ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་པ།

ཟླ6པའི་ཚེས26ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས45པ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གསར་ཤོས་ཀྱི་དགོངས་དོན་གལ་ཆེན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཚོགས་འདུའི་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། བྱ་བའི་སྙན་ཞུར་གསན་ཏེ་འབྲེལ་ཡོད་དོན་ཚན་ལ་གྲོས་ཞིབ་གནང་།

ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་ཞིན་ཆིན་ཆུས་ཧྥུའུ་དབྱང་སྲེག་ཟས་ཁང་གི་འབར་རླངས་འབར་གས་ཀྱི་དོན་རྐྱེན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ་ནན་གྱིས་བསྟན་དོན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ནས་ཨར་སྐྲུན་བྱ་ཡུལ་དང་སྦུག་ལམ་རྙིང་བ། རང་སྐྲུན་ཁང་པ་སོགས་གཙོ་གནད་ཁུལ་དང་བཟའ་བཏུང་རོལ་རྩེད་ཁང་། མཚན་ཁྲོམ་དང་ཡུལ་སྐོར་ལྗོངས་ཁུལ་སོགས་མི་སྣ་འདུ་འཛོམས་མང་བའི་གནས་ལ་དམ་པོར་དམིགས་ནས་ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་མགྱོགས་མྱུར་བྱེད་དགོས་ཤིང་།  ཉེན་ཟོན་སྔོན་བརྡའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་མཁོ་བསྟུན་ནང་སྦྱོང་ལ་ཤུགས་སྣོན་པ། ཉེན་ཟོན་བྱ་ཐབས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས་ལ། དྲིལ་སྒྲོག་སྟེགས་བུ་སྣ་ཚོགས་བརྒྱུད་དེ་བོད་རྒྱ་སྐད་གཉིས་ཀྱི་རྣམ་པའི་ཐོག་ནས་འགྲིམ་འགྲུལ་བདེ་འཇགས་དང་གློག་རླངས་བེད་སྤྱོད། མཁོ་བསྟུན་ཁ་འགྲེམས་སོགས་བདེ་འཇགས་ཤེས་བྱ་དང་། རང་སྐྱོབ་དང་ཕན་ཚུན་རོགས་སྐྱོབ་ཀྱི་རྒྱུན་ཤེས་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས་མང་ཚོགས་ཀྱི་བདེ་འཇགས་འདུ་ཤེས་དང་མཁོ་བསྟུན་ཉེན་གཡོལ་ནུས་པ་ཆེ་རུ་གཏོང་དགོས་ཟེར།    

ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ནས་མཚོ་བྱང་གི་གསར་བརྗེ་དང་ལྗང་མདོག ཁྱད་ལྡན་ལེགས་ཆ་བཅས་ལ་དམ་འཛིན་ནན་མོ་བྱས་ཏེ་སྐྱེ་ཁམས་པར་ལེན་འགྲན་བསྡུར་ཆེན་མོ་དང་སྒར་འདེབས་འགྲན་བསྡུར་ཆེན་མོ། མདའ་འཕེན། རྟ་རྒྱུག་སོགས་ཀྱི་བྱེད་སྒོ་སྤེལ་ནས་གཟུགས་འདས་ཤུལ་བཞག་རིག་གནས་སྔོག་འདོན་དང་འགྲེམས་སྟོན་གང་ལེགས་བྱས་ཏེ་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས་སྐྱེད་སྲིང་དང་གསར་སྤེལ་ཧུར་ཐག་བྱེད་དགོས་ཤིང་། སྲོལ་རྒྱུན་སྨྱན་སྦྱོར་དང་སྨྱན་སྦྱོར་གསར་པ་རྒྱ་ཁྱབ་ངང་སྤྱད་དེ“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་དམར་དམག་ནུབ་ལམ་དམག་དཔུང་གི་སྙིང་སྟོབས་སོགས་གསར་བརྗེའི་ཐོན་ཁུངས་ཀྱི་ལེགས་ཆ་དང་ནུབ་མཚོ་ཅུན། འཇུ་ལག་གནའ་མཁར། མཁར་དམར་གནའ་མཁར་སོགས་ཀྱི་རྗེས་ཤུལ་རིག་གནས་དྲིལ་སྒྲོག་དང་འོས་སྦྱོར་གཏིང་ཟབ་བྱས་ཏེ་ཕྱོགས་མང་པོའི་ཐོག་ནས་མཚོ་བྱང་གི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱེད་དགོས་ཤིང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་དུས་སྟོན་དང་སྲོལ་རྒྱུན་གྱི་དུས་ཆེན་རིགས། དམངས་སྲོལ་གྱི་བྱེད་སྒོའི་རིགས། ལུས་རྩལ་རིགས་སོགས་ཀྱི་བྱེད་སྒོ་སྣ་ཚོགས་ཧུར་ཐག་སྤེལ་ནས་ས་གནས་ཀྱི་རིག་རྩལ་བརྩམས་ཆོས་འཁྲབ་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ་མང་ཚོགས་ཀྱི་རིག་གནས་འཚོ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་པ་ནན་གྱིས་བསྟན།

