ནེ་པ་ལར་དྲག་ཆར་གནོད་འཚེའི་ཁྲོད་མི27རྐྱེན་ལམ་དུ་ཤོར་འདུག

ནེ་པ་ལའི་གནོད་འཚེ་དོ་དམ་སྡེ་ཚན་གྱིས་ས་གནས་དེ་གའི་དུས་ཚོད་ཟླ6པའི་ཚེས26ཉིན། འདས་ཟིན་པའི་གཟའ་འཁོར་གཉིས་ནང་ནེ་པ་ལའི་མི27དྲག་ཆར་བབས་པ་ལས་ཐོན་པའི་གནོད་འཚེའི་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་ཅེས་བརྗོད་འདུག

ནེ་པ་ལའི་རྒྱལ་ཁབ་གནོད་འཚེ་ཉུང་གཏོང་འཕྲལ་སྒྲུབ་དོ་དམ་ཅུས་ཀྱི་མགྲིན་ཚབ་པ་པ་ཐེ་ལ་དབྱི་ཡིས། ཚེས26ཉིན་ནེ་པ་ལའི་ཤར་རྒྱུད་དང་དབུས་རྒྱུད་ཀྱི་རྫོང་བཞི་ཡི་མི9ཆུ་ལོག་དང་རི་ཉིལ་བའི་གནོད་འཚེའི་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། མི10ལ་རྨས་སྐྱོན་ཕོག་པ། མི2གར་སོང་ཆ་མེད་དུ་གྱུར་ཞིང་། ཤར་རྒྱུད་དང་ནུབ་རྒྱུད་རྫོང་གཉིས་ཀྱི་མི5ལ་ཐོག་ཕོག་ནས་རྐྱེན་ལམ་དུ་ཤོར་ཡོད་ཅེས་དང་། པ་ཐེ་ལ་དབྱི་ཡིས། ནེ་པ་ལར་གཟའ་འཁོར་གཉིས་ཀྱི་གོང་ཆར་དུས་སུ་སླེབས་པ་ནས་བཟུང་། དྲག་ཆར་བབས་པའི་གནོད་འཚེའི་ཁྲོད་མི27རྐྱེན་ལམ་དུ་ཤོར་ཡོད་ཅེས་བརྗོད་ཡོད།

ནེ་པ་ལ་ནི་སྐམ་སའི་དབུས་ཁུལ་གྱི་རི་ཁུལ་རྒྱལ་ཁབ་ཅིག་ཡིན་པས། ཆར་དུས་སུ་ཆུ་ལོག་དང་རི་ཉིལ་བ། འདམ་རྡོའི་ཆུ་རུད་སོགས་ཀྱི་གནོད་འཚེ་ཐོན་སླ་པོ་ཡོད། རྒྱལ་ཁབ་དེའི་ཆར་དུས་ནི་རྒྱུན་པར་ཟླ9པའི་ཟླ་མཇུག་གམ་ཟླ10པའི་ཟླ་སྟོད་དུ་མཇུག་རྫོགས་ཀྱི་ཡོད། ནེ་པ་ལའི་རྒྱལ་ཁབ་གནོད་འཚེ་ཉུང་གཏོང་འཕྲལ་སྒྲུབ་དོ་དམ་ཅུས་ཀྱིས་དེའི་གོང་སྔོན་དཔག་བྱས་པར་གཞིགས་ན། ད་ལོའི་ཆར་དུས་སུ་ཕལ་ཆེར་རྒྱལ་ཁབ་དེའི་མི་ཁྲི180ལྷག་ཙམ་ལ་གནོད་འཚེ་ཕོག་རྒྱུ་ཡིན་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号