྡེ་བ་རིམ་པའི་འཕེལ་རྒྱས་དང་སྡེ་སྡོད་བྱ་བའི་སྙན་ཞུ་གསན་ནས་ནོར་ལུག་བཤས་གཏོང་རིན་གོང་དང་ཕྱིར་ཚོང་ཐབས་ལམ། གསོ་སྤེལ་ར་བའི་འཁོར་སྐྱོད་དོ་དམ་སོགས་གཞི་རྩའི་གནས་ཚུལ་བཅས་ལ་རྒྱུས་ལོན་གནང་ནས་ནན་གྱིས་བསྟན་དོན། སྡེ་བའི"ཨུ་ལྷན་གཉིས"ཀྱིས་མང་ཚོགས་ལ་རྒྱུན་མཐུད་འབབ་འཕར་ཡོང་བར་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ཐོན་ལས་ལ་དམ་འཛིན་དང་སྟེགས་བུ་བསྐྲུན་པ། སྲིད་ཇུས་དོན་འཁྱོལ་བཅས་བྱེད་ཤུགས་གཙོ་བོར་བྱས་ཏེ་ཞིང་ལས་དང་ཞིང་ལས་སྣེ་ཁྲིད་ཐད་འབད་བརྩོན་བྱས་ནས་རིག་གནས་ཡུལ་སྐོར་ཆེན་པོའི་རྒྱབ་ལྗོངས་འོག་ཞིང་ཕྱུགས་ཐོན་རྫས་ཕྱིར་ཚོང་གི་ཁེ་སྤོགས་གང་ལེགས་འདོན་པ་དང་ནོར་ལུག་གསོ་སྤེལ་གྱི་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་ཧུར་ཐག་བཏང་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་རིམ་པ་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱེད་དགོས། སྡེ་སྡོད་ལས་བྱེད་པས་དངོས་སྒྲུབ་ཀྱི་སྤྱོད་ཚུལ་མུ་མཐུད་དར་སྤེལ་བཏང་ནས་འགན་འཁྲི་ལྕི་པོ་ཕྲག་ཐོག་ཏུ་འཁུར་བ་དང་སེམས་པ་གཞི་རིམ་དུ་བཞག་ནས་བརྩེ་སེམས་མང་ཚོགས་ཁྲོད་མཉམ་འདྲེས་ཐུབ་པར་བྱས་ཏེ་དོན་དངོས་མང་ཙམ་སྒྲུབ་པ་དང་དཀའ་གནད་སེལ་བ། བྱ་བ་བཟང་པོ་བསྒྲུབས་ནས་མང་ཚོགས་ཀྱི"སྙིང་ཉེ་བའི་མི"ཞིག་ཏུ་འགྱུར་བར་རེ་བ་བྱེད་ཀྱིན་ཡོད།

དེའི་རིང་། མཚོ་བྱང་ཁུལ་གྱི་ཕུལ་བྱུང་ཏང་ཡོན་དང་མི་རིགས་གླུ་གར་ཚོགས་པའི་ཚོགས་གཙོ་ཆོས་མོ་སྐྱིད་ལ་ཡང་འཚམས་འདྲི་གནང་།

ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་། ཁུལ་ཨུའི་རྩ་འཛུགས་པུའུ། ཁུལ་སློབ་གསོ་ཅུས་དང་མདའ་བཞི་རྫོང་གི་ལས་བགོས་འགན་འཁུར་བློ་མཐུན་བཅས་ཀྱིས་འཚམས་འདྲི་གནང་བར་ཕེབས་རོགས་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号