ཚོགས་ཐོག་ཏུ་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་པར་བྱེད་དགོས་ལ། ཐོན་ལས་ཀྱི“གནས་བཞིའི”འཛུགས་སྐྲུན་ལ་དམིགས་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མཚོ་སྔོན་པོ་དཔེ་སྟོན་ཁུལ་གཏོད་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། “ཆུ་གསུམ་དང་མཚེའུ་གཅིག”འབབ་རྒྱུད་ཀྱི་སྐྱེ་ཁམས་བཅོས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ་དང་། ཁེ་ཐུའུ་བྱེ་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དང་ལེགས་སུ་གཏོང་བ། རི་ཆུ་ནགས་ཞིང་མཚེའུ་བྱེ་མ་འཁྱག་ཀླུང་བཅས་དཔེ་སྟོན་ཁུལ་གཏོད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། ནུབ་མཚོ་གྲོང་རྡལ་ཉེ་འཁོར་གྱི་རྩྭ་ཐང་གི་ཨ་བྲའི་གནོད་འཚེ་འགོག་བཅོས་དང་ས་བཀྲར་གྲལ་བཤེར་དང་བཅོས་སྒྲིག་ཏན་ཏིག་བཅས་བྱས་ནས་སྐྱེ་ཁམས་བཅོས་སྐྱོང་གི་ཕན་འབྲས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གཏོང་བའི་སྦྲེལ་མཐུད་ནུས་ལྡན་གྱི་དཔྱད་ཞིབ་དཔྱད་དཔོག་ལྡོག་འདྲེན་གྱི་གནད་དོན་དག་ཐེར་ཡོ་བསྲང་ལ་རྗེས་འདེད་ངང་དམ་འཛིན་ཡག་པོ་བྱས་ནས་ལས་ཞུགས་དང་སློབ་གསོ། སྨན་བཅོས། རྒན་གསོ། སྡོད་ཁང་སོགས་དམངས་འཚོའི་བྱ་བ་དངོས་མུ་མཐུད་ཡག་པོར་སྒྲུབ་དགོས། དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བ་ཏན་ཏིག་སྒྲུབ་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པའི་དམིགས་ཚད་བླང་བྱར་དམ་པོར་དམིགས་ནས་ཁུལ་དང་རྫོང་། ཡུལ་ཚོ་བཅས་རིམ་པ་གསུམ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སློབ་གསོའི་ལག་ལེན་ར་བ་དང་། “སེ་འབྲུའི་ཁྱིམ་གཞིས”མི་རིགས་རྟེན་མཛོད་ཁང་། མི་རིགས་རིག་གནས་ཁང་བཅས་དང་དེ་བཞིན་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམས་སྟོན་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། བརྗོད་དོན་སློབ་གསོ་སྤེལ་བར་སྔོན་ནས་ཇུས་འགོད་བྱས་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སློབ་པ་དང་གླེང་བ། སྒྲུབ་པ་བཅས་ལ་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་ལྔ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་མཚོ་སྐྱོར་བྱ་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ་ནན་གྱིས་བསྟན་དོན། ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་སློབ་གསོའི་བྱ་བར་རྒྱབ་སྐྱོར་བྱ་རྒྱུར་མཐོང་ཆེན་བྱས་ཏེ། ཏང་ཨུས་གཅིག་གྱུར་མགོ་ཁྲིད་དང་ཏང་སྲིད་ཀྱིས་མཉམ་དུ་དམ་འཛིན་དང་དོ་དམ། སྡེ་ཁག་གིས་རང་འགན་རང་འཁུར་བཅས་བྱེད་པའི་སློབ་གསོའི་མགོ་ཁྲིད་སྒྲིག་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་དགོས། སློབ་སྔོན་སློབ་གསོ་ཁྱབ་གདལ་གཏོང་བ་དང་སྤུས་ལེགས་དོ་སྙོམས་ངང་འོས་འགན་སློབ་གསོ་འཕེལ་རྒྱས་གཏོང་བ། མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་ཁྲིད་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་མཚོ་བྱང་ལས་རིགས་སློབ་གླིང་གི་རིམ་སྤོར་གོམ་སྟབས་མགྱོགས་སུ་གཏོང་དགོས། སློབ་གསོའི་ཁོར་ཡུག་ཡག་པོ་ཧུར་ཐག་གཏོད་པ་དང་། ནར་མ་སོན་པའི་མིར་སྲུང་སྐྱོབ་བྱེད་པའི་བྱ་བར་མུ་མཐུད་ཤུགས་སྣོན་པ། བཟའ་བཅའི་བདེ་འཇགས་དང་ཆུར་བྱིང་བ་སྔོན་འགོག དྲ་རྒྱའི་གློག་འཕྲིན་མགོ་སྐོར་སྔོན་འགོག་སོགས་བདེ་འཇགས་ལྟ་སྐུལ་དོ་དམ་དང་དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་ནས་སློབ་གྲྭའི་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་སྲུང་དགོས། སློབ་གསོའི་མཚོ་སྐྱོར་དང་ཡུལ་གཞན་དུ་འཛིན་གྲྭ་གཉེར་བ་སོགས་ཀྱི་གོ་སྐབས་གལ་ཆེན་ལ་དམ་པོར་དམིགས་ནས། འབྲེལ་གཏུག་མང་ཙམ་དང་སྙན་སེང་ཧུར་ཐག་ཞུས་ཏེ་ཕྱོགས་ཡོངས་དང་ཁྱབ་ཁོངས་མང་བ། རིམ་པ་ཟབ་པ་བཅས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས་ཁུལ་ཡོངས་ཀྱི་སློབ་གསོ་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར། 

