རྒྱལ་སྟོན་གུང་གསེང་སྐབས། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་ཚན་རིག་ཁྱབ་གདལ་ཁང་གིས་ཡུལ་སྐོར་བ་མང་པོ་བསུས།

ཟླ10པའི་ཚེས7ཉིན། གསར་འགོད་པས་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་ནས་རྒྱུས་ལོན་བྱུང་བར་གཞིགས་ན། ད་ལོའི་རྒྱལ་སྟོན་གུང་གསེང་སྐབས་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་ཚན་རིག་ཁྱབ་གདལ་ཁང་གིས་ཡུལ་སྐོར་བ་མང་པའི་དུས་ཆེན་བསུས་ཤིང་། རིམ་རྩིས་བྱས་ན་ཡུལ་སྐོར་བར་སྣེ་ལེན་བྱེད་ཚད་མི་ཐེངས10000ལས་བརྒལ་བ་དང་། ཉིན་གཅིག་ལ་ཡུལ་སྐོར་བ་མང་ཤོས་མི་ཐེངས2000ཟིན་འདུག 2023ལོར་སྐྱེ་ཁམས་ཚན་རྩལ་ཁྱབ་གདལ་ཁང་སྒོ་ཕྱེ་བ་ནས་བཟུང་མིའི་ཐབས་ལ་བརྟེན་ཏེ་འགྲེལ་བཤད་ཐེངས2000ལྷག་ཙམ་བྱས་ཤིང་། རང་བྱུང་སློབ་གསོ་དང་ཚན་རྩལ་ཁྱབ་གདལ་བྱེད་སྒོ་སོགས་ཐེངས1000ལྷག་ཙམ་ལ་སྤེལ། རིག་གནས་གསར་རྩོམ་ཐོན་རྫས50ལྷག་ཙམ་བཏོན་ནས་ལྟད་མོ་བ་མི་ཐེངས་ཁྲི8ལྷག་ཙམ་བསུས་ལ། སྐྱེ་ཁམས་ཚན་རིག་ཁྱབ་གདལ་ཁང་འདི་ཉིད་མཚོ་སྔོན་གྱི་སྐྱེ་ཁམས་སྤྲོ་གསེང་ཉམས་ལེན་དང་སྐྱེ་ཁམས་དཔལ་ཡོན་གྱི་བཙན་སའི་སྣང་བརྙན་མངོན་པ། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་བརྒྱུད་སྤེལ་བྱ་ཡུལ་ཞིག་ཏུ་གྱུར་ནས་ཀུན་གྱིས་དོ་སྣང་བྱེད་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཡོད།

མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཚན་རྩལ་ཁྱབ་གདལ་ཁང་ནི་རང་རྒྱལ་ནུབ་རྒྱུད་ཀྱི་སྐྱེ་ཁམས་མ་ལག་གི་སྒོ་དབྱེའི་རྣམ་པའི་གཞི་ཁྱོན་ཆེ་ཤོས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ཚན་རྩལ་ཁྱབ་གདལ་ཁང་ཞིག་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྤྱི་གླིང་བརྗོད་དོན་ཡིན་པའི་རང་བྱུང་རིགས་ཀྱི་སྐྱེ་ཁམས་ཚན་རིག་ཁྱབ་གདལ་ཁང་ཐོག་མ་དེ་ཡིན། སྐྱེ་ཁམས་ཚན་རྩལ་ཁྱབ་གདལ་ཁང་སྒོ་ཕྱེ་ནས་བཟུང་། ཚན་རྩལ་ཁྱབ་གདལ་ཁང་གིས"རྒྱལ་ཁབ་སྤྱི་གླིང-སྐྱེ་དངོས་ཐམས་ཅད་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་གི་ཁྱིམ་གཞིས་དང་། སྲོག་ཆགས་གཙོ་བོ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ། མཁའ་དབྱིངས་དང་ས་གནས་ལྟ་ཞིབ་ཚད་ལེན། ལག་རྩལ་གསར་པ་བེད་སྤྱོད། དམངས་ཡོངས་ཀྱིས་མཉམ་སྤྱོད་དང་རིག་གནས་ཆས་རྟགས་གཏོད་པ"བཅས་བརྗོད་དོན་ཆེན་པོ་བཞིར་དམིགས་ནས"བརྗིད་ཆགས་ཀྱི་མདོ་ལ་རི་བོ"དང"ཀྲུང་གོའི་བརླན་སའི་གླིང་ཕྲན" "ཚོན་མདངས་རྣམ་པར་བཀྲ་བའི་ཚེ་སྲོག"སོགས་འགྲེམས་སྟོན་གྱི་ཆེད་དོན་དང་ཞིབ་འཇུག་སློབ་སྦྱོང་གི་ལམ་ཐིག་ཆེན་པོ་གསུམ་སྔ་རྗེས་སུ་བཏོན་པ་དང་། ལྟ་ཕྱོགས་མི་འདྲ་བའི་སྒང་ནས་མཚོ་སྔོན་གྱི་སྐྱེ་ཁམས་གཏམ་རྒྱུད་བརྗོད་དེ་ས་གནས་དེ་གའི་མང་ཚོགས་དང་རྒྱ་ཆེའི་ཡུལ་སྐོར་པར་བར་ཐག་དེ་བས་ཉེ་བའི་སྒོ་ནས། མདོ་ལ་རི་བོར་བསྐྱོད་དེ་རྒྱལ་ཁབ་སྤྱི་གླིང་རྒྱུས་ལོན་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་རང་ཉིད་ཀྱི་མྱོང་ཚོར་དངོས་ཀྱི་ཁྲོད། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ནུས་པའི་རིན་ཐང་དང་རང་བྱུང་ཐོན་ཁུངས་ཀྱི་ཁྱད་ཆོས་སློབ་སྦྱོང་དང་འཚོལ་ཞིབ་བྱས།

ཚན་རྩལ་ཁྱབ་གདལ་ཁང་དུ་ལྟ་སྐོར་བྱེད་མཁན་ཐོག་མའི་མི་ཐེངས་ཁྲི1.2ནས་ད་ལྟའི་མི་ཐེངས་ཁྲི8ལྷག་ཙམ་ཟིན། གཞི་གྲངས་ཀྱི་རྒྱབ་ཏུ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་མི་སེམས་ཀྱི་གཏིང་ལ་ཟུག་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ལ་དམངས་ཡོངས་ཞུགས་པ་དང་སྐྱེ་ཁམས་དཔལ་ཡོན་དམངས་ཡོངས་ཀྱིས་མཉམ་སྤྱོད་བྱེད་པའི་རྣམ་པ་ཉིན་བཞིན་ཟབ་ཏུ་འགྲོ་བཞིན་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ཡུལ་སྐོར་ལ་ཕེབས་མཁན་རྒྱལ་ཡོངས་ཀྱི་ས་གནས་སོ་སོ་དང་སྲིད་གཞུང་སྡེ་ཁག ཁེ་ལས་དང་བྱ་གཞག་སྡེ་ཁག མཐོ་རིམ་སློབ་གླིང་སོགས་ལས་རིགས་སོ་སོ་དང་འབྲེལ་ཡོད། སྤྱིའི་ཆ་ནས་ཁྱབ་འགྱེད་རྒྱ་ཆེ་པས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གྱི་སྙན་གྲགས་མཐོ་རུ་གཏོང་བ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་ཆེད་ཕྱི་ཕྱོགས་དྲིལ་སྒྲོག་གི་སྐར་ཁུང་མཁོ་འདོན་བྱས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号