ཀྲུང་གོ་མི་རིགས་རིག་པའི་སློབ་ཚོགས་ཀྱི2023ལོའི་མཐོ་རིམ་གླེང་སྟེགས་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གླེང་སྟེགས་ནུབ་མཚོ་གྲོང་རྡལ་དུ་འཚོགས་པ།

ཟླ7པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་། ཀྲུང་གོ་མི་རིགས་སློབ་ཚོགས། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་། མཚོ་སྔོན་ཞིང་ཆེན་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཞིབ་འཇུག་ལྟེ་གནས་བཅས་ཀྱིས་གཙོ་སྒྲུབ་གནང་པའི“ཀྲུང་གོ་མི་རིགས་རིག་པའི་སློབ་ཚོགས་ཀྱི2023ལོའི་མཐོ་རིམ་གླེང་སྟེགས་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གླེང་སྟེགས”མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་དུ་འཚོགས། 

མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་ཏང་ཙུའི་ཧྲུའུ་ཅིའམ་ཡོན་ཀྲང་བསོད་དོན་འགྲུབ་ཀྱིས་མགོ་རྩོམ་མཛད་སྒོ་གཙོ་སྐྱོང་གནང་བ་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རིག་པ་དང་མིའི་རིགས་རིག་པའི་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ངམ་ཀྲུང་གོ་མི་རིགས་རིག་པའི་སློབ་ཚོགས་ཀྱི་ཚོགས་གཙོ་ཝང་ཡན་ཀྲུང་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་ཀའོ་ཅིང་ཡུས། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧྲི་ཧུང་ཀྲེན་གྱིས་སོ་སོར་མགོ་རྩོམ་མཛད་སྒོར་ཤིས་ཚིག་ཕུལ། 

རྒྱལ་ཡོངས་དམངས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རིན་གཞོན་པ་དོན་འགྲུབ་དབང་འབུམ་ཚོགས་འདུར་ཞུགས་པ་མ་ཟད་བཞེད་དོནགཏམ་བཤད་གནང་བ་དང་། མཚོ་བྱང་ཁུལ་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ཁུལ་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་མགོན་པོ་ཚེ་བརྟན་དང་། ཀྲུང་གོ་མི་རིགས་རིག་པའི་སློབ་ཚོགས་ཀྱི་དྲུང་ཡིག་ཆེན་མོའམ་ཀྲུང་དབྱང་མི་རིགས་སློབ་ཆེན་ཀྲུང་གོའི་གྲངས་ཉུང་མི་རིགས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་ཆི་ཅིན་ཡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་མི་རིགས་ཆོས་ལུགས་སློབ་ཁྲིད་ཞིབ་འཇུག་པུའུ་ཡི་ཀྲུའུ་རིན་མཱ་མིང་ཀྲུང་། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་ཚན་ཞིབ་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲང་ཧྲེང་དབྱིན་གྱིས་བརྗོད་དོན་ལ་དམིགས་ནས་མི་རིགས་མཐུན་སྒྲིལ་གྱི་མཚོ་བྱང་གི་རྣམ་པ་དང་མཚོ་སྔོན་གྱི་དཔེ་མཚོན་མཉམ་སྤྱོད་བྱས་ཤིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་གྱི་འབྲེལ་ཡོད་བསམ་གཞིག་དང་མཚོ་སྔོན་པོ་མཐའ་འཁོར་ས་ཁོངས་ཀྱི་མི་རིགས་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ཀྱི་བཞེད་དོན་གཏམ་བཤད་སྤེལ།

ཚོགས་འདུའི་ཐོག ཀྲུང་གོའི་རྣམ་པའི་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པ་ནི་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་ཀྲུང་གོའི་དོན་དངོས་ཟུང་འབྲེལ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱས་པའི་མཚོན་ཚུལ་གསོན་ཉམས་ལྡན་པ་ཞིག་དང་། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་ཤིག་ཡིན་ལ། ཐེངས་འདིའི་གླེང་སྟེགས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་གོ་བ་ལེན་རྒྱུ་དེ་ཡིན་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱས་ནས་མི་རིགས་རིག་པའི་ལས་རིགས་ཀྱི་བློ་གྲོས་ལེགས་སྐྱེས་སུ་འབུལ་བའི་རིག་གཞུང་ལག་ལེན་དང་བྱེད་ཐབས་གལ་ཆེན་ཞིག་ཡིན། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་དྲུག་འཛུགས་སྐྲུན་ལ་མཛུབ་ཁྲིད་བྱེད་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་མི་རིགས་ས་ཁུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ། མི་རིགས་རིག་པའི་རིག་གཞུང་བརྗེ་རེས་ལ་ཤུགས་བསྣན་ནས་མི་རིགས་རིག་པའི་རིག་ཚན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་སོགས་ལ་དགེ་མཚན་དང་དོན་སྙིང་ལྡན་པའི་ངོས་འཛིན་བྱས། 

ཚོགས་འདུའི་དུས་ཡུན་ཉིན་གཅིག་དང་ཕྱེད་ཀ་ཡིན་ཞིང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དང་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས། ཀྲུང་དབྱང་མི་རིགས་སློབ་ཆེན། ཀྲུང་ཧྲན་སློབ་ཆེན། ཀོང་ཏུང་ལག་རྩལ་དགེ་འོས་སློབ་ཆེན། ཨན་ཧུའེ་སློབ་ཆེན། ལན་གྲུ་སློབ་ཆེན། ཏ་ལེན་བཟོ་ལས་སློབ་ཆེན། ནུབ་བྱང་སྲིད་ཁྲིམས་སློབ་ཆེན། ཀུའེ་ཀྲིག་མི་རིགས་སློབ་ཆེན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་དགེ་འོས་སློབ་ཆེན། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་སོགས་མཐོ་སློབ་དང་ཚན་ཞིབ་ཚན་པའི་ཆེད་མཁས་པ70ལྷག་ཙམ་ཐེངས་འདིའི་གླེང་སྟེགས་ལ་ཞུགས་ཡོད་ཅིང་། གླེང་སྟེགས་ཐོག་ཚོགས་ཆེན་གྱི་བཞེད་དོན་གཏམ་བཤད་དང་ཚན་ཆུང་ཁག་བགོས་ཀྱི་བྱེད་ཐབས་ཐོག་ནས་བགྲོ་གླེང་དང་བརྗེ་རེས་བྱས་པ་རེད། ཚོགས་ཞུགས་ཆེད་མཁས་པ་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚགས་པ་འཛུགས་སྐྱོང་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་སོགས་ལ་དམིགས་ནས་རིག་ཚན་མང་པོ་དང་ཟུར་ཚད་མང་བའི་གྲོས་བསྡུར་གཏིང་ཟབ་དང་འཚོལ་ཞིབ་བྱེད་པ། རང་སོ་སོའི་ཆེད་ལས་དང་ལས་རིགས་ཁྱབ་ཁོངས་ནས་མགོ་བརྩམས་ཏེ་ཞིབ་འཇུག་གཏིང་ཟབ་དང་ཕྱོགས་བསྡོམས་བཅུད་ལེན་བྱས་པས། སྤྱི་ཁོག་རང་བཞིན་གྱི་ཞིབ་འཇུག་བྱས་ཡོད་ལ། བར་མཐོང་རང་བཞིན་གྱི་བསམ་གཞིགས་ཀྱང་ཡོད་པར་མ་ཟད། ཕྲ་མཐོང་རིམ་པའི་གནད་དོན་དབྱེ་ཞིབ་ཀྱང་བྱས་ཡོད། ཆེད་མཁས་པ་དག་གིས་གང་བསམ་ལྷུག་གླེང་དང་། རང་གི་ལྟ་ཚུལ་བཤད་པ། ཇུས་འདོན་བཅས་བྱས་ནས་བསམ་བློའི་རང་བཞིན་དང་སློབ་སྦྱོང་གི་ཚུལ་མཐུན། དམིགས་སའི་རང་བཞིན་བཅས་ལྡན་པའི་ལྟ་བ་ཡང་དག་མང་པོ་བཏོན་ཡོད། ཚོགས་ཞུགས་ཆེད་མཁས་པ་དག་གིས་ཐེངས་འདིའི་གླེང་སྟེགས་དེ“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་སྐྱེད་སྲིང་བྱེད་པའི་མཚོ་བྱང་ཁུལ་དུ་འཚོགས་པ་དེ་ནི་བསམ་བློ་བརྗེ་རེས་བྱེད་པའི་རིག་གཞུང་ཡུལ་སྐོར་ཞིག་ཡིན་པ་མ་ཟད། “མདེལ་གཉིས་སྐར་གཅིག”གི་བསམ་པའི་ཁྲག་རྒྱུན་རྒྱུན་མཐུད་བྱེད་པའི་བསམ་བློའི་འགྲུལ་བཞུད་ཅིག་ཀྱང་ཡིན་པའི་ངོས་འཛིན་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号