ཤ་བོ་སྐྱབས་ཀྱིས་མདའ་བཞི་རྫོང་མཁར་ཟུར་གསུམ་གྲོང་རྡལ་དང་ནུབ་མཚོ་གྲོང་རྡལ་དུ་བརྟག་ཞིབ་གནང་སྐབས་རྨང་གཞི་བརྟན་དུ་གཏོང་བ་དང་ཞན་ཆ་དང་མི་འདང་ས་ཁ་གསབ་བྱས་ཏེ་དམངས་ཀྱི་ཆེད་དུ་རང་འགན་གཙང་སྒྲུབ་བྱེད་པའི་ཁྲོད་ལས་འགན་གསར་བ་དང་བྱས་རྗེས་གསར་བ་མངོན་པར་བྱེད་དགོས་པ་ནན་གྱིས་བསྟན།

ཟླ3པའི་ཚེས14ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་མདའ་བཞི་རྫོང་མཁར་ཟུར་གསུམ་གྲོང་རྡལ་དང་ནུབ་མཚོ་གྲོང་རྡལ་དུ་བསྐྱོད་དེ་སྡེ་བའི་མཉམ་སྡེབ་དཔལ་འབྱོར་དང་གཞི་རིམ་ཏང་འཛུགས་སྐྱོང་། ཐོན་ལས་འཕེལ་རྒྱས། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་བྱ་བའི་གནས་ཚུལ་ལ་བརྟག་ཞིབ་གནང་ཞིང་། ཐོན་ལས་དམ་འཛིན་ཏན་ཏིག་དང་རྨང་གཞི་བརྟན་དུ་བཏང་ནས་ཞན་ཆ་དང་མི་འདང་ས་ཁ་གསབ་བྱས་ཏེ་དམངས་ཀྱི་ཆེད་དུ་རང་འགན་གཙང་སྒྲུབ་བྱེད་པའི་ཁྲོད་ལས་འགན་གསར་བ་དང་བྱས་རྗེས་གསར་བ་མངོན་པར་བྱེད་དགོས་པ་ནན་གྱིས་བསྟན།    


མཁར་ཟུར་གསུམ་གྲོང་རྡལ་དུ་ཤ་བོ་སྐྱབས་ཀྱིས་ཞི་ཚ་སྡེ་བའི་མཉམ་སྡེབ་དཔལ་འབྱོར་ཐོན་ལས་འཕེལ་རྒྱས་དང་། ཞི་བདེ་སྡེ་ཁུལ་གྱི་བྱ་བ་སྒྲུབ་པའི་གནས་ཚུལ། ཞང་དང་གྲོང་རྡལ་གྱི“བཅུ་ལྡན་བཟོ་སྐྲུན”འཛུགས་སྐྲུན་བྱས་ཚུལ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་ཞིང་། སྡེ་བའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་སྟེ་སྡེ་བར་སྲིད་ཇུས་ལག་བསྟར་བྱས་ནས་སྡེ་བའི་མཉམ་སྡེབ་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་དང་སྟོབས་ཆེར་བཏང་སྟེ་མང་ཚོགས་ལ་རྒྱུན་མཐུད་ངང་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱེད་དགོས་ལ། གྲོང་རྡལ་གྱི་ལོ་རྒྱུས་དང་རིག་གནས་རྒྱུ་ཆ་སྔོག་འདོན་གང་ལེགས་བྱས་ཏེ་གྲོང་རྡལ་གྱི་ལོ་རྒྱུས་ཁང་སྐྲུན་རྒྱུ་དེ་གཞི་རིམ་ཏང་འཛུགས་སྐྱོང་དང་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ཚང་མ་མཉམ་འདྲེས་ཐུབ་པར་བྱས་ནས་གཡུལ་སའི་ཐོན་ཁུངས་བསྡུ་སྒྲིལ་དང་ནུས་པ་མཉམ་འདྲེས་གཏིང་ཟབ་ཐུབ་པ་བྱེད་དགོས། ཞབས་ཞུ་དེ་སྡེ་ཁུལ་གྱི་བྱ་བའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཏེ་བྱ་ཐབས་སྣ་ཚོགས་སྤྱད་དེ་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་བྱེད་པ་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་ཀྱི་སེམས་ཁྲལ་དང་དཀའ་གནད་སེལ་ནས་སྡེ་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ཀྱིས་མཉམ་དུ་སློབ་སྦྱོང་དང་མཉམ་སྐྲུན་མཉམ་སྤྱོད།  བྱ་བ་མཉམ་སྒྲུབ་བཅས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱེད་པ་དང་དབང་བོ་སྐྱོན་ཅན་གྱི་ཁེ་ལས་འཛུགས་པ། ཁེ་ལས་སྣ་ཚོགས་ཀྱིས་དབང་བོ་སྐྱོན་ཅན་ལས་ཞུགས་བཀོད་སྒྲིག་བྱ་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱེད་པ། བྱ་ཐབས་སྣ་ཚོགས་སྤྱད་དེ་དབང་བོ་སྐྱོན་ཅན་གྱིས་སྤུས་ཚད་མཐོ་བའི་ལས་ཞུགས་ལས་གཏོད་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། རང་ངོས་ཀྱི་ཁྱད་ཆོས་དང་ལེགས་ཆར་གཞི་ཚུགས་ནས་གཞི་རིམ་ཏང་འཛུགས་སྐྱོང་ཐད་ཀྱི་ཉམས་མྱོང་དང་བྱེད་ཐབས་ཕྱོགས་སྡོམ་དང་ཞུན་བརྡར་གཏིང་ཟབ་བྱས་ཏེ་ཁྱད་ཆོས་མངོན་གསལ་དོད་པ་དང་བཀྲག་མདངས་འཚེར་ས་མངོན་གསལ་དོད་པའི་གཞི་རིམ་ཏང་འཛུགས་སྐྱོང་གི་ཆས་རྟགས་ནུས་ཤུགས་ཡོད་རྒུས་གཏོད་དགོས་པ་ནན་གྱིས་བསྟན།     



