སྤྲིན་གྱི་རྒྱ་མཚོ། སྐྱེས་མཆོག་སྨོན་ལམ་མཐོན་པོའི་རང་བྱུང་མཛེས་པ།

ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདའ་བཞི་རྫོང་གི་སྨོན་ལམ་མཐོན་པོ་རུ་སྨུག་སྤྲིན་གྱི་བང་རིམ་བཏོད་པའི་སྤྲིན་གྱི་རྒྱ་མཚོའི་ལྗོངས་རྣམ་ཞིག་མངོན་ལ། ཉི་ཤར་དང་ཆབས་ཅིག་རི་རྩེའི་སྨུག་སྤྲིན་དལ་བུར་མཚོ་སྔོན་པོའི་ཕྱོགས་སུ་རྒྱུ་ཞིང་། རྔམས་མཐུག་པའི་སྤྲིན་གྱི་རྒྱ་མཚོས་རི་ཆེན་གྱི་དཔུང་བ་གཡོགས་ནས་ས་སྒང་འདི་རུ་ལྟ་བས་ཆོག་མི་ཤེས་པའི་དར་དཀར་ཡུག་གཅིག་གི་རི་མོ་བབས་བྱུང་། འཕེལ་འགྲིབ་ཆེ་བའི་སྤྲིན་གྱི་རྒྱ་མཚོ་དང་རི་རྒྱུད་ནི་རྒྱ་མཚོ་དབུས་ཀྱི་གླིང་ཕྲན་དང་འདྲ་ཞིང་། སྐད་ཅིག་གི་འགྱུར་ལྡོག་དེའི་ཁྲོད་ཁྱོད་ཉིད་མི་ཡུལ་གྱི་དག་ཞིང་དུ་སླེབས་པར་སྣང་།

སྨོན་ལམ་མཐོན་པོའི་ལྗོངས་གཟིགས་སྟེགས་བུའི་སྟེང་མར་བལྟས་ཚེ། མཚོ་སྔོན་པོའི་ཡུལ་ལྗོངས་ནི་མིག་འོག་ཏུ་ལངས་ཤིང་རླབས་ཕྲེང་དགུང་དུ་འཕྱོ་བའི་མཚོ་སྔོན་པོ་དང་། བརྗིད་ཆགས་བྱིན་གྱིས་རླབས་པའི་སྨོན་ལམ་མཐོན་པོ་ཕན་ཚུན་དམ་དུ་འཁྱིད་ཅིང་། སྤྲིན་པ་རྒྱ་མཚོ་རུ་སྣང་ལ་རྒྱ་མཚོ་སྤྲིན་པར་འཕྲོས། ལན་རེར་སྤྲིན་གྱི་རྦ་རླབས་ལང་ལོང་དུ་འཕྱུར་ཞིང་དྲག་ཏུ་འཕྱུར། སྐབས་རེར་རླུང་འཇམ་རླབས་འཇགས་དང་མུ་མེད་མཐའ་ཡས་བཅས་ཡིན་པས་ཞིང་ཆེན་ཕྱི་ནང་གི་རྒྱ་ཆེའི་དྲ་གྲོགས་རྣམས་གཅིག་རྗེས་གཉིས་མཐུད་ངང་གནས་འདི་རུ་ཡུལ་སྐོར་ལ་ཡོང་བཞིན་ཡོད།

སྨོན་ལམ་མཐོན་པོའི་མཚོ་འཕགས་ལ་སྨི4024ཡོད་ཅིང་། ནུབ་ངོས་སུ་མཚོ་འཕགས་ལ་སྨི3190ཡོད་པའི་མཚོ་སྔོན་པོ་དང་། ཤར་ངོས་སུ་མཚོ་འཕགས་ལ་སྨི3100ཡོད་པའི་ནུབ་མཚོ་གྲོང་རྡལ་ཡོད། སྨོན་ལམ་མཐོན་པོ་དང་མཚོ་འཕགས་ཀྱི་ཧེ་བག་ཅུང་ཆེན་པོ་ཡོད་ལ་ཉེ་པས་ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཅུང་ཆེ་བའི་རྐྱེན་གྱིས། རྟག་ཏུ་སྤྲིན་གྱི་རྒྱ་མཚོ་འབྱུང་པའི་ངོ་མཚར་གྱི་མཛེས་ལྗོངས་མཐོང་སྲིད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号