ཤ་བོ་སྐྱབས་ཀྱིས་ཁུལ་ཨུའི་ཏང་འཛུགས་སྐྱོང་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐོག་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དགོས་པ་ནན་གྱིས་བསྟན།


   ཟླ4བའི་ཚེས4ཉིན་གྱི་སྔ་དྲོར། ཁུལ་ཨུའི་ཏང་འཛུགས་སྐྱོང་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་ཨུའི་ཏང་འཛུགས་སྐྱོང་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཤ་བོ་སྐྱབས་ཚོགས་འདུར་སླེབས་ནས་གསུང་བཤད་གནང་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་ཨུའི་ཏང་འཛུགས་སྐྱོང་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དབྱང་ཧེ་ལུང་གིས་ཚོགས་འདུ་གཙོ་སྐྱོང་གནང་། ཁུལ་གྱི་མགོ་ཁྲིད་ཝང་ཀྲུང་དབྱི་དང་སུང་ཞུག་ཙུང་གྲོས་ཚོགས་ལ་ཞུགས།    

   ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་རྣམ་བཤད་གནད་བསྡུས་ལ་སློབ་སྦྱོང་གཏིང་ཟབ་བྱས་ནས2022ལོའི་ཁུལ་ཨུའི་ཏང་འཛུགས་སྐྱོང་བྱ་བའི་སྙན་ཞུར་ཉན་པ་དང་། རྫོང་བཞིའི་རྫོང་ཨུ་དང་ཁུལ་ཨུའི་སྡེ་ཁག་སོ་སོས་ཚོགས་ཐོག་ཏུ་བརྗེ་རེས་གཏམ་བཤད་སྤེལ་ལ། 《ཁུལ་ཨུའི་ཏང་འཛུགས་སྐྱོང་བྱ་བའི་མགོ་ཁྲིད་ཚན་ཆུང་གི2023ལོའི་བྱ་བའི་གཙོ་གནད》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། 

   ཤ་བོ་སྐྱབས་ཀྱིས་འདས་ཟིན་པའི་ལོ་གཅིག་གི་ནང་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་དུས་རབས་གསར་བའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་གཞི་རིམ་ལ་དམ་འཛིན་དང་རྨང་གཞི་བརྟན་དུ་གཏོང་བ། སྟོང་ཆ་གསབ་པ། ཉམས་ཞན་སྟོབས་སུ་གཏོང་བ་བཅས་བྱས་ནས་ཏང་འཛུགས་སྐྱོང་གི་སྤུས་ཚད་སྔར་ལས་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་བས་ཏང་འཛུགས་སྐྱོང་བྱ་བར་མངོན་གསལ་དོད་པའི་གྲུབ་འབྲས་ཐོབ་ཡོད།  ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་རིམས་འགོག་དམག་འཐབ་བྱེད་པ་དང་ཉེན་ཁ་སྔོན་འགོག འཕེལ་རྒྱས་བརྟན་པོ། བདེ་འཇགས་འགན་ལེན། བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་པའི་ཁྲོད་དམག་འཐབ་མཁར་རྫོང་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ནུས་ཤུགས་ཡོད་རྒུས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་དྲུག་འཛུགས་སྐྲུན་བྱེད་པར་མཚོ་བྱང་གི་ལེའུ་གཏོད་ཆེད་སྲ་ཞིང་བརྟན་པའི་ཆབ་སྲིད་དང་བསམ་བློ། རྩ་འཛུགས། སྤྱོད་ཚུལ། སྒྲིག་ཁྲིམས་བཅས་ཀྱི་འགན་ལེན་ནུས་ལྡན་བྱས་ཡོད་པར་བསྟན།   

 