“དག་སྣང་མདའ་བཞི”རྐང་བགྲོད་ཁྲོམ་གཞུང་དུ་ཤ་བོ་སྐྱབས་ཀྱིས་ཡུལ་དངོས་ནས་ཚོང་ལས་ཕྱོགས་བསྡུས་སྒྲིག་གཞིའི་སྒྱུར་བཀོད་རིམ་སྤོར་ལས་གྲྭར་གཟིགས་ཞིབ་གནང་ཞིང་། དངོས་ཡོད་ཀྱི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ནས་མཚན་ཁྲོམ་གྱི་འཛད་སྤྱོད་ཁོར་ཡུག་ཟམ་མི་ཆད་པར་ཇེ་ལེགས་སུ་བཏང་སྟེ“མཚན་ཟ། མཚན་སྐྱིད། མཚན་ཉོ”བཅས་ཁྱད་ཆོས་ཀྱིས་ཕྱུག་པའི“མདའ་བཞིའི”མཚན་མོའི་དཔལ་འབྱོར་གྱི་ཆས་རྟགས་བཏོད་ནས་མཚན་མོའི་དཔལ་འབྱོར་དེ་འཛད་སྤྱོད་འཕར་རྒྱུར་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གསར་བ་ཞིག་ཏུ་འགྱུར་དགོས་ལ། སྟོང་མདའ་ཆུ་མཛོད་དང་མདའ་བཞིའི་ཆུ་ཚན། ཆུ་ཁོལ་ལུང་བའི་ཆུ་ཚན། ཁེའུ་ཐོས་བྱེ་བཅོས་ས་ཚིགས་སོགས་ཀྱི་ཐོན་ཁུངས་བདེ་སྤྱོད་གང་ལེགས་བྱས་ཏེ་བྱེད་སྒོ་སྣ་མང་སྤེལ་བ་བརྒྱུད་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་དྲིལ་སྒྲོག་འོས་སྦྱོར་ལ་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།



