ཁུལ་ཨུའི་སྐབས་བཅུ་གསུམ་པའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་ལྔ་བ་འཚོགས།


 ཟླ4བའི་ཚེས4ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་སྐབས་བཅུ་གསུམ་པའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་ལྔ་བ་འཚོགས་པ་དང་། ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཤ་བོ་སྐྱབས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་ཞིང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་གཟིགས་སྐོར་ཞིབ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་དགོས་པ་དང་། ཆབ་སྲིད་ཀྱི་ལྟ་སྐུལ་ནུས་ལྡན་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐབས་ཇུས་བཀོད་སྒྲིག་མཚོ་བྱང་དུ་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན། ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའི་པུའུ་ཀྲང་། ཁུལ་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཀྲུང་དབྱི་ཚོགས་འདུར་ཕེབས།

   ཚོགས་ཐོག་ཏུ་རྒྱལ་ཡོངས་ཀྱི་སྐོར་ཞིབ་བྱ་བའི་ཚོགས་འདུ་དང་ཀྲུང་དབྱང་གི་སྐབས་ཉི་ཤུ་པའི་རེས་སྐོར་དང་པོའི་སྐོར་གཟིགས་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན།《ཀྲུང་དབྱང་གི་སྐོར་གཟིགས་བྱ་བའི་འཆར་འགོད(2023-2027)》བློ་མཐུན་ཝང་དབྱང་གིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་རེས་སྐོར་གཉིས་པའི་སྐོར་གཟིགས་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། ཁུལ་ཨུའི་རེས་སྐོར་གཉིས་པའི་སྐོར་ཞིབ་དང་མི་འདེམས་སྤྱོད། འདུ་ཤེས་འཛིན་སྟངས་བྱ་བའི་འགན་འཁྲིའི་ལམ་ལུགས་ལ་ཆེད་དོན་ཞིབ་བཤེར་བྱས་ཚུལ་གྱི་སྙན་ཞུར་གསན་ལ། ཁུལ་ཨུའི་སྐོར་གཟིགས་བྱ་བའི་འབྲེལ་ཡོད་དོན་ཚན་ལ་གྲོས་བསྡུར་ཞིབ་འཇུག་དང2023ལོའི་ཁུལ་ཨུའི་སྐོར་ཞིབ་བྱ་བར་བཀོད་སྒྲིག་བྱས།

   ཤ་བོ་སྐྱབས་ཀྱིས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རེས་སྐོར་གཉིས་པའི་སྐོར་ཞིབ་བྱ་བར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་རེས་སྐོར་འདིའི་སྐོར་ཞིབ་བྱེད་མགོ་བརྩམས་པ་ནས་བཟུང་། སྐོར་ཞིབ་ཚན་ཆུང་སོ་སོས་ཁུལ་ཨུའི་སྐོར་ཞིབ་བྱ་བའི་བཀོད་སྒྲིག་གི་བླང་བྱ་གཞིར་བཟུང་ཆབ་སྲིད་སྐོར་ཞིབ་ཀྱི་ངེས་གནས་རྒྱུན་འཁྱོངས་བྱས་ཏེ། སྐོར་ཞིབ་བྱ་ཡུལ་ལས་ཁུངས་ཀྱི་འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོར་དམ་པོར་དམིགས་ནས་གནད་དོན་མངོན་གསལ་ཅན་འཚོལ་ཞིབ་གཏིང་ཟབ་བྱས་པ་དང་། དམིགས་སའི་རང་བཞིན་མཐོ་བ་དང་ལག་བསྟར་བྱེད་འཐུས་རང་བཞིན་ཆེ་བའི་བསམ་འཆར་དང་གྲོས་མགོ་བཏོན་པས། སྐོར་ཞིབ་བྱ་བར་ཕན་འབྲས་དངོས་ཐོབ་ཡོད། སྐོར་ཞིབ་ཚན་ཆུང་སོ་སོས་ཐེངས་འདིའི་ཚོགས་འདུའི་བླང་བྱ་ལྟར་སྐོར་ཞིབ་ལས་ཤེས་རྟོགས་བྱུང་བའི་གནད་དོན་ལ་དམིགས་ནས་དག་ཐེར་ཡོ་བསྲང་གི་བསམ་འཆར་དང་གྲོས་མགོ་སྔར་ལས་ལྷག་པར་བཟོ་བཅོས་དང་འཐུས་ཚང་དུ་གཏོང་དགོས་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་དང་མཉམ་དུ་གནད་དོན་གལ་ཆེན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཏེ། གནད་དོན་གྱི་ཁུངས་སྣེ་དེ་གོ་རིམ་གྱི་གཏན་འབེབས་ལྟར་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་བྱེད་དགོས་པར་བསྟན།

