འབྲི་ཆུ་སྲུང་སྐྱོང་ཆེན་མོ་དང་གྲོང་གསེབ་དར་སྤེལ་གཏོང་བའི་སྡེ་བ་བརྒྱའི་བཞུགས་མོལ་གྲོས་ཚོགས་སྐབས་གཉིས་པ་ན་གོར་མོ་གྲོང་ཁྱེར་དུ་བསྡུས།

ཟླ6པའི་ཚེས28ཉིན་ནས་ཚེས29ཉིན་བར་འབྲི་ཆུ་མཉམ་སྲུང་བྱས་ཏེ། གྲོང་གསེབ་དར་སྤེལ་གླེང་བ་ཞེས་པ་བརྗོད་དོན་ཡིན་པའི་འབྲི་ཆུ་སྲུང་སྐྱོང་ཆེན་མོ་དང་གྲོང་གསེབ་དར་སྤེལ་གཏོང་བའི་སྡེ་བ་བརྒྱའི་བཞུགས་མོལ་གྲོས་ཚོགས་སྐབས་གཉིས་པ་ན་གོར་མོ་གྲོང་ཁྱེར་དུ་བསྡུས། འབྲི་ཆུའི་འགྲམ་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་སོ་སོའི་སྐུ་མགྲོན་རྣམས་མཉམ་གཅིག་ཏུ་འཛོམས་ནས་འབྲི་ཆུའི་སྲུང་སྐྱོང་ཆེན་མོ་གླེང་བ་དང་། གྲོང་གསེབ་དར་སྤེལ་གཏོང་བའི་ཉམས་མྱོང་ལོངས་སྤྱོད། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྤུས་ལེགས་འཕེལ་རྒྱས་ལ་ཇུས་འགོད་བྱས།

བཞུགས་མོལ་གྲོས་ཚོགས་སྟེང་། ཆེད་མཁས་པས་གྲོང་གསེབ་དར་སྤེལ་དང་འབྲི་ཆུའི་སྐྱེ་ཁམས་སྲུང་སྐྱོང་ལ་དམིགས་ནས་ཆེད་དོན་གཏམ་བཤད་བྱས། ན་གོར་མོ་གྲོང་ཁྱེར་གྱི་གདང་ལ་གྲོང་རྡལ་འབྲི་ཆུའི་མགོ་ཁུངས་སྡེ་བ་དང་། ཅང་སུའུ་ཞིང་ཆེན་བུའུ་ཞི་གྲོང་ཁྱེར་གྱི་ཅང་ཡུན་གྲོང་ཁྱེར་གྱི་འབྲི་ཆུའི་སྡེ་བ། ཀྲེ་ཅང་ཞིང་ཆེན་ཧང་ཀྲིག་གྲོང་ཁྱེར་ཞའོ་ཧྲན་ཁུལ་གྱི་ཧང་མིན་སྡེ་བ། ཨན་ཧོས་ཞིང་ཆེན་ཁྲུའུ་ཀྲིག་གྲོང་ཁྱེར་ཧྥེང་དབྱང་རྫོང་ཞའོ་ཀང་སྡེ་བ་སོགས་ཀྱིས་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་རེས་བྱས་ཤིང་། འབྲི་ཆུའི་མགོ་ཁུངས་སྡེ་བ་དང་འབྲི་ཆུའི་སྡེ་བ། ཧང་མེན་སྡེ་བ་སོགས་སྡེ་བ5ཡིས་མཛའ་མཐུན་གན་རྒྱའི་མིང་རྟགས་བཀོད། དུས་མཚུངས་སུ་འབྲི་ཆུའི་འབབ་རྒྱུད་ཀྱི་སྡེ་བ19ཡི་འཐུས་མིས་འབྲི་ཆུའི་སྲུང་སྐྱོང་གྲོས་མཐུན་ལ་མིང་རྟགས་བཀོད་པ་མ་ཟད། འབྲི་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར11གི་འཐུས་མིས་གཙང་བོ་གཅིག་གི་ཆུ་འཐུང་བར་མཉམ་འདྲེས་བྱེད་པར་སྐུལ་འདེད་གཏོང་བའི་མཛད་སྒོ་བསྡུས།