ནུབ་མཚོ་གྲོང་རྡལ་དུ་ཤ་བོ་སྐྱབས་ཀྱིས་ལས་བྱེད་ལས་བཟོ་བའི་སློབ་སྦྱོང་དང་གཞུང་དོན་སོགས་མཉེན་ཆས་སྒྲིག་བཀོད་ཆ་ཚང་དང་མཁར་ནུབ་སྡེ་ཁུལ་གྱི་བྱ་བ་སྒྲུབ་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་ཞིང་། གསེར་མཚེའུ་དང་དངུལ་མཚེའུ་མཚོ་སྐོར་དོ་དམ་བྱ་བར་ཤུགས་བསྣན་ནས་ཙོང་ཆུའི་ནང་གི་ཉ་དང་ཆུ་བྱ་སྲུང་སྐྱོབ་ཡག་པོ་བྱས་ཏེ་ཡིད་དབང་འཕྲོག་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་གསེར་མཚེའུ་དང་དངུལ་མཚེའུ་དེ་ཡུལ་སྐོར་བ་དང་མང་ཚོགས་ཀྱི་སྤྲོ་གསེང་དང་འཆམ་འཆམ་བྱེད་ཡུལ་ཡག་པོ་ཞིག་ཏུ་འགྱུར་བར་བྱེད་དགོས། མཁར་གྲོང་གི་བགྲོད་ལམ་དང་སྤང་ལྗོངས་སོགས་སྤྱི་བའི་བར་སྟོང་ཕྱོགས་བསྡུས་བཅོས་སྐྱོང་དང“མཛེས་ལྗོངས་ཆུང་ངུ”བསྒྱུར་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཁར་གྲོང་གི་སྡོད་གནས་ཀྱི་སྤུས་ཀ་ལེགས་སུ་གཏོང་བ། གནས་སྡོད་དང་ལས་རིགས་ལ་འཕྲོད་ཅིང་ཡུལ་སྐོར་ལ་འཚམ་པའི་རྡུལ་ཕྲན་མཁར་གསར་བརྗེའི་རིག་གནས་ཁྱད་ཆོས་ལྡན་པའི་གྲོང་རྡལ་ཆུང་ངུ་ནུས་ཤུགས་གང་ཡོད་ཀྱིས་བསྐྲུན་དགོས། “ཏང་འཛུགས་སྐྱོང་གི་ཆ་བསགས་ལམ་ལུགས”དང“ཐོག་ཁང་གི་ཁང་དཔོན་ལམ་ལུགས”སོགས་ཆས་རྟགས་ཕྱོགས་སྡོམ་གདམ་གསེས་ཡག་པོ་བྱས་ནས་གཞི་རིམ་ཏང་འཛུགས་སྐྱོང་གིས་ཁོར་ཡུག་བཅོས་སྒྲིག་དང་གྲོང་གསེབ་དར་སྤེལ། སྤྱི་ཚོགས་བཅོས་སྐྱོང་བཅས་ཀྱི་སྣེ་ཁྲིད་བྱེད་སྟངས་འཚོལ་ཞིབ་དང་འཐུས་ཚང་དུ་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་ཀྱིས་བྱ་བའི་ཁྲོད་ལྷག་པའི་མངོན་གསལ་དོད་པའི་གནད་དོན་ཁྱོན་ཡོངས་ནས་གསེད་དཀྲོལ་བྱེད་པ་དང་། གནད་དོན་དང་འགན་འཁྲིའི་གསལ་ཐོ་བཟོས་ནས་དོན་ཚན་རེ་རེ་བཞིན་བཅོས་སྒྲིག་དང་ཐག་གཅོད་བྱས་ཏེ་དམངས་ལ་ཞབས་འདེགས་ཞུ་བའི་བྱ་བ་ཏན་ཏིག་ངང་ཡག་པོར་སྒྲུབ་དགོས། སྡོད་དམངས་ཀྱི་གཞིས་ཁུལ་མཐའ་བསྐོར་དོ་དམ་ལ་ཤུགས་བསྣན་ནས་ཆུ་ཚོད24རིང་གི་སོ་ལྟ་ཐུབ་པར་འགན་ལེན་བྱེད་དགོས། མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་བཞིའི་གནད་དོན་ལ་དམིགས་ཏེ་ནུས་ལྡན་ཐོན་ཁུངས་བསྡུ་སྒྲིལ་དང་། སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་རྒྱུ་རྒྱུན་འཁྱོངས། སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བཅས་བྱས་ནས་སྡེ་ཁུལ་གྱི“རང་བརྟེན”ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ་ནན་གྱིས་བསྟན།

དེའི་རིང་ཤ་བོ་སྐྱབས་ཀྱིས་ད་དུང་མདའ་བཞི་རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ཅུས(རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཆེན)ཀྱི་གཞུང་དོན་སྒྲུབ་ཡུལ་དང་མི་སྣ་ལས་རྐང་དུ་གནས་པ་སོགས་ཀྱི་གནས་ཚུལ་ལ་དངོས་སུ་ལྟ་ཞིབ་བྱས། 

ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ། གཞུང་ལས་ཁང་གི་ཀྲུའུ་རིན་ཝང་ཡུང་ཁྲང་དང་། ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཀྲུང་དབྱི། ཁུལ་ཨུའི་རྒྱུན་ཨུའམ་མདའ་བཞི་རྫོང་ཨུའི་ཧྲུའུ་ཅི་སངས་འབུམ་བཅས་ཀྱིས་མཉམ་དུ་བརྟག་ཞིབ་གནང་རོགས་བྱས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号