   ཤ་བོ་སྐྱབས་ཀྱིས་ད་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཁྱོན་ཡོངས་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་མགོ་རྩོམ་ལོ་ཞིག་ཡིན་ལ་རང་སྐྱོང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བའི་ལོ་ཞིག་ཀྱང་ཡིན་པས་ཏང་འཛུགས་སྐྱོང་གི་བྱ་བ་སོ་སོ་ཡག་པོར་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན། ཏང་ཨུས་ཁྱོན་ཡོངས་སྟངས་འཛིན་དང་ཕྱོགས་སོ་སོར་མཐུན་སྦྱོར་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཆབ་སྲིད་ཀྱི་གལ་ཆེའི་ཆ་རྐྱེན་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་བྱེད་པ། གལ་ཆེའི་བྱ་བའི་སྙན་ཞུ་དང“གལ་ཆེན་གསུམ་དང་ཆེ་བ་གཅིག”སོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ་བསམ་བློ་ཆབ་སྲིད་འཛུགས་སྐྱོང་གི་ཕན་འབྲས་གསར་བར་བརྟེན་ནས་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དགོས། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་ཞིང་ཆེན་ཏང་ཨུའི“གཅིག་ཅན་དྲུག”གི་བྱ་བའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་འགན་ལེན་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། གཞི་རིམ་ཏང་འཛུགས་སྐྱོང་གི་ཡུལ་དངོས་བརྗེ་རེས་དང་ལྟ་སྦྱོང་ཚོགས་འདུ་ཇུས་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱེད་པ། ཕན་ཚུན་ལྟ་སྐྱོང་དང་ཕན་ཚུན་སློབ་སྦྱོང་། ཕན་ཚུན་དཔྱད་སྡུར་དང་ཕན་ཚུན་དཔྱད་དཔོག་བཅས་བྱེད་པ་བརྒྱུད་དེ་ཁུལ་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་བྱ་བའི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། རྒྱུན་ཆད་མེད་པར་ལམ་ལུགས་ཅན་དང་གཞི་གྲངས་ཅན་གྱིས“བཅུ་ལྡན་བཟོ་སྐྲུན”འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་ཧྲན་ཏུང་གི་ཁ་གཏད་རོགས་སྐྲུན“ལྔ་བཅུ་བཞིའི”འཆར་འགོད་ཀྱི་དུས་དཀྱིལ་ལེགས་སྒྲིག་ལ་བརྟེན་ནས་ཞང་གྲོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་གཞུང་ལས་བྱ་ཡུལ་དང་ལས་བཟོ་བའི་ཉལ་ཁང་མི་འདང་བ་སོགས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས། “སྡེ་བ་གཅིག་ལ་ཆས་རྟགས་གཅིག”གི་དཔེ་སྟོན་སྡེ་བའི་བཟོ་སྐྲུན་ལག་བསྟར་མགྱོགས་སུ་བཏང་ནས་ས་གནས་དེ་གའི་མི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཡུལ་སྐོར་རིག་གནས་གསར་གཏོད་ཐོན་རྫས་ཐོན་སྐྱེད་སྟོབས་ཆེར་བཏང་སྟེ་མང་ཚོགས་ལ་བྱ་བ་སྒྲུབ་རྒྱུ་ཡོད་པ་དང་ཡོང་འབབ་ཐོབ་རྒྱུ་ཡོད་པར་བྱེད་དགོས། མཚོ་བྱང་གི་ཐུན་མོང་མ་ཡིན་པའི་གསར་བརྗེའི་སློབ་གསོའི་ཐོན་ཁུངས་ལ་བརྟེན་ནས་ཏང་གཤིས་སློབ་གསོ་མཉམ་སྤྱོད་ཀྱི་གཡུལ་ས་ཡག་པོ་འཛུགས་པ་དང་བེད་སྤྱོད་ཡག་པོ་བཏང་སྟེ་ཏང་གཤིས་སློབ་གསོའི་རྣམ་པ་གསར་བ་དང་བསམ་ཕྱོགས་གསར་བ་འཚོལ་ཞིབ་ཧུར་ཐག་བྱས་ནས་གཞི་རིམ་ཏང་འཛུགས་སྐྱོང་ལ་ཁྱད་ཆོས་ལྡན་པ་དང་ཉམས་མྱོང་ཐོན་པ། དཔེ་མཚོན་ལྡན་པ། ཆས་རྟགས་ཡོད་པ་བཅས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། བསམ་བློའི་ཁྲིད་སྟོན་ལ་ཤུགས་སྣོན་པ་དང་འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་གཙོ་བོ་བརྟན་དུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་སློབ་གསོའི་ལག་ལེན་བྱེད་སྒོ་སྤེལ་ཡུལ་དང་སེ་འབྲུའི་ཁྱིམ་གཞིས་འཛུགས་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ། མང་ཚོགས་ཀྱི་དགོས་མཁོ་ལ་དམ་པོར་དམིགས་ནས་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་བེད་སྤྱོད་ཡག་པོ་གཏོང་བ་བཅས་བྱས་ཏེ་ལུས་སྦྱོང་དང་དཔེ་ཀློག སྤྲོ་གསེང་སོགས་ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས། རྫོང་སོ་སོས་གསར་བརྗེའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་དང་གསར་བརྗེའི་རིག་གནས་དར་སྤེལ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཏང་གཤིས་སློབ་གསོའི“གསར་བརྗེའི་ཕྱོགས་ཚད”གཏོད་དགོས། རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་དང་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་བྱང་སྨྱན་གསར། གངས་ལྗོངས་འཕྲིན་གསར་དང་ས་གནས་སོ་སོ་དང་ལས་ཁུངས་སོ་སོའི་སྐད་འཕྲིན་སྤྱི་སྟེགས་བཅས་ཀྱི་གླེང་ཕྱོགས་ཀྱི་འཐབ་ས་གཙོ་བོའི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་པ་དང་། ཁུལ་ཨུའི་དྲིལ་སྒྲོག་པུས་ཟླ་རེར་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་རྩོམ་སྒྲིག་འགྲེམས་སྤེལ་བྱས་པའི་གསར་རྩོམ་ཆ་འཕྲིན་གྱི་གྲངས་འབོར་དང་། མཚོ་སྔོན་ཉིན་རེའི་ཚགས་པར་དང་མཚོ་སྔོན་གསར་འགྱུར་དྲ་བ། མཚོ་སྔོན་བརྙན་འཕྲིན་ཁང་སོགས་ཞིང་ཆེན་རིམ་པ་ཡན་གྱི་སྨྱན་སྦྱོར་གྱིས་བརྒྱུད་སྤེལ་བྱས་པའི་གནས་ཚུལ་བསྡོམས་རྩིས་བྱས་ནས་དུས་ཐོག་ཏུ་ཁྱབ་བརྡ་གཏོང་དགོས། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་ལས་བྱེད་པའི་དཔྱད་ཞིབ་གདེང་འཇོག་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ། ལས་གནས་གཙོ་བོའི་ལས་བྱེད་པའི་ལས་གནས་བརྗེ་རེས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ནང་འདྲེན། བཀོལ་སྤྱོད་བཅས་བྱེད་དགོས། རྩ་དོན་ནན་མོ་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་སྤྱོད་བཟང་སྒྲིག་ནན་རྒྱུན་འཁྱོངས་ལྷོད་མེད་བྱེད་པ། སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ལྷོད་མེད་བྱེད་པ། གནད་དོན་དག་ཐེར་ལ་ཤུགས་སྣོན་པ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བཅས་གཏིང་ཟབ་ཏུ་སྤེལ་དགོས་པ་ནན་གྱིས་བསྟན།



