ཨ་རིའི་འཇིག་རྟེན་འཕུར་སྐྱོད་པ2བར་སྣང་ས་ཚིགས་སུ་ལུས་པ།

ས་གནས་དེ་གའི་དུས་ཚོད་ཟླ6ཚེས28ཉིན། ཨ་རིའི་རྒྱལ་ཁབ་མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱིས་བཟོ་སྐྲུན་ཆེ་མོའི་ཚོགས་པས་འདེད་སྐུལ་འཕྲུལ་ཆས་ལག་རྩལ་གྱི་ས་ངོས་ཚོད་ལྟ་རབ་དང་རིམ་པ་མ་བྱས་གོང་། ཨ་རིའི་པོ་དབྱིན་ཀུང་སིའི“སྐར་མཚམས་འགྲུལ་སྐྱེལ་གནམ་གྲུའི་”འཕུར་གྲུ་ཕྱིར་ལོག་དུས་ཚོད་མུ་མཐུད་ནར་འགྱངས་བྱ་རྒྱུ་དང་། མིག་སྔར་ཕྱིར་ལོག་དུས་ཚོད་གཏན་འཁེལ་བྱེད་ཐུབ་ཀྱི་མེད་ཅེས་བཤད་པ་རེད།

པོ་དབྱིན་ཀུང་སི་དང་ཨ་རིའི་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱི་ཚོང་ལས་མི་སྡོད་འཆར་གཞིའི་ལས་གཞི་ཚོགས་ཆུང་གིས་ཐུན་མོང་ཐོག་གསར་སྤེལ་བྱས་པའི“སྐར་མཚམས་འགྲུལ་སྐྱེལ་གནམ་གྲུ”དེ་མི་སྡོད་ཚོད་ལྟའི་འཕུར་སྐྱོད་ཐེངས་དང་པོ་བྱས་ནས། ཨ་རིའི་འཇིག་རྟེན་འཕུར་སྐྱོད་པ2མཉམ་དུ་ཟླ6པའི་ཚེས6ཉིན་རྒྱལ་སྤྱིའི་བར་སྣང་ས་ཚིགས་སུ་འཕུར་སྐྱོད་བྱས་པ་རེད། ཟླ6པའི་ཚེས14ཉིན། རྒྱལ་སྤྱིའི་བར་སྣང་ས་ཚིགས་དང་ཁ་བྲལ་ནས་སའི་གོ་ལར་ཕྱིར་ལོག་བྱ་རྒྱུའི་གཏན་འཁེལ་བྱས་ཡོད་མོད། འོན་ཀྱང་། ཚོད་ལྟའི་འཕུར་སྐྱོད་བྱེད་རིང་། སྐུལ་འདེད་འཕྲུལ་ཆས་ལ་སྐྱོན་ཤོར་བ་དང་ཧའེ་རླངས་ཕྱིར་ཤོར་བ་སོགས་ཀྱི་གནད་དོན་ཐོན་པར་བརྟེན་ཕྱིར་ལོག་དུས་ཚོད་ཡང་ཡང་ནར་འགྱངས་བྱས་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号