མཚོ་སྔོན་པོ“སྨོན་ལམ་མཐོན་པོ་རྟགས་མ”ཡི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པའི་བསྐྱར་འགྲན་མཇུག་སྒྲིལ།

ཡངས་པའི་རྩྭ་ཐང་གི་མེ་ཏོག་སྣ་བརྒྱའི་ཁྲོད་ན་མངོན་པའི་འཕགས་པའི་དཀྱིལ་འཁོར་ཞིག་ཏུ། ཕྱོགས་བཞིའི་མགྲོན་པོ་ཚོགས་ཤིང་སྙན་ལྷང་ལྷང་གི་གླུ་སྐད་བར་མེད་དུ་གྲགས་འོངས་པ་ནི། སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་རེད། 

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་མཚོ་བྱང་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་དང་མཚོ་སྔོན་བོད་སྐད་རླུང་འཕྲིན་དང་ཨ་མདོ་བརྙན་འཕྲིན། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་བྱང་ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ། མཚོ་བྱང་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་མཚོ་བྱང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་བཅས་ཀྱིས་འགན་སྒྲུབ་བྱས་པའི་མཚོ་སྔོན་པོ“སྨོན་ལམ་མཐོན་པོ་རྟགས་མའི”ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པའི་བསྐྱར་འགྲན་རིམ་པ་སྤྱི་ཟླ6པའི་ཚེས30ནས7པའི་ཚེས1ཉིན་བར་མཚོ་བྱང་ཁུལ་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་ཀྲུང་གོའི་ནོར་གནག་བརྗོད་དོན་ཁང་དུ་བསྡུས་ཤིང་། ཕྱོགས་སོ་སོ་ནས་ཕེབས་པའི་གླུ་བ་གླུ་མ་རྣམས་ཀྱིས་བདེ་མོ་ངག་དང་སྙན་པའི་དབྱངས་ཀྱི་རྩལ་ནུས་ཡོད་རྒུ་བཏོན་ཏེ་ཉིན་གཉིས་ཀྱི་རིང་ཛ་དྲག་གི་འགྲན་སྡུར་བྱས་པ་བརྒྱུད་མཐར་འགྲན་ཞུགས་པ་སུམ་ཅུའི་ཁྲོད་གླུ་བ་གླུ་མ་བཅུ་གཉིས་རྟིང་རྩོད་འགྲན་སྡུར་དུ་ཚུད། ཁོ་ཚོ་ནི་གླུ་མ་ལྷ་ཐར་མཚོ་དང་ལྷ་སྐྱིད་རྒྱལ། ལྕགས་རིས་མཚོ། གནམ་མཚོ། གདུགས་དཀར་སྐྱིད། འབྲུག་མོ་ཡག་བཅས་དང་། གླུ་བ་བློ་གྲོས་དང་ཚེ་དཔལ་སྐྱབས། བསོད་ནམས་རྒྱལ། དོན་དབང་། ལྕགས་ཐར་འབུམ། ཕུར་བ་རྒྱལ་བཅས་རེད།

རྟིང་རྩོད་དུ་ཚུད་པའི་གླུ་བ་གླུ་མ་བཅུ་གཉིས།

ཕུལ་བྱུང་བྱ་དགའ་ཐོབ་པའི་གླུ་བ་གླུ་མ་དག

རྟིང་རྩོད་འགྲན་སྡུར་ནི་ཟླ7པའི་ཚེས2ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུའི་སྟེང་མཚོ་བྱང་ཁུལ་མདའ་བཞི་རྫོང་སྨོན་ལམ་མཐོན་པོ་སྒར་འདེབས་རྟེན་གཞི་རུ་བསྡུ་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号