   ཤ་བོ་སྐྱབས་ཀྱིས་ཁུལ་ཨུའི་ཏང་འཛུགས་སྐྱོང་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་ཚན་རིག་དང་མཐུན་པའི་སྤྱི་འདོམས་འཆར་འགོད་དང་མཐུན་སྦྱོར་མཛུབ་ཁྲིད་ལ་ཤུགས་སྣོན་པ་དང་། དོན་འཁྱོལ་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ། དུས་བཀག་ལྟར་ཏང་འཛུགས་སྐྱོང་གི་གནས་ཚུལ་སྙན་ཞུར་ཉན་པ། ཏང་འཛུགས་སྐྱོང་གི་བྱ་བ་གལ་ཆེན་དང་གནད་དོན་གལ་ཆེན་ཞིབ་འཇུག་ཐག་གཅོད་བཅས་བྱེད་དགོས། མགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་འགན་ཁུར་ལས་ཁུངས་སོ་སོས་གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས། གྲུབ་འབྲས་ཀྱི་ཁྲིད་ཕྱོགས་བཅས་རྒྱུན་འཁྱོངས་བྱས་ཏེ། ཏང་འཛུགས་སྐྱོང་གི་དམིགས་འབེན་དང་ལས་འགན་དོན་འཁྱོལ་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་དགོས། མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་བརྟག་དཔྱད་ཞིབ་འཇུག་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་དགོས་པ་དང་། ཉམས་མྱོང་དང་བྱེད་ཐབས་ཕྱོགས་སྡོམ་དང་གདམ་གསེས་བཅས་བྱས་ཏེ་བྱ་བ་སོ་སོར་སྐུལ་འདེད་ཏན་ཏིག་དང་ཁྱོན་ཡོངས་ནས་དོན་འཁྱོལ་ཡོང་བའི་འགན་ལེན་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས“གཟའ་འཁོར་རེར་ཁྱབ་བརྡ་དང་། ཟླ་རེར་དབྱེ་ཞིབ། དུས་ཚིགས་རེར་ཕྱོགས་བསྡོམས། ལོ་རེར་དཔྱད་ཞིབ”བཅས་ཀྱི་ཏང་འཛུགས་སྐྱོང་བྱ་བའི་ལམ་སྲོལ་དོན་འཁྱོལ་ནན་མོ་བྱས་ཏེ་ལས་འགན་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་འཕེལ་རྒྱས་དམ་འཛིན་བྱ་རྒྱུ་དེ“ལས་འགན་ཨང་དང་པོ”དང་ཏང་འཛུགས་སྐྱོང་གི“སྲིད་སྐྱོང་བྱས་རྗེས་ཆེ་ཤོས”ལ་དམ་འཛིན་བྱ་རྒྱུ་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཤུགས་རྐྱེན་ལྡན་པའི་ཏང་འཛུགས་སྐྱོང་བྱ་བའི་ཆས་རྟགས་ཁག་ཅིག་གསར་གཏོད་བྱས་ནས་ཁུལ་ཡོངས་ཀྱི་ཏང་འཛུགས་སྐྱོང་བྱ་བ་སྔར་ལས་ཏན་ཏིག་དང་གཏིང་ཟབ། ནུས་ལྡན་བཅས་ཡོང་བར་འབད་བརྩོན་བྱེད་དགོས་པ་ནན་གྱིས་བསྟན།


   

   ཁུལ་ཨུའི་ཏང་འཛུགས་སྐྱོང་མགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་ལས་ཁུངས་སོ་སོ་དང་། མདོ་ལ། རྐང་ཚ། མདའ་བཞི་བཅས་རྫོང་ཨུའི་འགན་འཁུར་བློ་མཐུན་གཙོ་བོ་གྲོས་ཚོགས་ལ་ཞུགས།  

   

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号