ཐེངས་འདིའི་བཞུགས་མོལ་གྲོས་ཚོགས་སྟེང་འབྲི་ཆུའི་འབབ་རྒྱུད་ཀྱི་སྡེ་བར་སྤེལ་རེས་དང་མཉམ་ལས་བྱེད་པའི་ལས་སྟེགས་རྒྱ་ཆེན་པོ་ཞིག་བཙུགས་ཏེ། ཕྱོགས་སོ་སོའི་ཐོན་ཁུངས་སྡེབ་སྒྲིག་དང་མཉམ་སྤྱོད་བྱེད་པར་སྐུལ་འདེད་ནུས་ལྡན་བཏང་ཞིང་། འབྲི་ཆུའི་སྲུང་སྐྱོང་དང་གྲོང་གསེབ་དར་སྤེལ་ལས་དོན་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་བྱས་ཏེ། མཛེས་སྡུག་ལྡན་པའི་འབྲི་ཆུ་འཛུགས་སྐྲུན་དང་གྲོང་གསེབ་དར་སྤེལ་ལ་སྒུལ་ཤུགས་གསར་བ་སྣོན་ངེས་ཡིན།

གྲོས་ཚོགས་ཀྱི་སྐབས་སུ། ཚོགས་ཞུགས་མི་སྣས་འབྲི་ཆུའི་མགོ་ཁུངས་སྡེ་བའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ལྟ་སྦྱོང་བྱས་ཤིང་། འབྲི་ཆུའི་མགོ་ཁུངས་སྡེ་བའི་ལོ་རྒྱུས་ཁང་དང་མི་རིགས་སློབ་གྲྭ། ཚྭ་མཚེའུ་དངོས་མང་བཤམས་སྟོན་ཁང་། དམག་དཔོན་ཐོག་ཁང་སོགས་ལ་ལྟ་སྐོར་བྱས།

ཉེ་བའི་ལོ་འགའི་རིང་ལ། ན་གོར་མོ་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། འབྲི་ཆུའི་ཉ་བཀག་ལས་དོན་ཏན་ཏིག་ངང་བསྒྲུབ་པ་དང་། ཕྱོགས་ཡོངས་ནས་ནགས་རྩྭའི་དཔོན་ལམ་ལུགས་དང་མཚེའུ་དཔོན་ལམ་ལུགས་ཁྱབ་གདལ་དུ་བཏང་ཞིང་། སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་ཉམས་གསོ་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་ཕྱུགས་བཀག་རྩྭ་ཕྱུགས་དོ་མཉམ་ལས་འགན་གྱི་ས་མུའུ་བྱེ་བ་ལྔ་ས་ཡ་དྲུག་ཁྲི་བཞི་སུམ་བརྒྱ་ལག་བསྟར་དོན་འཁྱོལ་བྱས་པ་དང་། ས་མུའུ་བྱེ་བ་གཉིས་ས་ཡ་བདུན་འབུམ་བརྒྱད་ཁྲི་གཅིག་ལ་ཕྱུགས་འཚོ་བར་བཀག་འགོག་བྱས། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་ཚུན་ལ། བྱེ་འགོག་བྱེ་བཅོས་ཀྱི་ལས་འགན་ས་མུའུ་འབུམ་དྲུག་ཁྲི་ལྔ་སྟོང་བཞི་དགུ་བརྒྱ་ལེགས་གྲུབ་བྱུང་བ་དང་། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་རྒྱུན་མཐུད་ངང་སྲ་བརྟན་དང་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཟམ་མི་ཆད་པར་ཇེ་ལེགས་སུ་ཕྱིན་ཡོད་པས། གྲོང་གསེབ་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་དང་སྡེ་བའི་ཐོན་ལས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་སོང་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号