ས་གནས་སོ་སོས་བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་དངོས་འབེབས་ནན་ཏན་བྱས།


ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་དེ་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་སྤེལ་བའི་ཚུན་ལ། ས་གནས་སོ་སོས་བདེན་འཛིན་དངོས་སྒྲུབ་དང་དངོས་ཕན་དོན་གཉེར་བྱས་ནས། བརྗོད་དོན་སློབ་གསོ་དངོས་འབེབས་ཡོང་བའི་ཐད་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་།

ཧའེ་ནན་གྱིས་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཞིབ་བཤེར་དག་ཐེར་སོགས་ཀྱི་གཙོ་གནད་བྱེད་ཐབས་ཟུང་འབྲེལ་དམ་ཟབ་བྱས་ནས། བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པར་སྐུལ་འདེད་ཏན་ཏིག་བཏང་ཡོད། ཧའེ་ཁོའུ་གྲོང་ཁྱེར་གྱིས་གཞི་ཁྱོན་ཡན་གྱི་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་བརྟག་དཔྱད་ཞིབ་འཇུག་དང་ཞབས་ཞུའི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་གཞི་འཛིན་སར་བརྩིས་ཏེ། མགོ་ཁྲིད་ལས་བྱེད་པས་གྲུབ་པའི་འགན་གཙང་ལེན་ཞབས་ཞུ་རུ་ཁག་གིས་གྲོང་ཁྱེར་ཡོངས་ཀྱི་ཁེ་ལས་བཞི་བརྒྱ་ལྷག་ཙམ་ལ་དངོས་བཅར་ཞབས་ཞུ་བྱས་ནས། ཁེ་ལས་ཀྱིས་བཏོན་པའི་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་དང་འཇོན་མི་ནང་འདྲེན་དང་གཞིས་ཆགས་སོགས་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྱི་རེ་ཞུ་ཁྱོན་བསྡོམས་བདུན་བརྒྱ་བདུན་ཅུ་ལྷག་འཚོལ་བསྡུ་བྱས་པ་དང་། མིག་སྔར་རེ་ཞུ་སུམ་བརྒྱ་སུམ་ཅུ་ལྷག་དངོས་སུ་ཐག་གཅོད་བྱས་ཟིན་པ་དང་། དེའི་འཕྲོར་ལྷག་པའི་རེ་ཞུ་ཚང་མ་ཐག་གཅོད་གང་མགྱོགས་བྱེད་བཞིན་ཡོད།
ཧི་ནན་གྱིས་བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་དངོས་སུ་སྤེལ་བའི་ཁྲོད་དུ། དཔེ་ཀློག་འཛིན་གྲྭ་དང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་། ཆེད་དོན་ཏང་གི་སློབ་ཚན་སོགས་བསྒྲུབས་པ་བརྒྱུད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་གཏིང་ཟབ་བྱས། ལའོ་ཧི་ལིན་དབྱིན་རྫོང་གི་མཁར་གསར་ཁྲོམ་གཞུང་ཁོངས་གཏོགས་སུ་མི་འབུམ་གཅིག་དང་ཁྲི་ལྔ་སྟོང་གཉིས་ལྷག་ཡོད་ཅིང་། གནས་དེར་མིའི་འདུས་ཚད་ཆེ་བ་དང་ཁུལ་ཆུང་རྙིང་པ་མི་ཉུང་བ་ཞིག་ཀྱང་ཡོད།  སྡེ་ཁུལ་དུ་གཅིག་སྡུད་སྒོས་ཐག་གཅོད་བྱེད་དགོས་པའི་གནད་དོན་གསེད་དཀྲོལ་བྱས་ནས། སྡེ་ཁུལ་གྱི་མཁྲེགས་ཆས་སྒྲིག་ཆས་ཇེ་ལེགས་སུ་བཏང་བའི་དུས་མཚུངས་སུ། ཏང་ཡོན་ཞབས་ཞུ་རུ་ཁག་བཙུགས་ཏེ། སྡེ་ཁུལ་གྱི་གྲོང་མིར་ལོ་ལོན་ཟ་ཁང་གཉེར་ནས། ཁྱིམ་སྤྱོད་གློག་ཆས་ཞིག་བཟོ་དང་སློབ་མ་སྐྱེལ་བསུ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་ཀྱིན་ཡོད།

བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་དངོས་སུ་སྤེལ་བའི་ཚུན་ལ། ནང་སོག་གི་ས་གནས་སོ་སོས། “ཐོས་བསམ་སྦྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར”རྒྱུན་འཁྱོངས་བྱས་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་གྲོང་གསེབ་དང་སྡེ་ཁུལ་སོགས་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་དངོས་སུ་བསྐྱོད་དེ། གནད་དོན་ཞིབ་བཤེར་དང་དེར་བསྟུན་གྱི་ཐག་གཅོད་ཐབས་ཇུས་བཙལ་ནས། མང་ཚོགས་ཀྱི་དགོས་མཁོར་ཨ་ལན་ཡང་དག་བཏབ་ཡོད། ཨེར་ཀུའུ་ན་གྲོང་ཁྱེར་དུ། ས་གནས་དེ་གའི་མང་ཚོགས་ལ་བསམ་འཆར་ཅུང་མང་བའི་ལམ་ངོས་སུ་གཏོར་སྐྱོན་ཕོག་པ་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་གནད་དོན་ལ་དམ་པོར་དམིགས་ཏེ། གནད་དོན་རེ་རེ་བཞིན་ཐག་བཅད་ནས། དམངས་ལ་དོན་དངོས་བསྒྲུབས་པ་དང་དམངས་ཀྱི་སེམས་ཁྲལ་སེལ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号