གཙང་གསུམ་འབྱུང་ཡུལ།

ཚེ་སྲོག་སྣ་མང་མཉམ་དུ་འཚོ་བའི་མཛེས་སྡུག་གི་ཞིང་ཁམས།

རྔམ་བརྗིད་ལྡན་པའི་གངས་རི་དང་སྙན་ཞིང་འཇེབས་པའི་འབྲོག་གླུ དྭངས་ཤིང་གཙང་བའི་ཆུ་མོ་བཅས་ཀྱིས་གྲུབ་པའི་གནས་འདི་རུ་རི་སྐྱེས་སྲོག་ཆགས་གར་དུ་རྩེན་ཞིང་རྩི་ཤིང་སྣ་ཚོགས་སྔོ་ལྗང་ལྗང་དུ་སྐྱེས་འདུག སྔོ་ལྗང་གི་རྩྭ་ཐང་དུ་ལྗང་མྱུག་གིས་གར་སྟབས་ངོམ་ཞིང་། གཡའ་དག་པའི་མཁའ་མཐའ་རུ་སྙན་ངག་དང་གླུ་སྐད་ཀྱིས་ཁྱབ་ཡོད། གནས་འདི་ནི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་དགའ་ཚལ་ཡིན།

མཚོ་སྔོན་ནི་འཛམ་གླིང་གི་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་པའི་ས་ཁུལ་ཡིན་ཞིང་། སྐམ་སར་སྐྱེས་པའི་རྩི་ཤིང་དང་རི་སྐྱེས་སྲོག་ཆགས་རིགས665ཡོད།

ལོ་འདི་འགའི་རིང་ལ། མཚོ་སྔོན་གྱིས་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་བཞག་སྟེ། རི་སྐྱེས་སྲོག་ཆགས་གླིང་ག་དང་རྩི་ཤིང་གླིང་ག རི་སྐྱེས་སྲོག་ཆགས་སྨན་བཅོས་སྲོག་སྐྱོབ་རྒྱུད་སྤེལ་ལྟེ་གནས། སོན་རྒྱུའི་ཐོན་ཁུངས་མཛོད། རྒྱལ་དབང་ནགས་ར་བཅས་བཙུགས་པར་བརྟེན་ནས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་འཚོ་གནས་ཀྱི་སྲུང་སྐྱོབ་མ་ལག་གསར་འཛུགས་དང་། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ནགས་སྡོང་སོན་རྒྱུའི་ཐོན་ཁུངས་མཛོད་བཙུགས་པས་མཚོ་སྔོན་ཡུན་ཧྲན་གསོམ་ཤིང་དང་། མདོ་ལའི་ཟླུམ་ཤུག ཁབ་ལོ་གཡེར་སྡོང་། ལི་ཤི་སྨུག་པོ་སོགས་ས་གནས་ཀྱི་སྤུས་ལེགས་སྡོང་རིགས་སྐོར་ཞིག་འཚོལ་སྡུད་གསོག་འཇོག་བྱས་པ་དང་། སྲུང་སྐྱོབ་ཀྱི་དྲ་མིག་སྔར་ལས་ཚགས་དམ་པོ་བྱས་པས“སྲོག་ཆགས་ཀྱི་ཞིང་ཁམས”ཞེས་པའི་མཚན་སྙན་ཐོབ་ཡོད།

ནགས་ཚལ་དང་རྩྭ་ཐང་། བརླན་ས། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་། གནོད་ལྡན་སྐྱེ་དངོས་སྔོན་འགོག་ཚོད་འཛིན་སོགས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གཏན་འབེབས་བྱས་ཏེ། ཁྲིམས་འགལ་ཉོ་ཚོང་ལ་རྡུང་རྡེག་བྱེད་པའི་ཆེད་དོན་འགུལ་སྐྱོད་སྤེལ། གསའ་དང་གཙོད་སོགས་སྟོངས་ཉེན་ཆེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རྩ་ཆེན་ལ་སྲུང་སྐྱོབ་བྱེད་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་གསར་འཛུགས་བྱས། ཞིང་ཆེན་ཡོངས་ཀྱིས་སྐྱེ་དངོས་རྒྱུད་འཛིན་ཐོན་ཁུངས་འཚོལ་སྡུད་གསོག་འཇོག་གི་ཆུ་ཚད་མཐོར་འདེགས་བཏང་བ་དང་། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་གནོད་འཚེ་བཏང་བར་སྐྱིན་ཚབ་སྤྲོད་པ་དེ་ཐོག་དང་པོར་ཉེན་སེལ་སྒྲིག་སྲོལ་ནང་བཞག དངོས་སྒྲུབ་ཀྱི་བྱ་བ་རེ་རེ་རྒྱུན་ཆད་མེད་པར་དོན་འཁྱོལ་དང་། ཏན་ཏིག་གི་བྱེད་ཐབས་རེ་རེར་རྒྱུན་མཐུད་ནས་སྐུལ་འདེད་བཏང་བས། ཐོབ་དཀའ་བའི་གྲུབ་འབྲས་རེ་རེ་སྔ་རྗེས་སུ་བླངས། མཚོ་སྔོན་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་ནུས་པ་རྒྱུན་མཐུད་ནས་མཐོར་འདེགས་བཏང་སྟེ། ཚེ་སྲོག་སྣ་མང་མཉམ་དུ་འཚོ་བའི་སྐྱེ་ཁམས་ཀྱི་མཛེས་པའི་རི་མོ་བྲིས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号