མཚོ་བྱང་ཁུལ་ཨུ་དང་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བཞུགས་མོལ་ཚོགས་འདུ་འཚོགས།

   

   ཟླ4བའི་ཚེས4ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཀྲུའུ་ཞི་ཙུའོ་ཡུས་ལིན་དང་ཐུག་འཕྲད་བྱས་ནས་བཞུགས་མོལ་བརྗེ་རེས་གནང་།  

   བཞུགས་མོལ་ཚོགས་འདུའི་ཐོག ཤ་བོ་སྐྱབས་ཀྱིས་ཐོག་མར་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་དུས་ཡུན་རིང་བོར་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་ལ། ཁོང་གིས་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་འཁོར་དང་བཅས་པས་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་རྒྱལ་ཡོངས་ཀྱི་བུད་མེད་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་གཉེར་ཏེ། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པ་དང་ཞིང་ཆེན་ཡོངས་ཀྱི་བུད་མེད་ཚན་རྩལ་ལས་སྒྲུབ་པའི་འཐུས་མི་སྒྲིག་འཛུགས་བྱས་ནས་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་དང་ཏང་གཤིས་སློབ་གསོའི་བྱེད་སྒོ་སྤེལ་བ་དེ་ནི་མཚོ་བྱང་གི་བྱ་བར་ཁས་ལེན་གང་ལེགས་གནང་བ་ཞིག་ཡིན་ལ་ང་ཚོས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་གཏོད་པ། ཕུགས་བསམ་དད་སེམས་ཀྱི་སློབ་གསོ་གསོ་སྦྱོང་བྱེད་པ་བཅས་ལ་རྒྱབ་སྐྱོར་ཆེན་པོ་བྱས་པ་ཞིག་ཀྱང་ཡིན་པར་བཤད།

   ཤ་བོ་སྐྱབས་ཀྱིས་མཚོ་བྱང་མཐོན་པོ་སྒང་གི་སྐྱེ་ཁམས་ཡུལ་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་འཛུགས་སྐྲུན་གནས་ཚུལ་ངོ་སྤྲོད་བྱས་པར་མ་ཟད། མང་ཚོགས་ཚོགས་པ་དང་མཐུན་སྒྱུར་སྒོས་བྱ་བར་སྐུལ་འདེད་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྩ་འཛུགས་བྱས་ནས་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ནང་ཞུགས་པ་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་གཙོ་ཁྲིད་བྱ་བའི་ཆས་རྟགས་གཏོད་པ། འཚེམ་དྲུབ་དང་འཐེན་ཐུག བོད་ཟས་ཐོན་ལས་འཕེལ་རྒྱས་གཏོང་བ་སོགས་ཀྱི་བྱ་བར་བཞུགས་མོལ་བརྗེ་རེས་གནང་། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ལེགས་ཆ་འདོན་སྤེལ་བྱས་ཏེ། ཞིང་ཆེན་བུད་མེད་ལས་བྱེད་པའི་གསོ་སྦྱོང་སློབ་གྲྭ་དང་མཚོ་བྱང་ཁུལ་གྱིས་སྐྲུན་བཞིན་པའི་མང་ཚོགས་ཚོགས་པའི་གསོ་སྦྱོང་ལྟེ་གནས་ཀྱི་འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་པ། མཚོ་བྱང་དེ་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་བུད་མེད་ལས་བྱེད་པའི་ཏང་གཤིས་སློབ་གསོ་གསོ་སྦྱོང་གི་རྟེན་གཞིར་བྱེད་པ། ལྷག་པར་དུ་མཚོ་བྱང་གིས“མདེལ་གཉིས”ཞིབ་འཇུག་གསར་སྤེལ་རྟེན་གཞི་འཛུགས་སྐྲུན་ལ་ལེགས་སྐྱེས་འབུལ་མཁན་གྱི་བུད་མེད་ཚན་རྩལ་ལས་སྒྲུབ་པ་དང་། བཅིངས་འགྲོལ་དམག་གི་བུད་མེད་འཐབ་འཛིང་བ། རོང་འབྲོག་པའི་བུད་མེད་འཐུས་མིའི་མི་སེམས་འགུལ་བའི་བྱས་རྗེས་སྔོག་འདོན་བྱས་ནས་མཚོ་བྱང་གི་སྙིང་སྟོབས་ཀྱི་བཙན་ས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ལ། དེ་དང་ཆབས་ཅིག མཚོ་བྱང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བ་སོ་སོར་ཐུགས་ཁུར་དང་མཛུབ་ཁྲིད། རོགས་རམ་བྱས་ནས་མཚོ་བྱང་གི་བུད་མེད་དང་བྱིས་པའི་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་རེ་བ་ཡོད་པར་བསྟན།

   ཙུའོ་ཡུས་ལིན་གྱིས་རྒྱལ་ཡོངས་ཀྱི་བུད་མེད་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིའི་སྒོ་བྱང་བཀལ་བའི་གནས་ཚུལ་ངོ་སྤྲོད་གནང་ལ། ཁོ་མོས་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་ནི་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་ལ་སྤྲད་པའི་རྒྱལ་ཡོངས་ཀྱི་བུད་མེད་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཐོག་མ་དེ་ཡིན་པས་དོན་སྙིང་གལ་ཆེན་ལྡན་ལ་ལས་འགན་ལྕི། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀྱང་མཚོ་བྱང་གི་བྱ་བར་སོ་སོར་སྔར་བཞིན་རྒྱབ་སྐྱོར་བྱས་ནས་མཚོ་བྱང་གི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་མཚོ་བྱང་གི་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ཏེ་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་དང་། གནས་གཞིའི་ས་ཁུལ་རྒྱ་བསྐྱེད། ནུས་པ་ཆེར་གཏོང་། ཞབས་ཞུ་ལེགས་གཏོང་སོགས་ལ་དམིགས་ནས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། མཚོ་བྱང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱིམ་ཚང་གི་ཁྱིམ་སྲོལ་འཛུགས་སྐྱོང་དང་། བུད་མེད་ཀྱི་ལས་རིགས་གསར་གཏོད། ཁྱིམ་ཚང་གི་སྤྱོད་གཉེར། “དྭངས་གཙང་ཀུན་མཐུན་ཁྱིམ་ཚང”སོགས་ཀྱི་བརྗོད་དོན་བྱེད་སྒོར་རྒྱབ་སྐྱོར་བྱས་ནས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་འཛུགས་སྐྱོང་དང་། བུད་མེད་དང་བྱིས་པའི་འཕེལ་རྒྱས་འཆར་འགོད། བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་བྱ་བ་སོགས་ཀྱི་ཐད་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་པར་བསྟན།


   ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཡུ་སྒྲོན་མཚོ།    ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཡི་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་ལྷ་མོ་མཚོ། ཀྲིག་ལན་ཧྭ། ཧུའེ་དབྱིན། ཁུལ་ཨུའི་གཞུང་ལས་ཁང་དང་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཞུགས་མོལ་བརྗེ་རེས་ནང་ཞུགས།   


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号