ཚོགས་ཐོག་ཏུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་དང་ནང་ཆེན་རྫོང་། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་བཅས་སུ་བསྐྱོད་དེ་བརྟག་ཞིབ་གནང་བ་དང་འབྲེལ་བྱ་བའི་བླང་བྱ་བཏོན་ཡོད་པས། ང་ཚོས་མིག་སྔའི་བྱ་བ་སོ་སོ་སྤྱི་འདོམས་ངང་ཡག་པོར་བསྒྲུབ་རྒྱུར་ཐབས་ལམ་སྔར་བས་ཁ་གསལ་དུ་བཏང་ཡོད་པར་བསྟན་ལ། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་གཙོ་བོས་ས་གནས་སོ་སོར་བརྟག་ཞིབ་གནང་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ཏེ། སློབ་སྦྱོང་བྱེད་རིང་བསམ་ཤེས་གཏིང་ཟབ་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ། བསམ་བློ་གཅིག་གྱུར་བཅས་བྱས་ཏེ་རང་རྟོགས་ངང་མཚོ་བྱང་གི་འཕེལ་རྒྱས་དེ་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་སྤྱི་ཡོངས་ནང་མཉམ་འདྲེས་ཐུབ་པར་བྱེད་དགོས་ཤིང་། རང་ངོས་ཀྱི་ངེས་གནས་གནད་ལ་འཁེལ་བར་འཚོལ་བ་དང་། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ། ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་བ་སོ་སོའི་ཁྲོད་འཕེལ་རྒྱས་གསར་པ་དང་ཕན་འབྲས་གསར་པ་ཐོབ་པར་བྱེད་དགོས། ཞོད་འགོག་མཁོ་བསྟུན་གྲ་སྒྲིག་ལ་ཤུགས་བསྣན་ནས་ཆུ་བེད་དང་འགྲིམ་འགྲུལ་སྒྲིག་བཀོད་སྣ་ཚོགས་ཀྱི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་དང་མེད་པར་བཟོ་དགོས། ཆུར་བྱིང་བ་སྔོན་འགོག་གི་བྱ་བ་ཡག་པོ་སྒྲུབ་པ་དང་འགོག་སྲུང་སྒྲིག་བཀོད་འཐུས་ཚང་དུ་བཏང་སྟེ། ཆུར་བྱིང་བ་སྔོན་འགོག་གི་བདེ་འཇགས་དྲ་བ་ཏན་ཏིག་སྒོས་བསྐྲུན་དགོས་པ་ནན་གྱིས་བསྟན།

ཚོགས་ཐོག་ཏུ་མཚོ་བྱང་ཁུལ་མདོ་ལ་རི་ཁུལ་གྱི་རི་ཆུ་ནགས་ཞིང་མཚེའུ་རྩྭ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོ་ཚོད་ལྟའི་ལས་གཞིའི་བྱ་བ་སྤེལ་ཚུལ་གྱི་སྙན་ཞུར་གསན་ནས་ནན་གྱིས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ཚུགས་གནས་ཆེ་རུ་གཏོང་བ་དང་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་ཀྱིས་རེ་རེ་བཞིན་གསེད་བཀྲོལ་དང་རྒྱུ་རྐྱེན་ལ་དབྱེ་ཞིབ། འགག་རྩ་ཡང་དག་སྒོས་བཙལ་འཚོལ། བྱ་ཐབས་གཏན་འཁེལ། འགན་ཁུར་ཁ་གསལ། ལས་ཡུན་ལྡོག་སྒྲིག་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་རྗེས་མཐུད་ཀྱི་བྱ་བ་སོ་སོ་ཡག་པོར་བསྒྲུབ་ནས་ཚོད་ལྟའི་ལས་གཞི་བདེ་བླག་ངང་ཞིབ་བཤེར་རྩིས་ལེན་ཐུབ་པའི་འགན་ལེན་བྱེད་དགོས་ཟེར།    

ཚོགས་ཐོག་ཏུ2023ལོའི་ལོ་འཁོར་མོའི་དམིགས་འབེན་འགན་ཁུར(ལས་ཕྱོད)དཔྱད་ཞིབ་དམིགས་ཚད་དང་འབྲེལ་ཡོད་མ་དངུལ་བྱ་བར་གྲོས་ཞིབ་བྱས།    

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号