ཧ་སག་སི་ཐན་དང་ཐ་ཅི་ཁི་སི་ཐན་གྱི་ལས་རིགས་ཁག་གི་མི་སྣ་སོ་སོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཚམས་འདྲི་གནང་རྒྱུར་རེ་སྒུག་བྱེད་བཞིན་ཡོད་པ།

ཧ་སག་སི་ཐན་དང་ཐ་ཅི་ཁི་སི་ཐན་གྱི་ལས་རིགས་ཁག་གི་མི་སྣ་སོ་སོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཚམས་འདྲི་གནང་བར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ་བཞིན་ཡོད་པ་དང་། ད་ཐེངས་ཀྱི་འཚམས་འདྲི་བརྒྱུད་ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྒུལ་ཤུགས་གསར་པ་སྣོན་ཐུབ་པ་དང་། ས་ཁུལ་གོང་འཕེལ་གྱི་བརྗིད་ཆེའི་འཆར་འགོད་མཉམ་དུ་འགོད་ཐུབ་པའི་རེ་སྒུག་བྱེད་ཀྱིན་ཡོད།

ཀྲུང་གོར་བཅར་སྡོད་ཧ་སག་སི་ཐན་གྱི་གཞུང་ཚབ་ཆེན་མོ་ནུ་ལེ་ཧྲེ་ཧྥུ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་འཚམས་འདྲི་གནང་བ་དེས་ཧ་སག་སི་ཐན་དང་ཀྲུང་གོའི་འབྲེལ་བའི་གོང་འཕེལ་དང་ས་ཁུལ་གྱི་བརྟན་ལྷིང་དང་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཆེའི་སྒུལ་ནུས་སྣོན་ཐུབ་ངེས། ཧ་སག་ཁེ་སི་ཐན་དང་ཀྲུང་གོའི་བར་ཡུན་རིང་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཡོད་པ་དེའི་ཐོག་ནས། ང་ཚོ་རྒྱལ་ཁབ་གཉིས་པོའི་བར་ཕན་ཚུན་ཚད་མཐོའི་ཡིད་ཆེས་ཡོད་པ་མཚོན་ལ། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་དབུ་ཚོགས་ནང་ཞུགས་པ་མ་ཟད། ཧ་སག་ཁེ་སི་ཐན་ལ་འཚམས་འདྲི་གནང་རྒྱུ་ཡིན་པ་དང་། འདི་ནི་ཁོང་གིས་ཧ་སག་སི་ཐན་ལ་འཚམས་འདྲི་གནང་ཐེངས་ལྔ་པར་འགྱུར་རྒྱུ་རེད། ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁ་ཡེ་ཧྥུས་ན་ནིང་ཟླ5པ་ནས་ད་ལོའི་ཟླ3པའི་བར་ཀྲུང་གོར་འཚམས་འདྲི་ཐེངས་གསུམ་གནང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་བར་མཛའ་གྲོགས་དང་འབྲེལ་བ་ཡག་པོ་ཡོད་པ་དེས་ཀྱང་། ཕྱོགས་གཉིས་པོའི་འབྲེལ་བའི་གོང་འཕེལ་ཆེད་སྟོབས་ཆེའི་སྒུལ་ཤུགས་བསྣན་ཡོད་ཅེས་བཤད།

ཧ་སག་སི་ཐན་ཐ་ལ་ཕུ་བཀོལ་སྤྱོད་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཨའོ་ཧྲ་ཁེ་པ་ཡེ་ཧྥུ་ཡིས། ཧ་སག་སི་ཐན་དང་ཀྲུང་གོའི་ཕྱོགས་གཉིས་འབྲེལ་བའི་རྨང་གཞི་བརྟན་པོ་ཡོད་ལ། ང་ཚོ་རྒྱལ་ཁབ་གཉིས་པོའི་གཙོ་བདག་བར་ལ་ཡང་མཛའ་བཤེས་ཟབ་མོ་ཡོད་པས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་གཏོང་བར་ནུས་པ་ཐོན་ཡོད། ང་ཚོས་ལོ་ལྟར་ཀྲུང་གོར་དགའ་ཞེན་སྟོན་གྲངས་ཁྱབ་བསྒྲགས་བྱེད་ཀྱི་ཡོད། རྟག་དཔྱད་བྱས་པ་བརྒྱུད། ཧ་སག་སི་ཐན་གྱི་མང་ཚོགས་ཚོས་ཀྲུང་གོར་དགའ་ཞེན་བྱེད་ཚད་ལོ་ལྟར་མཐོ་རུ་འགྲོ་བཞིན་ཡོད་ཅེས་བཤད་ཡོད།

ཐ་ཅི་ཁི་སི་ཐན་སྲིད་གཞུང་གི་ན་གཞོན་དང་ལུས་རྩལ་ལས་དོན་ཨུ་ཡོན་ལྷན་ཁང་རྒྱལ་སྤྱིའི་འབྲེལ་བ་ཁྲུའི་འགན་འཁུར་བ་ཨ་ཡོ་པུ་ཙོ་ཏ་ཡིས། ཐ་ཅི་ཁི་སི་ཐན་གྱི་ན་གཞོན་ཚོས་ཀྲུང་གོའི་མགོ་ཁྲིད་འཚམས་འདྲིར་ཕེབས་པར་རེ་སྒུག་ཆེན་པོ་བྱེད་ཀྱིན་ཡོད་ལ། ང་ཚོས་ཀྱང་གྲ་སྒྲིག་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད། ང་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཚམས་འདྲི་གནང་རིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ན་གཞོན་བར་གྱི་སྤེལ་རེས་དང་མཉམ་ལས་སྐོར་གྱི་གནད་དོན་ལ་གྲོས་མོལ་གནང་རྒྱུའི་རེ་བ་འཆང་བཞིན་ཡོད་ཅེས་བཤད།

ཐ་ཅི་ཁི་སི་ཐན་གྱི་ན་གཞོན་ཧའེ་ཡོ་མུ་ཡིས། ཀྲུང་གོ་ནི་ང་ཚོའི་ཁྱིམ་མཚེས་ཡག་པོ་ཞིག་རེད། ལོ་མང་རིང་ཐ་ཅི་ཁི་སི་ཐན་དང་མཛའ་གྲོགས་མཉམ་ལས་རྒྱུན་འཁྱོངས་ཐུབ་ཡོད། ཐ་ཅི་ཁི་སི་ཐན་གྱི་མི་དམངས་སེམས་རྩ་འཁོལ་པོ་ཡོད་པས། ང་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ང་ཚོའི་མཛེས་སྡུག་ལྡན་པའི་ཐ་ཅི་ཁི་སི་ཐན་ལ་འཚམས་འདྲི་གནང་བར་ཕེབས་རྒྱུར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ་བཞིན་ཡིན་ཞེས་བཤད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号