ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་མདའ་བཞི་རྫོང་དུ་བརྟག་ཞིབ་གནང་པ།

ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་མདའ་བཞི་རྫོང་གི་ལས་གཞི་གལ་ཆེན་སྐུལ་འདེད་བཏང་བ་དང་ཧུང་ཧོ་ཝན་བཟོ་ལས་གླིང་ཁུལ་གྱི་ཕྱོགས་སྒྱུར་འཕེལ་རྒྱས་བྱ་བར་དམིགས་ནས་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་པ།

ཤྭ་ལུང་ཆུ་མཛོད་ཀྱི་ཆུ་རགས་འཆར་འགོད་གནས་སུ།  ཤ་བོ་སྐྱབས་ཀྱིས་བཟོ་སྐྲུན་འཛུགས་སྐྲུན་གྱི་འཕེལ་རིམ་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་གནང་ཞིང་། ལས་གཞིའི་གཞི་རྩའི་འཛུགས་སྐྲུན་གྱི་གོ་རིམ་ལག་བསྟར་ནན་མོ་བྱེད་དགོས་པ་དང་ཚད་ལྡན་གྱི་དོ་དམ་ལ་ཤུགས་སྣོན་དགོས་པ། འབྲེལ་ཡོད་ལམ་ལུགས་ལ་བརྩི་སྲུང་ནན་མོ་ཞུ་བ་བཅས་བྱས་ནས་མ་དངུལ་དང་སྤུས་ཚད། བདེ་འཇགས། སྤྱོད་གཙང་སོགས་ཀྱི་ཐད་ཉེན་ཁ་མི་འབྱུང་བར་བྱས་ཏེ་ལས་གཞི་འཛུགས་སྐྲུན་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས་ཤིང་། མགོ་ཁྲིད་ལས་བྱེད་པའི་མཉམ་འབྲེལ་འགན་ལེན་ལས་གཞིའི་བྱ་བའི་འགན་འཁྲིའི་ལམ་ལུགས་དང་མདའ་བཞི་རྫོང་གི་ས་ཁོངས་དོ་དམ་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ནས་རང་འགུལ་ངང་མདུན་གྲལ་དུ་བསྐྱོད་དེ་ཞབས་འདེགས་ཞུ་དགོས་པ་དང་།  འབྲེལ་མཐུད་འབྲེལ་གཏུག་ལ་ཤུགས་བསྣན་ཏེ་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་དགོས།  འཛུགས་སྐྲུན་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བ་ཏན་ཏིག་ངང་བསྒྲུབ་སྟེ་ནུས་ཤུགས་ཡོད་རྒུས་ལས་ཡུན་དམ་འཛིན་དང་ཚད་གཞིར་སྐུལ་འདེད། སྤུས་ཚད་འགན་ལེན་བཅས་བྱས་ནས་ལོ་འཁོར་གྱི་མ་འཇོག་དང་འཛུགས་སྐྲུན་དམིགས་ཚད་ལས་འགན་བདེ་བླག་ངང་ལེགས་འགྲུབ་བྱ་རྒྱུའི་འགན་ལེན་བྱེད་དགོས། སྐྱེ་ཁམས་སྔོན་ལ་འཇོག་པའི་འཐབ་ཇུས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་འཁུར་ནས་ཆུའི་སྐྱེ་ཁམས་སྲུང་སྐྱོབ་བྱ་བ་ཁྱོན་ཡོངས་ནས་ཡག་པོར་བསྒྲུབ་སྟེ་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པ་དང་གངས་རི་འཁྱགས་ཀླུང་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ནི་ལས་གཞི་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོར་དངོས་འབྲེལ་མཉམ་འདྲེས་ཐུབ་པར་བྱ་དགོས་པ་ནན་གྱིས་བསྟན།    