   ཤ་བོ་སྐྱབས་ཀྱིས་ཁུལ་ཨུའི་སྐོར་ཞིབ་སྒྲིག་གཞིས་ཁུལ་ཨུའི་སྐབས་དང་པོའི་འགན་ཡུན་ནང་སྐོར་ཞིབ་ཁྱོན་ཡོངས་ལ་ཁྱབ་པའི་བླང་བྱར་གཞིགས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་ཁྱོན་ཡོངས་ལ་ཁྱབ་པའི་ལས་འགན་གཅིག་གྱུར་འཆར་འགོད་དང་ཁྱོན་ཡོངས་ལ་ཁྱབ་པའི་ཐབས་ལམ་གསར་གཏོད་བྱེད་དགོས། ཚད་གཞི་མཐོ་བ་དང་བླང་བྱ་ནན་མོ་དེ་སྐོར་ཞིབ་བྱ་བའི་བརྒྱུད་རིམ་ཧྲིལ་བོ་དང་ལྷུ་ཚིགས་སོ་སོར་ཁྱབ་པར་བྱེད་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས་གནད་དོན་ཤེས་རྟོགས་བྱ་རྒྱུ་དེ་སྐོར་ཞིབ་བྱ་བའི་སྲོག་རྩ་ལྟ་བུར་བརྩི་བ་དང་། གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་སྐོར་ཞིབ་བྱ་བའི་གཞི་ཚུགས་སར་བརྩི་དགོས། གནད་འཕིགས་ཤེས་རྟོགས་དང་གནད་འཕིགས་གཏན་འཁེལ། གནད་འཕིགས་དབྱེ་ཞིབ། གནད་འཕིགས་སྙན་ཞུ། གནད་འཕིགས་ཐག་གཅོད་བཅས་བྱས་ཏེ། ཆབ་སྲིད་ཀྱི་ལྟ་སྐུལ་རགས་རིམ་དང་རྣམ་པ་ཅན་དུ་འགྱུར་བར་མཐའ་གཅིག་ཏུ་སྔོན་འགོག་བྱེད་དགོས། སྒྲིག་སྲོལ་དང་སྒྲིག་ཁྲིམས་ལྟར་སྐོར་ཞིབ་སྒྲིག་ཁྲིམས་ནན་སྲུང་བྱས་ནས། “བརྩེ་བའི་དྲ་བ”དང“འབྲེལ་བའི་དྲ་བ” “བརྩེ་བའི་གླེང་སྲོལ”བཅས་གཏན་འགོག་མཐའ་གཅིག་ཏུ་བྱས་ཏེ་ལྷུ་ཚིགས་རེ་རེ་དང་བྱ་བ་ཚང་མར་རྩ་འཛུགས་དང་མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་འགན་ལེན་བྱེད་དགོས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྐོར་གཟིགས་སྐོར་ཞིབ་དག་ཐེར་དང་གྲུབ་འབྲས་བཀོལ་སྤྱོད་ལ་ཤུགས་སྣོན་རྒྱུའི་སྐོར་གྱི་བསམ་འཆར་དང་བླང་བྱ་ལག་བསྟར་ནན་མོ་བྱས་ཏེ། སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱི་དག་ཐེར་བྱེད་པོའི་འགན་འཁྲི་ནན་དུ་གཏོང་དགོས། སྐོར་ཞིབ་དག་ཐེར་གྱི་རྒྱུན་ལྡན་ལྟ་སྐུལ་ལ་ཤུགས་བསྣན་ནས། འགན་འཁྲི་དོན་འཁྱོལ་མ་བྱས་ན་མི་གཏོང་བ་དང་། གནད་དོན་ཐག་གཅོད་མ་བྱས་ན་མི་གཏོང་བ། དག་ཐེར་མཐར་ཕྱིན་མ་བྱས་ན་མི་གཏོང་བ་བཅས་བྱེད་ཐུབ་པ་དང་། མ་ལག་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ལས་རིགས་ཁྱབ་ཁོངས་ཀྱི་ཡོངས་ཁྱབ་རང་བཞིན་དང་མ་ལག་རང་བཞིན་གྱི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་ནས་དག་ཐེར་གྱི་ཕན་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ནུས་ཆེན་པོར་བསྒྱུར་དགོས་པ་ནན་གྱིས་བསྟན། 


   ཁུལ་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་སོ་སོ་ཚོགས་འདུར་ཞུགས་པ་དང་། ཁུལ་ཨུའི་དྲིལ་སྒྲོག་པུའི་འགན་འཁུར་བློ་མཐུན། ཁུལ་ཨུའི་རེས་སྐོར་གཉིས་པའི་སྐོར་ཞིབ་ཚན་ཆུང་གི་ཚན་གཙོ་དང་ཚན་གཙོ་གཞོན་པ་ཚོགས་འདུར་ཟུར་ཞུགས་བྱས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号