ཉུང་མཐར་ཡང་མི232རྐྱེན་ལམ་དུ་ཤོར་བ་རེད།  

ཟླ10པའི་ཚེས6ཉིན། ཨ་རིའི་ཕོ་བྲང་དཀར་པོས་ཁྱབ་བསྒྲགས་བྱས་པའི་གསལ་བསྒྲགས་ལ་གཞིགས་ན། ཨ་རིའི་ཙུང་ཐུང་པའེ་ཏེང་གིས་ཉིན་དེར་དངོས་ཞབས་དམག་མི500མངགས་གཏོང་བྱས་ནས། པེ་ཁ་ལུའོ་ལའེ་ནཱ་མངའ་སྡེ་ཡི་ནུབ་རྒྱུད་དུ་རྒྱ་མཚོའི་རླུང་འཚུབ་“ཧའེ་ལུན་ཉིའི་”གེགས་རྗེས་རོགས་སྐྱོབ་ལས་དོན་ནང་ཞུགས་དགོས་པའི་བཀའ་བཏང་པ་རེད།

གསལ་བསྒྲགས་ལ་གཞིགས་ན། ཉེ་ལམ་དམག་མི་ཁྱོན1500ཡུལ་དངོས་སུ་རོགས་སྐྱོབ་བྱེད་པའི་ལས་དོན་ནང་ཞུགས་བཞིན་ཡོད་པ་དང་། གཞན་ཡང་། རྒྱལ་དམངས་ཉེན་སྲུང་རུ་ཁག་གི་རུ་མི6100ལྷག་ཙམ་དང་རྒྱལ་ཕྲན་མཉམ་འབྲེལ་གྱི་མི་སྣ7000ལྷག་ཙམ་གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་ནང་ཞུགས་ཡོད་པ་རེད། ས་གནས་དེ་གའི་དུས་ཚོད་ཟླ10པའི་ཚེས5ཉིན་བར། རྒྱ་མཚོའི་རླུང་འཚུབ་“ཧའེ་ལུན་ཉི་”ཨ་རིའི་ཤར་ལྷོའི་རྒྱུད་དུ་འབྱོར་བ་ནས་བཟུང་། རྐྱེན་ལམ་དུ་ཤོར་བའི་མི་གྲངས་ཉུང་མཐརཡང་232ཟིན་པ་དང་གཞན་ཡང་མི་བརྒྱ་གྲངས་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号