མདའ་བཞི་རྫོང་གི་མྱུར་བགྲོད་ལྕགས་ལམ་ས་ཚིགས་སུ། ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་མེ་འཁོར་ས་ཚིགས་ཀྱི་ཨར་ལས་མྱུར་ཚད་དང་། ནང་ཁུལ་གྱི་བྱེད་ནུས་ཁུལ་དབྱེ་འབྱེད། མེ་འཁོར་བརྒྱུད་འདུག་གནས་ཚུལ་བཅས་ལ་རྒྱུས་ལོན་ཞིབ་ཕྲ་གནང་ཞིང་། ཟླ7པའི་ཚེས1ཉིན་ཤར་གཏོང་བྱེད་ལ་ཉེ་བའི་མཚོ་བོད་ལྕགས་ལམ་ཟི་ལིང་ནས་ན་གོར་མོ་བར་གྱི་སྒུལ་འཁོར“བསྐྱར་དར་རྟགས་ཅན”ནི་ཁུལ་ཡོངས་ཀྱི་མི་དམངས་ཀྱིས་དོ་ཁུར་བྱེད་བཞིན་པའི་དོན་ཆེན་ཞིག་ཡིན་པ་དང་། མདའ་བཞི་ས་ཚིགས་དངོས་སུ་ཤར་གཏོང་ཐུབ་པ་དེ་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩ་གལ་ཆེན་ཞིག་ཏུ་འགྱུར་ངེས་པར་བསྟན་ལ། ཁུལ་དང་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་དང་མདའ་བཞི་མྱུར་བགྲོད་ལྕགས་ལམ་ས་ཚིགས་ཀྱིས་མེ་འཁོར་འདུག་གྲངས་མང་དུ་གཏོང་བ་དང་འདུག་པའི་དུས་ཚོད་ལེགས་སྒྲིག་བྱ་རྒྱུའི་རེ་ཞུ་བྱས་ནས་ལྕགས་ལམ་ཐོག་རྡོ་སོལ་དང་ཞིང་ཕྱུགས་ཐོན་རྫས་སོགས་དངོས་ཟོག་སྐྱེལ་འདྲེན་བྱེད་པར་གཟིགས་སྐྱོང་སྲིད་ཇུས་བརྩོན་ལེན་བྱེད་དགོས་ལ། ནུབ་མཚོ་གྲོང་རྡལ་དང་མཁར་ཟུར་གསུམ་གྲོང་རྡལ་ནས་མདའ་བཞིའི་མྱུར་བགྲོད་ལྕགས་ལམ་ས་ཚིགས་བར་གྱི་སྤྱི་སྤྱོད་རླངས་འཁོར་དང་གླ་གཏོང་རླངས་འཁོར་གྱི་ཆེད་སྤྱོད་ལམ་ཐིག་བཙུགས་ནས་གཞུང་ལམ་སོགས་ཀྱི་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་ལག་བསྟར་ཡག་པོ་བྱེད་དགོས། ཏང་གི་སློབ་གྲྭ་དང་སློབ་གསོ་སོགས་སྡེ་ཁག་མཚོ་བྱང་དུ་བསྐྱོད་དེ་གསར་བརྗེའི་སློབ་གསོ་དང་ལེན་བྱེད་མཁན་གྱི་ཞིང་ཆེན་ནང་ཁུལ་གྱི་མཐོ་སློབ་ཆེ་ཁག་གི་དགེ་སློབ་དང་། གསོ་སྦྱོང་འཛིན་གྲྭ་སྣ་ཚོགས་ལ“བསྐྱར་དར་རྟགས་ཅན”གྱི་ཆེད་སྤྱོད་མེ་འཁོར་ཤར་གཏོང་བྱ་རྒྱུའི་རེ་ཞུ་བྱེད་དགོས་ལ། དྲིལ་སྒྲོག་དང་རིག་གནས་ཡུལ་སྐོར་སྡེ་ཁག་གིས་དྲིལ་སྒྲོག་དང་གནས་ཚུལ་སྤེལ་ཤུགས་ཆེ་རུ་བཏང་ནས་ཡུལ་སྐོར་བ་དང་མང་ཚོགས་ལ་མེ་འཁོར་གྱི་ཐེངས་གྲངས་དང་དོ་སྣང་བྱེད་དགོས་པའི་དོན་ཚན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་ཏེ་སྤུས་ལེགས་ཀྱི་ཞབས་ཞུ་རྒྱུན་མཐུད་ངང་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན།

ཧུང་ཧོ་ཝན་བཟོ་ལས་གླིང་ཁུལ་དུ་ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ཡུལ་དངོས་ནས་མཚོ་སྔོན་ཧྭ་ཞང་ནུས་རྒྱུ་ཚད་ཡོད་སྤྱི་གཉེར་ཁང་དང་མདའ་བཞི་ཀྲི་ཡོན་རྡོ་སོལ་ལས་རིགས་ཚད་ཡོད་སྤྱི་གཉེར་ཁང་གི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་ལ་ལྟ་ཞིབ་བྱས་ནས་ཁེ་ལས་ཀྱི་འགན་ཁུར་བ་དང་འབྲེལ་ནས་མིག་སྔར་ལྷག་པའི་དཀའ་ངལ་དང་གནད་དོན་རྒྱུས་ལོན་ཞིབ་ཕྲ་བྱས་ཏེ་གོམ་སྟབས་རྗེས་མའི་ཕྱོགས་སྒྱུར་འཕེལ་རྒྱས་ཐད་བསམ་ཚུལ་བརྗེ་རེས་བྱས་ལ། ཁུལ་བཟོ་འཕྲིན་ཅུས་དང་མདའ་བཞི་རྫོང་གིས་སྲིད་ཇུས་ཀྱི་སྣེ་ཁྲིད་ལ་ཤུགས་བསྣན་ནས་ཁེ་ལས་འཕེལ་རྒྱས་ལ་ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་གཏོད་དགོས་པ་དང་འབྲེལ་ཧྲན་ཏུང་ཞིང་ཆེན་དང་འབྲེལ་མཐུད་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་སྤུས་ལེགས་ཁེ་ལས་ཧུང་ཧོ་ཝན་བཟོ་ལས་གླིང་ཁུལ་དུ་ནང་འདྲེན་བྱས་ཏེ་གཞིས་ཆགས་པར་བྱེད་དགོས་ཤིང་། མདའ་བཞི་ཀྲི་ཡོན་རྡོ་སོལ་ལས་རིགས་ཚད་ཡོད་སྤྱི་གཉེར་ཁང་གིས་བདེ་འཇགས་ཐོན་སྐྱེད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ས་གནས་དེ་གའི་ཁེ་ལས་དང་མཉམ་ལས་བརྗེ་རེས་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་ཀྱི་ཕྱོགས་བསྡུས་འགྲན་རྩོད་ནུས་པ་མུ་མཐུད་ཆེ་རུ་གཏོང་དགོས། མཚོ་སྔོན་ཧྭ་ཞང་ནུས་རྒྱུ་ཚད་ཡོད་སྤྱི་གཉེར་ཁང་གིས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས་ཐོན་རྫས་ཀྱི་བཟོ་རྩལ་རྒྱུན་ཆད་མེད་པར་ལེགས་སུ་བཏང་སྟེ་ཁྲོམ་རའི་འགྱུར་ལྡོག་དང་འཚམ་གང་ཐུབ་བྱེད་དགོས་པའི་བླང་བྱ་བཏོན། 

ཝང་ཡུང་ཁྲང་དང་སངས་འབུམ། མ་རུའུ་ཞང་བཅས་ཀྱིས་ཕེབས་རོགས་གནང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号