སྐབས78པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཀྲུང་གོས་བཏོན་པའི་མི་ཐབས་རིག་ནུས་ནུས་པ་འཛུགས་སྐྱོང་གི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་གྲོས་ཆོད་ལ་གྲོས་མོལ་བྱས་ཏེ་གྲོས་འཆམ་བྱུང་བ།

སྐབས78པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཟླ7པའི་ཚེས1ཉིན་ཀྲུང་གོས་བཏོན་པའི་མི་ཐབས་རིག་ནུས་ནུས་པ་འཛུགས་སྐྱོང་གི་རྒྱལ་སྤྱིའི་མཉམ་ལས་ལ་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་གྲོས་ཆོད་ལ་གྲོས་མོལ་བྱས་ཏེ་མགྲིན་གཅིག་ཏུ་གྲོས་འཆམ་བྱུང་བ་དང་། རྒྱལ་ཁབ140ལྷག་གིས་གྲོས་ཆོད་ལ་མིང་རྟགས་བཀོད།

གྲོས་ཆོད་ནང་མི་ཐབས་རིག་ནུས་གོང་འཕེལ་གཏོང་བར་མི་གཙོ་བོར་འཛིན་པ་དང་། རིག་ནུས་དགེ་ཕྱོགས། མིའི་རིགས་ལ་ཕན་བདེ་སྐྲུན་པ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་པ་དང་། རྒྱལ་སྤྱིའི་མཉམ་ལས་དང་དོན་དངོས་བྱ་སྤྱོད་ལ་བརྟེན་ནས་རྒྱལ་ཁབ་ཁག་དང་ལྷག་པར་དུ་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ལ་མི་ཐབས་རིག་ནུས་ཀྱི་ནུས་པ་འཛུགས་སྐྱོང་ལ་རོགས་རམ་བྱ་རྒྱུར་སྐུལ་མ་གཏོང་དགོས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་ཀྱི་འཐུས་ཚབ་རང་བཞིན་དང་གཏམ་བཤད་དབང་ཆ་ཤུགས་ཆེར་གཏོང་བ། སྒོ་འབྱེད་དང་འདྲ་མཉམ། མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་དར་སྤེལ་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་མཉམ་ལས་ཁྲོད་གལ་ཆེའི་ནུས་པ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། མི་ཐབས་རིག་ནུས་ཁོང་ཡངས་ཀུན་ཕན་དང་རྒྱུན་མཐུད་གོང་འཕེལ་མངོན་འགྱུར་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་གོང་འཕེལ་གྲོས་རིམ་མངོན་འགྱུར་ཐུབ་རྒྱུར་རོམས་རམ་བྱེད་དགོས་པ་བཅས་ནན་སྟོན་བྱས་ཡོད།  

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号