མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་བདུན་པ་འཚོགས་མགོ་བརྩམས།


ཟླ3པའི་ཚེས14ཉིན་གྱི་སྔ་དྲོའི་ཆུ་ཚོད9སྟེང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་བདུན་པ་ནུབ་མཚོ་གྲོང་རྡལ་དུ་འཚོགས། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ལས་འཛིན་དཔོན་ཚའོ་ཞའོ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཚོགས་འདུར་སླེབས་ནས་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་དབྱང་ཧེ་ལུང་དང་། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཝང་ཡུང་ཁྲང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཨ་ཁྱུང་། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་རིམ་པ་གཉིས་པའི་སྐོར་ཞིབ་པ་དང་རྩ་འཛུགས་འབྲེལ་གཏུག་པུའི་པུའུ་ཀྲང་ཀྲའོ་ཧུའེ། ཁུལ་དམངས་ཆེན་དང་། ཁུལ་སྲིད་གྲོས། ཁུལ་སྤྱི་ཁྱབ་བཟོ་ཚོགས། གུང་གཞོན་ཚོགས་པ་ཁུལ་ཨུ། ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཁུལ་རྒྱ་གྲམ་དམར་བོ་ཚོགས་པ། ཁུལ་ཚན་རྩལ་མཐུན་ཚོགས། ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས། ཁུལ་དཔོན་གཞོན་པའམ་ཁུལ་དབང་བོ་སྐྱོན་ཅན་ལས་དོན་ཨུ་ལྷན་གྱི་ཀྲུའུ་རིན་ཧ་ཝུན་ཞུག་གིས་ཚོགས་འདུ་གཙོ་སྐྱོང་གནང་ལ། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅིའམ་རྒྱུན་ལས་ཀྲུའུ་ཞི་གཞོན་པ་མཱ་ཞུའེ་ལི་ཡིས་ཁུལ་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ཚབ་བྱས་ནས་ཤིས་ཚིག་ཕུལ། མཚོ་ཤར་གྲོང་ཁྱེར་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་། མཚོ་ལྷོ་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། མགོ་ལོག་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སོགས་ཀྱིས་ཐེངས་འདིའི་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།      



ཚོགས་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབང་བོ་སྐྱོན་ཅན་གྱི་བྱ་བའི་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ཏེ་དབང་བོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་ཉམས་མྱོང་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱེད་པ་དང་དུས་སྐབས་གསར་བའི་དབང་བོ་སྐྱོན་ཅན་གྱི་བྱ་བའི་ཇུས་འགོད་དང་བཀོད་སྒྲིག་ཏན་ཏིག་བྱེད་པ། ཁུལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་གྱི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བ་དང་དབང་བོ་སྐྱོན་ཅན་གྱི་རང་བཀུར་རང་སྟོབས་ཀྱི་རྣམ་པ་བཟང་པོ་གང་ལེགས་མངོན་པར་བྱས།



ཚའོ་ཞའོ་ཡིས་གསུང་བཤད་གནང་སྐབས་མཚོ་བྱང་ཁུལ་གྱི་དབང་བོ་སྐྱོན་ཅན་བྱ་གཞག་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཚོ་བྱང་ཁུལ་གྱི་དབང་བོ་སྐྱོན་ཅན་བྱ་གཞག་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་དང་ཐུགས་ཁུར། རྒྱབ་སྐྱོར་བཅས་གནང་བ་གང་ལེགས་མཚོན་ཡོད་ལ། དབང་བོ་སྐྱོན་ཅན་གྱི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་ངེས་པར་དུ་ཏང་གིས་དབང་བོ་སྐྱོན་ཅན་གྱི་བྱ་གཞག་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། ངེས་པར་དུ་དབང་བོ་སྐྱོན་ཅན་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བ། ངེས་པར་དུ་དབང་བོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བཅས་བྱེད་དགོས་པའི་བསམ་འཆར་དང་བླང་བྱ་ཁག་གསུམ་བཏོན།



ཀྲང་ཧྲིང་ཡོན་གྱིས་གསུང་བཤད་གནང་སྐབས་མཚོ་བྱང་ཁུལ་དབང་བོ་སྐྱོན་ཅན་གྱི་བྱ་བར་ཁས་ལེན་གང་ལེགས་གནང་བ་དང་ཆབ་སྲིད་ཀྱི་ཚིགས་གནས་མཐོ་རུ་བཏང་ནས་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་ཆབ་སྲིད་ཁ་ཕྱོགས་ཁོངས་དུ་བརྟན་པོ་ཆུད་པ། དབང་བོ་སྐྱོན་ཅན་གྱི་བྱ་བའི་ཁ་ཕྱོགས་ཡང་དག་ཁོངས་དུ་ཆུད་དགོས་པ་དང་། རྒྱ་ཆེའི་དབང་བོ་སྐྱོན་ཅན་འབད་འབུངས་ཡར་བརྩོན་བྱ་རྒྱུར་སྐུལ་ལྕག་བྱེད་པ། ཞབས་ཞུའི་འགན་ལེན་ལ་ཤུགས་བསྣན་ནས་དབང་བོ་སྐྱོན་ཅན་བྱ་གཞག་གི་འཕེལ་རྒྱས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས་པ་སོགས་ཕྱོགས་གསུམ་གྱི་ཐད་ནས་ཁུལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་བྱ་བར་བླང་བྱ་གསལ་བོ་བཏོན། 


ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་ཉི་ཤུ་པས་བཏོན་པའི“དབང་བོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་དང་གཅེས་སྐྱོང་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས་དབང་བོ་སྐྱོན་ཅན་གྱི་བྱ་གཞག་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས”ཞེས་པའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམིགས་ནས་དབང་བོ་སྐྱོན་ཅན་ལ་ཞབས་འདེགས་ཞུ་བའི་བྱ་བ་ཡག་པོ་སྒྲུབ་པ་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་གྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱ་རྒྱུ་སོགས་ཀྱི་ཐད་ཞིབ་ཕྲའི་བླང་བྱ་བཏོན།


 

ཚོགས་འདུའི་ཐོག་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་སྔོན་ཐོན་ཐུན་མོང་ཚོགས་པ་དང་སྔོན་ཐོན་མི་སྒེར། དབང་བོ་སྐྱོན་ཅན་ལས་ཞུགས་ལས་གཏོད་དཔེ་ལེགས་ཅན། རང་སྟོབས་དཔེ་ལེགས་ཅན། དབང་བོ་སྐྱོན་ཅན་ཕུལ་བྱུང་ལས་སྒྲུབ་པ་བཅས་ལ་གཟེངས་བསྟོད་བྱས། ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ལས་འཛིན་དཔོན་སུང་ཀྲུང་ཞང་གིས་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སྐབས་དྲུག་པའི་ཀྲུའུ་ཞི་ཚོགས་པའི་ཚབ་བྱས་ནས《གསར་གཏོད་ལ་བརྩི་སྲུང་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ་མཚོ་བྱང་གི་དབང་བོ་སྐྱོན་ཅན་གྱི་བྱ་གཞག་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བའི་ལེའུ་གསར་བ་ཧུར་ཐག་གིས་རྩོམ་དགོས》ཞེས་པའི་བྱ་བའི་སྙན་ཞུ་ཕུལ།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号