མཚོ་སྔོན་ཞིང་ཆེན་གྱིས་གཞིས་ལུས་བྱིས་པར་གཅེས་སྐྱོང་བྱེད་པའི་ལོ་གསུམ་གྱི་འགུལ་སྐྱོད་སྤེལ་མགོ་ཚུགས།

ཟླ6པའི་ཚེས27ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་བྱིས་པའི་ཕན་བདེའི་ལས་དོན་ལོ་དཀྱིལ་གྱི་སྐུལ་འདེད་ཚོགས་འདུའི་བཀོད་སྒྲིག་ལྟར། རང་ཞིང་གིས་ཞིང་སྡེ་དང་འབྲོག་ཁུལ་གྱི་གཞིས་ལུས་བྱིས་པ་དང་། དཀའ་ངལ་ཡོད་པའི་བྱིས་པར་གཅེས་སྐྱོང་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བའི་ལོ་གསུམ་གྱི་འགུལ་སྐྱོད་སྤེལ་མགོ་བརྩམས་ནས། བྱིས་པ་ཚོར་གཟིགས་སྐྱོང་སྲིད་ཇུས་ལས་ཐོན་པའི་དྲོ་སྐྱིད་ཚོར་ཐུབ་པ་བྱ་རྒྱུ་རེད།

ཐེངས་འདིའི་བྱ་འགུལ་ལས་དཀའ་ངལ་ཡོད་པའི་བྱིས་པར་རིགས་དབྱེ་ནས་གནད་ལ་འཁེལ་བའི་འགན་ལེན་བྱ་རྒྱུར་དམིགས་ཏེ། ཞིབ་དཔྱད་གནད་ལ་འཁེལ་བ་དང་གནད་ལ་འཁེལ་བའི་ངོས་འཛིན། གནད་ལ་འཁེལ་བའི་འགན་སྲུང་ལས་དོན་སྤེལ་ནས་དྭ་ཕྲུག་དང་། དོན་དངོས་སྟེང་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པ། སྐོར་སྐྱོད་བྱིས་པ། གཞིས་སྲུང་བྱིས་པ་སོགས་དཀའ་ངལ་ཡོད་པའི་བྱིས་པའི་གྲངས་འབོར་དང་ལྟ་སྐྱོང་། རོགས་སྐྱོར་སོགས་གཞི་རྩའི་གནས་ཚུལ་གསལ་པོ་རྒྱུས་ལོན་བྱ་རྒྱུ་ཡིན་པ་དང་། བྱིས་པའི་ཕན་བདེའི་སྒྲིག་གཞིའི་ལས་སྒོའི་ཡིག་ཚགས་ཚད་ལྡན་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་དམིགས་ནས། སྒྲིག་གཞི་ཇེ་ལེགས་སུ་གཏོང་བ་དང་སྤུས་ཚད་ཇེ་ལེགས་སུ་གཏོང་བ། གསར་གཏོད་དང་རིགས་སྒྱུར་གྱི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་དང་། བྱིས་པའི་ཕན་བདེའི་སྒྲིག་གཞིའི“གནད་འཁེལ་ཅན་གྱི་དོ་དམ་ཞིབ་ཚགས་ཅན་གྱི་ཞབས་ཞུའི”སྤུས་ཚད་མཐོ་རུ་གཏོང་བའི་བྱ་འགུལ་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བ་བཅས་བྱིས་པའི་ཕན་བདེའི་སྒྲིག་གཞིའི་ལས་སྒོའི་ཡིག་ཚགས་ཚད་ལྡན་ཅན་དང་ཆ་འཕྲིན་ཅན་བཅས་ཀྱི་དོ་དམ་ལ་ཤུགས་བསྣན་རྒྱུ་རེད།

དུས་མཚུངས་སུ་བྱིས་པའི་ཕན་བདེའི་ལས་དོན་ཞབས་ཞུའི་དྲ་རྒྱ་འཐུས་ཚང་དུ་གཏོང་བར་དམིགས་ཏེ། སྐོར་སྐྱོད་བྱིས་པ་དང་གཞིས་སྲུང་བྱིས་པའི་ཁེ་དབང་འགན་ལེན་ལས་དོན་གྱི་ལམ་ལུགས་འཐུས་ཚང་དུ་བཏང་ནས།“སེམས་གསོ་བྱས་ནས་བྱིས་པ་འཚར་ལོངས་བྱུང་བ་དང་། མཉམ་གཅིག་ཏུ་བྱིས་པའི་འབྱུང་འགྱུར་སྲུང་སྐྱོང་བྱེད་པའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བར་གོ་སྐབས་སུ་བྱས་ཏེ། དཀའ་ངལ་ཡོད་པའི་བྱིས་པའི་སེམས་ཁམས་བདེ་ཐང་ལ་གཅེས་སྐྱོང་ཞབས་ཞུར་སྐུལ་འདེད་བཏང་ཞིང་། དཀའ་ངལ་ཡོད་པའི་བྱིས་པའི་དཀའ་ངལ་དངོས་སུ་ཐག་གཅོད་བྱེད་རོགས་བྱ་རྒྱུ་རེད། བྱིས་པའི་ཕན་བདེའི་སྒྲིག་གཞིའི་ཉེན་ཁ་སྔོན་འགོག་ལ་དམིགས་ཏེ་བྱིས་པའི་ཕན་བདེའི་ཁྱབ་ཁོངས་ཀྱི་བདེ་འཇགས་ཉེན་ཁ་ཞིབ་འཇུག་དང་བརྡར་ཤ་གཅོད་པརར་ཤུགས་བསྣན་པ་དང་། བྱིས་པའི་ཕན་བདེའི་སྒྲིག་གཞི་དང་འགན་སྲུང་མ་བྱས་པའི་སྒྲིག་གཞིའི་འཕྲལ་བསྟུན་སྔོན་ཇུས་དང་ནང་ཁུལ་དོ་དམ་ལམ་ལུགས་ཇེ་ལེགས་སུ་གཏོང་བ་དང་འཐུས་ཚང་དུ་བཏང་བ་བརྒྱུད། རྒྱུན་རྣམ་ཅན་གྱི་སྟེང་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་ལ་བརྟག་དཔྱད་བཅོས་སྐྱོང་དང་འཕྲལ་བསྟུན་ནང་སྦྱོང་བྱས་ཏེ་སྔ་མོ་ནས་ཤེས་རྟོགས་དང་། སྔ་མོ་ནས་དོགས་ཟོན་བྱེད་པ། སྔ་མོ་ནས་ཐག་གཅོད་བྱེད་པ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་ལས་ཁུངས་ནང་གི་བྱིས་པ་བདེ་ཐང་བདེ་འཇགས་ངང་འཚར་ལོངས་བྱུང་བར་འགན་སྲུང་བྱ་རྒྱུ་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号