ཤ་བོ་སྐྱབས་མདའ་བཞི་རྫོང་དུ་བསྐྱོད་ནས་རིག་གནས་ཡུལ་སྐོར་ཐོན་ལས་ལ་བརྟག་ཞིབ་གནང་པ།

ཟླ6པའི་ཚེས29ཉིན་ནས་ཚེས30ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ལྗོངས་ཁུལ་དུ་བསྐྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་བྱས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་དང་མཚོ་སྔོན་པོའི་མཐའ་སྐོར་དུ་གནས་སྡོད་བརྟག་ཞིབ་བྱེད་སྐབས་ཀྱི་མཛུབ་སྟོན་དགོངས་དོན་གཞིར་བཟུང་སྟེ།"གནད་དོན་ཁྲིད་སྟོན་དང་དམིགས་འབེན་ཁྲིད་སྟོན། མཇུག་འབྲས་ཁྲིད་སྟོན"བཅས་སུ་འཛིན་པ་རྒྱུན་འཁྱོངས་བྱས་ནས"མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས"ཀྱི་བྱ་ཐབས་དང་འཐབ་ཕྱོགས་དང་པོའི་བྱ་བའི་བྱེད་ཐབས་སྤྱད་དེ་མདའ་བཞི་རྫོང་དུ་བསྐྱོད་དེ་གཙོ་གནད་བྱ་བའི་ལས་འགན་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ཏེ་ཡུལ་དངོས་ནས་ཚོགས་འདུ་འཚོགས་ནས་བྱ་བའི་བླང་བྱ་བཏོན།

ཤ་བོ་སྐྱབས་སྔ་རྗེས་སུ་སྨོན་ལམ་མཐོན་པོ་སྐྱེ་ཁམས་ཡུལ་སྐོར་དང་གསར་བརྗེའི་ཉམས་ཞིབ་སློབ་སྦྱོང་རྟེན་གཞི། མདའ་བཞིའི་ནུབ་མཚོ་ཆུ་ཚན། ཤྭ་ལུང་ཆུ་ཚན། མདའ་བཞི་ཚོ་བ། ནུབ་མཚོ་སྐར་ཁང་།   སོག་པོའི་སྒར་ཆེན།  བྷོ་ཊའི་ལྗོངས་ལ་མགོའི་གསོལ་མགྲོན་གླིང་། གསེར་མཚེའུ་ཆུ་ཐོག་སྤྲོ་སྐྱིད་གླིང་། བྱེ་མ་གསེར་ལྡན་དང་ནུབ་མཚོ་ལུས་རྩལ་ར་བ་སོགས་སུ་བསྐྱོད་དེ་བརྟག་དཔྱད་ཞིབ་འཇུག་གནང་། ཡུལ་དངོས་སུ་ལྗོངས་ཁུལ་གྱི་ལྗང་འགྱུར་འཕར་སྣོན་དང་ཁ་གསབ་བྱེད་པ། ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག ཡུལ་སྐོར་བའི་ཞབས་ཞུའི་ཁྲིད་སྟོན། རིག་གནས་ཡུལ་སྐོར་ཚོང་ར་དང་ལས་ཞུགས་མི་སྣའི་དོ་དམ། ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་ཤིང་ལྗོངས་ཁུལ་གྱི་འགན་འཁུར་བ་དང་བརྗེ་རེས་གཏིང་ཟབ་བྱས་ཏེ། ལྗོངས་ཁུལ་གཉེར་སྐྱོང་དོ་དམ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་ཐོན་ལས། སྒར་འདེབས་ཐོན་ལས་འཕེལ་རྒྱས་སོགས་ཐད་ཀྱི་བྱ་བའི་སྙན་ཞུ་དང་གསར་གཏོད་བསམ་ཚུལ་ལ་ཉན་པ་དང་གནས་པའི་དཀའ་ངལ་དང་གནད་དོན་ལ་རྒྱུས་ལོན་བྱས་ནས་བསྟན་དོན། ཐོག་མཐའ་བར་གསུམ་དུ"ཆེས་ཆེ་བ་གསུམ"གྱི་ཞིང་ཆེན་གནས་ཚུལ་གྱི་ངེས་གནས་ལ་གཞི་ཚུགས་པ་དང་ཞིང་ཆེན་ཡོངས་ཀྱི"ལྟེ་གཅིག་གདུབ་གཅིག་སྣེ་མང"གི་འཕེལ་རྒྱས་རྣམ་པ་གསར་པར་དམིགས་པ། མཚོ་བྱང་ཁོ་ནར་ཡོད་པའི་སྐྱེ་ཁམས་དང་གསར་བརྗེའི་ཐོན་ཁུངས་ཀྱི་དགེ་མཚན་རྒྱུན་མཐུད་ངང་ཆེ་རུ་གཏོང་པ། སྲུང་སྐྱོབ་དང་འཕེལ་རྒྱས་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། རིག་གནས་དང་ལུས་རྩལ་ཡུལ་སྐོར་ཚོང་པ་སྤུས་ཚད་མཐོ་བའི་མཉམ་འདྲེས་འཕེལ་རྒྱས་ཡོང་པར་སྐུལ་འདེད་གཏོང་པ། སྐྱེ་ཁམས་སྲུང་སྐྱོབ་དང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་ལྗང་མདོག་སྲུང་སྐྱོབ་མངོན་འགྱུར་ཧུར་ཐག་ཡོང་པར་བྱེད་དགོས་ཟེར།

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། གཅིག་ནས་མདའ་བཞི་རྫོང་གིས་རིག་གནས་ལུས་རྩལ་བྱེད་སྒོ་གསར་གཏོད་བྱས་ནས་ཡུལ་སྐོར་བ་མགྲོན་འགུགས་ཐུབ་པར་བྱེད་པ་དང་མཚོ་བྱང་ཁུལ་གྱི"མཚོ་སྔོན་གྱི་ལིང་གྱོ་རྒྱ་རྟགས་མའི"མཚོ་སྔོན་པོ་རྟ་རྒྱུག་ལྷག་རིམ་འགྲན་སྡུར་དང་ཝང་ལུའོ་པིན་རོལ་དབྱངས་དུས་ཆེན། མདའ་བཞིའི་རོལ་དབྱངས་དུས་ཆེན་སོགས་འགྲན་སྡུར་བྱེད་སྒོའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དཔྱད་གཞིར་གང་ལེགས་བཟུང་ནས། ཡུལ་ཚོ་དང་གྲོང་རྡལ་སོ་སོ་སྒྲིག་འཛུགས་བྱས་ཏེ། ནུབ་མཚོ་ལུས་རྩལ་ར་བ་རུ་སྡེ་བ་རིམ་པའི་རྟ་རྒྱུག་འགྲན་སྡུར་སྤེལ་བ་དང་། སྨོན་ལམ་མཐོན་པོ་སྒར་འདེབས་དང་སྒར་ཁ། བྱེ་མ་གསེར་ལྡན་བཅས་སུ་གཞི་རྒྱ་ཅུང་ཆུང་པའི་རོལ་དབྱངས་སྤྲོ་ཚོགས་ཇུས་འགོད་བྱེད་པ། སྔོན་དཔག་དྲིལ་སྒྲོག་དང་ཐད་གཏོང་འཕྲིན་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས། ཡུལ་སྐོར་གྱི་དུས་ཚིགས་ཡག་ཤོས་སུ"གཟའ་འཁོར་རེར་རྟ་རྒྱུག་འགྲན་སྡུར་ཡོད་པ་དང་གཟའ་འཁོར་རེར་རོལ་དབྱངས་སྤྲོ་ཚོགས་ཡོད་པ"མངོན་འགྱུར་བྱས་ཏེ"འགྲན་སྡུར"སྨྱན་སྦྱོར་དུ་བྱེད་པ་དང"སྤྲོ་ཚོགས"སྒེའུ་ཁུང་དུ་བྱས་ནས་ཡུལ་སྐོར་བར་ཟུར་ཚད་མང་པ་དང་ཕྱོགས་ཡོངས་ནས་མཚོ་བྱང་གི་རང་བྱུང་མཛེས་ལྗོངས་དང་དམངས་སྲོལ་རིག་གནས། ཡུལ་སྲོལ་གོམས་གཤིས་ཉམས་སུ་མྱོང་དུ་བཅུག་སྟེ"རླབས་ཕྲེང་དགུང་དུ་འཕྱོ་བའི་མཚོ་སྔོན་པོ"དང"མདའ་བཞི་རྫོང་རྟ་རྒྱུག་གི་ཕ་ས"སོགས་ཀྱི་ཆུས་རྟགས་བཏོད་དེ་མགྲོན་པོ་ཁུལ་དུ་མགྲོན་འགུགས་བྱེད་ཐུབ་དགོས། གཉིས་ནས་སྐྱེ་ཁམས་སྲུང་སྐྱོབ་དང་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱ་བར་རྒྱུན་མཐུད་ངང་དམ་འཛིན་ཡག་པོ་བྱས་ཏེ། ལྗོངས་ཁུལ་གྱི་མཛེས་ལྗོངས་དང་འགྲིམ་འགྲུལ་གྱི་འགག་མདོའི་རིས་ཁྲ་བཅོས་སྒྲིག་དང་ལྗང་སྒྱུར་བྱེད་ཤུགས་ཇེ་མཐོར་གཏོང་བ། ལྗང་སྒྱུར་བྱ་བར་གཙོ་གནད་ཐོག་སྐུལ་འདེད་གཏོང་པ། ལྗོངས་ཁུལ་གྱི་སྔོ་ལྗང་ཞིང་ཆུ་འདྲེན་པ་སོགས་ཆུ་བེད་སྒྲིག་བཀོད་འཆར་འགོད་བྱས་ནས་འཛུགས་པ་དང་། དྲིལ་སྒྲོག་དྲན་སྐུལ་བྱང་བུ་དང་གད་སྙིགས་སྒམ། འཕྲོད་བསྟེན་གསང་སྤྱོད་སོགས་ཁོར་ཡུག་སྲུང་སྐྱོབ་ཀྱི་རྨང་གཞིའི་སྒྲིག་བཀོད་མང་དུ་གཏོང་དགོས། རིག་གནས་ཡུལ་སྐོར་དང་ནགས་ཚལ། ཁོར་ཡུག་སྲུང་སྐྱོབ་སོགས་སྡེ་ཁག་གིས་ཡུལ་སྐོར་ཚོང་ར་དང་། ཞབས་ཞུའི་འགན་སྲུང་། ཁོར་ཡུག་སྲུང་སྐྱོབ་སོགས་ལ་སྐོར་ཞིབ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཡུལ་སྐོར་ཚོང་རའི་སྒྲིག་ལམ་དྐཀྲུག་པ་དང་ཁོར་ཡུག་ལ་གཏོར་བརླག་བཟོས་རིགས་ལ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་ནན་མོ་བྱེད་དགོས། གསུམ་ནས་མཚོ་བྱང་ཆུ་ཚན་གྱི་ཆས་རྟགས་རྒྱུན་མཐུད་ངང་རྒྱ་ཆེར་གཏོང་པ་དང་། ཁུལ་དང་རྫོང་གི་ཏང་གི་སློབ་གྲྭ བཟོ་ཚོགས་སོགས་སྡེ་ཁག་གིས་ཆུ་ཚན་ལུས་གསོ་སོགས་ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པའི་བྱེད་སྒོ་འཚོལ་ཞིབ་བྱས་ནས་སྤེལ་དགོས། ཞིང་ཆེན་ཕྱི་ནང་གི་གཉེན་སྒྲིག་རྟེན་འབྲེལ་སྤྱི་གཉེར་ཁང་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་པ་དང་། གཉེན་སྒྲིག་པར་ལེན་དང་གཉེན་སྲོལ་ཉམས་ལེན་སོགས་ཁྱད་ཆོས་ལྡན་པའི་གཉེན་སྒྲིག་རྟེན་འབྲེལ་གྱི་ཡུལ་སྐོར་ལམ་ཐིག་འཚོལ་ཞིབ་ཧུར་ཐག་བྱས་ནས་གཉེན་སྒྲིག་ཡུལ་སྐོར་གྱི"དྲ་གྲགས་ས་ཆ"བསྐྲུན་དགོས། ལྕགས་རྟ་བཞོན་པའི་ཐོན་ལས་ཞབས་ཞུའི་སྦྲེལ་ཐག་སྐྱེད་སྲིང་བྱ་རྒྱུར་སྣེ་ཁྲིད་དེ་ཡུལ་སྐོར་བའི་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་བྱ་བ་སོ་སོ་ཡག་པོ་བསྒྲུབས་ནས་མཚོ་བྱང་གི་ལྕགས་རྟ་བཞོན་པའི་ཁྱད་ལྡན་ཆས་རྟགས་གཏོད་དགོས། རིག་གནས་ཡུལ་སྐོར་སྡེ་ཁག་གིས་རིག་གནས་ཡུལ་སྐོར་ཁེ་ལས་ཀྱི་མཉམ་འབྲེལ་ཚོགས་འདུ་གང་མགྱོགས་འཚོག་རྒྱུའི་གྲ་སྒྲིག་བྱས་ཏེ། རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་བསམ་ཕྱོགས་མང་ཙམ་འཚོལ་བ་དང་ཐབས་ལམ་མང་ཙམ་འཚོལ་དགོས། བཞི་ནས་མདའ་བཞི་རྫོང་གིས་ཙོང་ཆུའི་མགོ་ཁུངས་ཤྭ་རའི་རྡོ་རིང་ཉམས་གསོ་དང་། དངོས་འཇོག་སྒམ་དང་སྒྲིག་སྒྲོམ་གསར་སྣོན་སོགས་ཀྱི་བྱ་བ་གང་མགྱོགས་འཐུས་ཚང་དུ་བཏང་ནས་ལྗོངས་ཁུལ་གྱི་སྒྲིག་བཀོད་ཆ་ཚང་འཛུགས་སྐྲུན་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་པ་དང་ཡུལ་སྐོར་བའི་མྱོང་ཚོར་ཟབ་ཏུ་གཏོང་དགོས། འགྲིམ་འགྲུལ་སྡེ་ཁག་གིས་བགྲོད་ལམ་ལྗོངས་ཁུལ་གྱི་མཛུབ་སྟོན་བྱང་བུ་མང་དུ་བཏང་ནས་མ་ཕྱག་དགོན་པ་ནས་ཤྭ་ལུང་ཆུ་ཚན་བར་གྱི་གཞུང་ལམ་ཉམས་གསོ་བྱས་ཏེ་ཡུལ་སྐོར་བ་ཕྱིར་སྐྱོད་ཤར་གཏོང་ཐུབ་པར་འགན་ལེན་བྱེད་དགོས་ཟེར།

ཁུལ་གྱི་མགོ་ཁྲིད་ཚོ་ཅི་ཆང་། ཁུལ་ཨུའི་གཞུང་ལས་ཁང་དང་ཁུལ་རིག་གནས་ཡུལ་སྐོར་ཅུས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། མདའ་བཞི་རྫོང་སྲིད་གཞུང་གི་ལས་བགོས་འགན་གཉེར་བློ་མཐུན་བཅས་ཀྱིས་བརྟག་ཞིབ་ལ་ཕེབས་རོགས་གནང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号