ཤ་བོ་སྐྱབས་ཀྱིས་འཇུ་ལག་རྫོང་དུ་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་གྱི་གྲ་སྒྲིག་བྱ་བ་སོ་སོར་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་པ།


ཟླ7པའི་ཚེས11ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་འཇུ་ལག་རྫོང་དུ2023ལོའི་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་སྐབས་ཉེར་གཉིས་པའི་གྲ་སྒྲིག་བྱ་བ་སོ་སོར་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་།

ཤ་བོ་སྐྱབས་ཀྱིས་སྔ་རྗེས་སུ་འཇུ་ལག་རྫོང་འཇུ་ལག་གྲོང་རྡལ་དང་རྡོ་སྔོན་ལ་ཁ་གྲོང་རྡལ།    འཕན་པོ་སོགས་གཞུང་ལམ་ལམ་རྒྱུད་དུ་ལས་སྒྲུབ་བཀོད་སྒྲིག་དང་ཞབས་ཞུ་འགན་ལེན། བགྲོད་ལམ་བདེ་འཇགས། ཁོར་ཡུག་འཕྲོད་བསྟེན། རྣམ་པ་གཏོད་པ།    དྲིལ་སྒྲོག་སོགས་ཀྱི་བྱ་བ་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་ཞིང་།  མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་ནི་རབ་མཛེས་མཚོ་སྔོན་དྲིལ་སྒྲོག་བྱེད་སའི་སྟེགས་བུ་གལ་ཆེན་ཞིག་ཡིན་ལ། ཐེངས་འདིའི་འགྲན་བསྡུར་དེ་མཚོ་བྱང་ཁུལ་གྱི་རྫོང་བཞི་བོར་བརྒྱུད་དགོས་པར་མ་ཟད། རྫོང་གསུམ་དུ་སོ་སོར་མཇུག་མཐའི་ས་ཚིགས་བཙུགས་པ་དེ་ནི་མཚོ་བྱང་གི་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་འཁྱགས་ཀླུང་བཅས་ཀྱི་མཛེས་ལྗོངས་སྣ་ཚོགས་ཕྱི་ཕྱོགས་སུ་མངོན་པ་དང་། གསེར་མདོག་འཇུ་ལག་དང་ལྷ་ཡུལ་མདོ་ལ། བོད་མཁར་རྐང་ཚ། བདེ་བརྟན་མདའ་བཞི། དག་སྣང་མཚོ་བྱང་བཅས་ཕྱི་ཕྱོགས་སུ་འོས་སྦྱོར་བྱེད་པའི་གོ་སྐབས་བཟང་པོ་ཞིག་ཡིན་པས་མཚོ་བྱང་གིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་རྒྱུར་སྐུལ་འདེད་ཐེབས་ངེས་ཡིན་ལ། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་རྫོང་བཞིའི་ཏང་ཨུ་དང་སྲིད་གཞུང་གིས་བྱ་བའི་འགན་འཁྲི་སྔར་ལས་ནན་དུ་གཏོང་བ་དང་རིགས་སོ་སོའི་བྱ་བའི་ཇུས་གཞི་ཞིབ་ཕྲ་བཟོས་ནས་འགྲན་མཚམས་སོ་སོའི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་ཡོང་རྒྱུའི་འགན་ལེན་བྱེད་དགོས། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡང་དང་བསྐྱར་དུ་གྲལ་བཤེར་བྱེད་པ་དང་། བསྲུང་བྱའི་ལས་འགན་དོན་འཁྱོལ་ནན་མོ་བྱེད་པ། འཕྲལ་སྡོམ་རོགས་སྐྱོབ་གྲ་སྒྲིག་ཡག་པོ་བྱེད་པ། ཞབས་ཞུ་འགན་ལེན་བྱ་བར་དམ་འཛིན་ཡག་པོ་བཅས་བྱེད་དགོས་ཤིང་། ཁོར་ཡུག་འཕྲོད་བསྟེན་ཁྱོན་ཡོངས་ནས་བཅོས་སྒྲིག་དང་ཁུག་ཀྱོག་གི་གད་སྙིགས་གཙང་སེལ་ནན་ཏན་བྱས་ཏེ་ཁོར་ཡུག་འཕྲོད་བསྟེན་གཙང་ཞིང་དག་པ་ཡོང་བར་བྱེད་དགོས། བྱེད་སྒོའི་རྣམ་པ་བཟང་པོ་ཧུར་ཐག་སྒོས་བཏོད་དེ་མཚོ་བྱང་གི་ཡུལ་སྲོལ་གོམས་གཤིས་དང་མི་རིགས་རིག་གནས་དྲིལ་སྒྲོག་ཤུགས་ཆེན་བྱེད་པ་དང་མཚོ་བྱང་གི་མཛེས་ལྗོངས་ཁྱོན་ཡོངས་ནས་མངོན་པར་བྱེད་དགོས་པ་བསྟན།

དེའི་རིང་། ཤ་བོ་སྐྱབས་འཁོར་དང་བཅས་པ་ཏ་ཞིས་འགག་དང་ཨར་ཏོ་འགག ཐུང་ཁྲང་འགག་གསེར་གཏེར་རི་མོ་བཅོས་སྒྲིག་བྱ་ཡུལ་དུ་བསྐྱོད་དེ“ཁ་གསབ་གསུམ”གྱི་བྱ་བའི་ཕན་འབྲས་དང་དེ་བཞིན་རྗེས་ཕྱོགས་ཀྱི་དོ་དམ་སྲུང་སྐྱོབ་བྱ་བར་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་བྱས་ཤིང་། ཡུལ་དངོས་སུ་བྱ་བའི་སྙན་ཞུར་གསན་པར་མ་ཟད་བྱ་བའི་བླང་བྱ་ཞིབ་ཕྲ་ཡང་བཏོན་པ་རེད། 

མ་རུའུ་ཞང་དང་འཇུ་ལག་རྫོང་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོས་ཕེབས་རོགས་ཞུས། 


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号