མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་ཀྱི་བུད་མེད་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཐོག་མའི་སྒོ་བྱང་བཀལ།


   ཟླ4བའི་ཚེས4ཉིན་གྱི་སྔ་དྲོར། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་མངགས་བཅོལ་ལྟར། མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ“རྒྱལ་ཡོངས་ཀྱི་བུད་མེད་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིའི”སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ་ལ།  ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཀྲུའུ་ཞི་ཙུའོ་ཡུས་ལིན་དང་མཚོ་བྱང་ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཡུ་སྒྲོན་མཚོ་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི“རྒྱལ་ཡོངས་ཀྱི་བུད་མེད་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི”ཐོག་མ་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་སྒོ་བྱང་བཀལ། 

   ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཡི་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་ཀྲིག་ལན་ཧྭ་ཡིས་སྒོ་བྱང་འགེལ་བའི་མཛད་སྒོ་གཙོ་སྐྱོང་གནང་ལ། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཡི་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་ལྷ་མོ་མཚོ་དང་ཧུའེ་དབྱིན་མཛད་སྒོར་སླེབས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི། གསུམ་བརྒྱད་དར་དམར་ཐོབ་མཁན་སོགས་སྔོན་ཐོན་དཔེ་མཚོན་འཐུས་མི་དང་། རྒྱ་ཆེའི་བུད་མེད་ཚན་རྩལ་ལས་སྒྲུབ་པའི་འཐུས་མི། ཞིང་ཆེན་དང་ཁུལ་གྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས། མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་གི་ཏང་ཡོན་ལས་བྱེད་ལས་བཟོ་བ་བཅས་ཐེངས་འདིའི་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས།

   ཙུའོ་ཡུས་ལིན་གྱིས་ཤིས་ཚིག་ཕུལ་སྐབས་མཚོ་སྔོན་ཞིང་ཆེན་གྱི“རྒྱལ་ཡོངས་ཀྱི་བུད་མེད་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི”ཐོག་མ་ཡིན་པའི་ཆ་ནས་མཚོ་སྔོན་རྡུལ་མཁར་དྲན་གསོ་ཁང་གིས་མི་རིགས་སོ་སོ་དང་ལས་རིགས་སོ་སོའི་བུད་མེད་ཀྱིས་ཕྱོགས་ཡོངས་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་བསྐྲུན་རྒྱུར་གནམ་གྱི་ཕྱེད་ཀའི་ནུས་པ་འདོན་སྤེལ་བྱ་རྒྱུའི་སྐུལ་ལྕག་ཐེབས་ངེས་ཡིན་ལ། དྲན་གསོ་ཁང་གིས“རྒྱལ་ཡོངས་རྟེན་གཞིའི”དཔེ་སྟོན་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་རྒྱ་ཆེའི་བུད་མེད་དང་ཁྱིམ་ཚང་ལ་དྲ་ཐོག་དང་དྲ་ཕྱིའི་དྲིལ་སྒྲོག་སྒྲོག་འགྲེལ་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་མི་རིགས་བསྐྱར་དར་གྱི་ཐོག་མའི་བསམ་བློའི་འགན་འཁྲི་གང་ལེགས་མཚོན་པར་བྱེད་པ། རླབས་ཆེན་ཏང་འཛུགས་ཀྱི་སྙིང་སྟོབས་འབྱུང་རྩ་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་མ་ལག་དར་སྤེལ་ཤུགས་ཆེན་གཏོང་བ། རྒྱ་ཆེའི་བུད་མེད་ལ་སློབ་གསོ་ཁྲིད་སྟོན་བྱས་ནས་ལོ་རྒྱུས་ཤེས་ཤིང་ཏང་ལ་དགའ་བ། ལོ་རྒྱུས་ཤེས་པ་དང་རྒྱལ་གཅེས་ཡིན་པ། རླབས་ཆེན་བྱ་གཞག་གི་འཛུགས་སྐྲུན་པ་དང་དཔལ་ཡོན་སྲོལ་གཏོད་ཀྱི་སྣེ་ཁྲིད་པ། ཕུགས་འདུན་དོན་གཉེར་བྱེད་ཕོད་པའི་འབད་འཐབ་པ་བཅས་བྱས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྒྱང་སྐྱོད་ལམ་བུའི་ཐོག་བཀྲག་མདངས་འཚེར་སའི་ལེའུ་གསར་བ་ཞིག་རྩོམ་རྒྱུའི་རེ་བ་ཡོད་པར་བསྟན།

   མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་གི་མགོ་གཙོ་གཞོན་པ་ཏུའུ་ཝུན་ལིན་གྱིས་མ་འོངས་པའི་བྱ་བའི་ཁྲོད་དྲན་གསོ་ཁང་དེ་རྒྱ་ཆེའི་བུད་མེད་མང་ཚོགས་ཀྱིས་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་ལེན་བྱེད་པ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་དང་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་ལག་ལེན་བྱེད་པའི་གསོན་ཉམས་ལྡན་པའི་སློབ་ཁང་དུ་འགྱུར་བར་བྱས་ནས། རྒྱ་ཆེའི་བུད་མེད་རྣམས་ཀྱིས་དེའི་ཁྲོད་ནས་འབད་འབུངས་ཀྱི་སྟོབས་ཤུགས་བསྡུ་ལེན་བྱེད་པ་དང་རྒྱལ་གཅེས་ཀྱི་བརྩེ་སེམས་འཆང་བ། རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བློ་སྟོབས་འཛུགས་པ། རྒྱལ་ཁབ་སྟོབས་ཆེར་གཏོང་བའི་བྱ་སྤྱོད་ལག་བསྟར་བྱེད་པ་བཅས་བྱས་ཏེ་ཏང་ལ་དྲིན་ལན་འཇལ་བ་དང་དུས་རབས་གསར་བའི་དྲིན་ཚོར་བའི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་དེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་སྐྲུན་ཐུབ་པའི་བྱ་སྤྱོད་དངོས་སུ་བསྒྱུར་དགོས་པར་བསྟན།


   མཛད་སྒོ་མཇུག་སྒྲིལ་རྗེས། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་ལས་བཟོ་བ་དང་བུད་མེད་ཚན་རྩལ་ལས་སྒྲུབ་པའི་འཐུས་མིས་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དང་། མདའ་བཞི་རྫོང་གི་དུས་རབས་དཔེ་བཟང་དྲན་གསོ་ཁང་། མཚོ་བྱང་ཁུལ་གྱི་སྲིད་གཙང་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱས་པ་དང་འབྲེལ་ཚན་རྩལ་གསར་གཏོད་ཀྱི་བུད་མེད་འགུལ་སྐྱོད་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号